སྙིང་གི་བྱམས་པ།
ཚིག་རྩོམ་མཁན། གཡེ་རུས་རྐང་།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
གཞས་གཏོང་མཁན། མེ་ཏོག་ལྷ་མོ།
༡
བློ་ཁྲེལ་གཞུང་ཡོད་ལ་དམ་ཚིག་སྲུང་བ།།
ངའི་སྙིང་གི་བྱམས་པ་རེད།
ཞེ་བློ་ཁོག་ཡངས་ལ་བློ་སྣ་རིང་བ།།
ངའི་སྙིང་གི་བྱམས་པ་རེད།
ཚིག་ཁ་འཇམ་གཤིས་བཟང་འགྲོག་ལ་བདེ་མོ།།
ངའི་སྙིང་གི་བྱམས་པ་རེད།
ཞལ་འཛུམ་ཡག་འཛུམ་ལ་འོད་དཀར་འཚེར་བ།།
ངའི་སྙིང་གི་བྱམས་པ་རེད།
༢
མིག་དཀྱུས་རིང་སྨིན་མའི་དཔེ་བྱད་བཟང་པོ།།
ངའི་སྙིང་གི་བྱམས་པ་རེད།
ཚིག་སྨྲ་དག་ངག་ལ་བདུད་རྩི་འཁྱིལ་བ།།
ངའི་སྙིང་གི་བྱམས་པ་རེད།
སོ་སོར་ཕྲེང་བརྒྱུས་ཡག་ཚེམས་ཐགས་བཟང་བ།།
ངའི་སྙིང་གི་བྱམས་པ་རེད།
ཐུགས་བྱམས་ཡོད་ངག་གི་སྨྲ་བ་འཇམ་པ།།
ངའི་སྙིང་གི་བྱམས་པ་རེད།
༣
ཞལ་འཛུམ་ཡག་འཛུམ་ལ་མེ་ཏོག་བབས་འདྲ།།
ངའི་སྙིང་གི་བྱམས་པ་རེད།
ལུས་ལང་ཚོ་རྨ་བྱའི་སྒྲོ་ཐིག་སྟར་འདྲ།།
ངའི་སྙིང་གི་བྱམས་པ་རེད།
གསུང་འཇམ་པོ་ཚིག་གི་མེ་ཏོག་བཞད་འདྲ།།
ངའི་སྙིང་གི་བྱམས་པ་རེད།
ན་ལོ་ཚོད་མུ་ཏིག་ཐང་ལ་བཏིང་འདྲ།།
ངའི་སྙིང་གི་བྱམས་པ་རེད།