འཛུམ་དཀར་འོ་མའི་མེ་ཏོག
花开茶香飘
ཚིག་རྩོམ་པ་པོ། རྡོ་གྲགས།
དབྱངས་རྩོམ་པ་པོ། རྫོགས་ཆེན་བསྟན་འཛིན།
གཞས་མ། ཚེ་དབང་ལྷ་མོ།
词:多智合
曲:佐庆丹真
原唱:泽旺拉姆
འཛུམ་ཆུང་འོ་མའི་མེ་ཏོག
ཞལ་ལ་བཞད་པའི་མཛེས་སྡུག་དང་པོ་ཡིན་ན།
ཞིམ་མངར་འོ་ཇ་དཀར་པོ།
ཞོགས་ལ་མཆོད་པའི་སྨོན་འདུན་དང་པོ་ཡིན་ཆོག
ཉི་མ་གསར་བ་རེ་ལ།
ཁྱེད་ཀྱི་གདོང་ན་འཛུམ་ཆུང་དྲོན་མོ་རེ་རེ།
ཞོགས་པ་གསར་བ་རེ་ལ།
ང་ཡི་ལག་ན་འོ་ཇ་དཀར་ཡོལ་གང་རེ།
འདི་ནི་ཉིན་དང་ཞག་ལ་བསྙལ་བའི་སྨོན་འདུན་དང་པོ་ཡིན།
འདི་ནི་ལོ་དང་ཟླ་ལ་བརྒྱུས་པའི་རེ་བ་དང་པོ་ཡིན།
བསྭོ་འོ། ནངས་རེ་ཞོགས་རེའི་སྨོན་ལམ་འདི་ལ་འཁོར་ན།
ཉིན་རེ་ཞག་རེའི་བསམ་དོན་འདི་ལས་འགྲུབ་ཡོང་།
འཛུམ་མདངས་འོ་མའི་མེ་ཏོག
ང་ལ་གནང་བའི་སྨོན་འདུན་འགོ་མ་ཡིན་ན།
ཞིམ་མངར་འོ་ཇ་དཀར་པོ།
ཁྱེད་ལ་མཆོད་པའི་རྟེན་འབྲེལ་ཐོག་མ་ཡིན་ཆོག
འཛུམ་མདངས་དྲོན་མོས་བསྐོལ་བའི།
ཞིམ་མངར་འོ་ཇ་དཀར་པོ་ཁ་ལ་ཞིམ་སོང་།
འོ་ཇའི་མདངས་ལས་འཁྲུངས་པའི།
འཛུམ་མདངས་འོ་མའི་མེ་ཏོག་མིག་ལ་མཛེས་སོང་།
འདི་ནི་ཉིན་དང་ཞག་ལ་བསྙལ་བའི་སྨོན་འདུན་དང་པོ་ཡིན།
འདི་ནི་ལོ་དང་ཟླ་ལ་བརྒྱུས་པའི་རེ་བ་དང་པོ་ཡིན།
བསྭོ་འོ། ཟླ་རེ་ལོ་རེའི་ཁ་ལས་འདི་ལ་བཅོལ་ན།
ལོ་དང་ཟླ་བའི་སྨོན་ལམ་འདི་ལས་འགྲུབ་ཡོང་།