སྐུ་ན་བརྒྱད་ཅུའི་འཁྲུངས་བསྟོད།
ཚིག དྲན་གསལ།
དབྱངས། ཡེ་ཤེས་སེང་གེ
རོལ་མོ། ཡེ་ཤེས་སེང་གེ
སྒྲ་ལེན། སྒྲ་བསྲེས། ཡེ་ཤེས་སེང་གེ
ལེན་མཁན། ཟླ་བམཚོ། ཡེ་ཤེས་སེང་གེ
༡
རིགས་རུས་ལྷ་ཡིན་འོད་གསལ་ལྷ་ཡི་སྲས།།
གདུང་རྒྱུད་འཁོན་ཡིན་དྲི་མེད་འཁོན་གྱི་བུ།།
མཚན་མཆོག་གསུམ་ལྡན་རྗེ་བཙུན་ས་སྐྱ་པ།།
སྐུ་ན་བརྒྱད་བཅུའི་སྟོན་མོ་དགའ་བས་བསུ།།
༢
ལྟ་བ་མཚོ་བཞིན་ཟབ་ཅིང་གཏིང་མཐའ་མེད།།
སྤྱོད་པ་ཕྲ་ཞིབ་ལས་འབྲས་གཙུག་ཏུ་བཀུར།།
ལྟ་སྤྱོད་ཟུང་འཇུག་འཇམ་དབྱངས་ས་སྐྱ་པ།།
སྐུ་ན་བརྒྱད་བཅུའི་སྟོན་མོ་དགའ་བས་བསུ།།
༣
མ་སྲིང་མཁའ་འགྲོ་འབུམ་གྱི་ཚོགས་དབུས་ན།།
ཟག་མེད་བདེ་སྟོང་དཔལ་ལ་དགྱེས་རོལ་བའི།།
གོས་དཀར་སྔགས་པའི་ཁྱུ་མཆོག་ས་སྐྱ་པ།།
སྐུ་ན་བརྒྱད་བཅུའི་སྟོན་མོ་དགའ་བས་བསུ།།
༤
རྨད་བྱུང་ཐུགས་བསྐྱེད་སྐྱ་རེངས་དཀར་པོ་ཡིས།།
འཕྲིན་ལས་ཉི་འོད་གླིང་བཞིའི་ས་ཁྱབ་པ།།
རྡོར་འཛིན་བྱེ་བའི་གཙུག་རྒྱན་ས་སྐྱ་པ།།
སྐུ་ན་བརྒྱད་ཅུའི་སྟོན་མོ་དགའ་བས་བསུ།།