མགོན་མཆོག་རྣམ་གསུམ།
ཕན་བདེ་བསྟན་པའི་ཉི་མ་བོད་ལ་འདྲེན།།
ཆོས་ཀྱིས་གཟི་བྱིན་ཀུན་ཏུ་ཁྱབ་པར་མཛད།།
གངས་ལྗོངས་བདེ་ལ་འགོད་པའི་སྐྱེས་བུ་མཆོག།
སློབ་དཔོན་པད་མ་འབྱུང་གནས་བོད་ཀྱི་མགོན།།
མཁའ་ནས་འཚེར་བའི་གྲངས་མེད་སྐར་ཚོགས་བཞིན།།
སྲིད་འདིར་འཇིག་རྟེན་སྒྲོན་མེ་མང་ན་ཡང་།
ཚེ་རབས་ཕྲེང་བ་ཐུགས་བརྩེ་སྐྱོང་བའི་མགོན།།
དྲིན་ཆེན་དཔལ་ལྡན་སྤྲུལ་སྐུ་གཙུག་གི་རྒྱན།།
དཀའ་སྡུག་མུན་པ་གང་བའི་འཇིག་རྟེན་ན།།
ཡིད་སེམས་གདུང་བའི་མིག་ཆུ་བཞུར་བའི་ཚེ།།
བརྩེ་བའི་འོད་ཟེར་སྦྱིན་པའི་དྲིན་ཆེན་རྗེ།།
མགོན་མཆོག་བྲག་དཀར་སྤྲུལ་སྐུ་སྙིང་གི་རྟེན།།