གསང་འཕྲིན་དར་ཐག་དཀར་པོ།
ཚིག འཇུ་སྐལ་བཟང་གིས་བརྩམས།
词:居·格桑
དབྱངས། བློ་གསལ།
曲:罗塞
ལེན་མཁན། པད་མཚོ།
བསང་དུད་སྔོན་མོའི་རྒྱུད་ནས། །
གསང་བའི་འཕྲིན་པ་སྤྲིངས་ཡོད། །
ལྷ་མིའི་ཐ་ཚིག་ཡོད་ན། །
སྡེ་འབངས་རྙིང་ཞེན་ཅན་པོར། །
སྤྱན་གྱིས་གཟིགས་པ་ཨེ་གནངས། །
ཡུལ་ལྷ་ཨ་མྱེས་རྨ་ཆེན། །
ཀི་བསྭོ་རླུང་རྟའི་རྒྱུད་ནས། །
སྐྱིད་སྡུག་གླེང་མོལ་ཐིངས་ཡོད། །
དམ་ཚིག་ཉམས་ཆག་མེད་ན། །
རིགས་རྒྱུད་བདེན་པ་ཅན་པོ། །
ཐུགས་ལ་འདོགས་པ་ཨེ་གནངས། །
ཟོ་དོར་རྨ་ཆེན་གངས་རི། །
ལྷག་བསམ་གཙང་མའི་རྒྱུད་ནས། །
རྣམ་དག་སྨོན་ལམ་ཐེབས་ཡོད། །
ཐུགས་རྗེ་གཡེལ་བ་མེད་ན། །
དབུ་ནག་དར་རྒུད་ཅན་པོར། །
ཕན་བདེའི་དངོས་གྲུབ་ཨེ་སྩོལ། །
ས་བཅུའི་རྨ་རྒྱལ་སྤོམ་ར། །