སྐུ་ཡི་བརྒྱ་སྟོན།
ཚིག ཁྲི་རིག་པའི་མདའ།
དབྱངས་ རིག་འཛིན་ཐར།
ལེན་མཁན ས་ ཚེ་རིང་བསྟན་རྒྱལ།
སྐུ་གཟི་བརྗིད་གསེར་གྱི་ལྷུན་པོ་ཅན།།
གསུང་ཚངས་དབྱངས་ལྡན་པས་བྱིན་རླབས་ཆེ།།
ཐུགས་མཁྱེན་རྒྱ་ནམ་མཁའི་ཁེབས་གཅོད་ལ།།
འདང་བྱམས་བརྩེའི་རི་མོ་གཡས་སུ་འཁོར།།
རྒྱལ་ལུང་རྟོགས་དུང་གི་རྣ་ཆ་ཅན།།
གནས་གླིང་བཞིའི་ཁྱོན་དུ་སྤེལ་བ་ཡི།།
མགོན་བླ་མ་སྨྲ་བའི་སེང་ཆེན་ལགས།།
འཛུམ་ཀྱི་ལེར་བཞུགས་པ་མི་ཡི་བསོད།།
བོན་བཤད་སྒྲུབ་བསྟན་པ་པད་མའི་ཚལ།།
གནས་གང་སར་དར་ཞིང་རྒྱས་པ་འདི།།
སྐྱབས་དཔོན་གསས་ཡོངས་འཛིན་བླ་མ་ཡི།།
ཚེ་ལོངས་སྤྱོད་ཕུལ་བའི་སྐུ་དྲིན་ལགས།།
ས་རྒྱུས་མེད་མི་ཡི་ལུང་པ་རུ།།
མགོན་ཕ་མ་མེད་པའི་བུ་ཕྲུག་ཚོར།།
བྱམས་བརྩེ་བས་སྐྱོང་བའི་ཡབ་ཀྱི་རྗེ།།
ངའི་བླ་མ་ཉི་མ་རང་ཤར་འདྲ།།
རྗེ་བླ་མའི་སྙིང་རྗེའི་པད་དཀར་འབུམ།།
ལོ་ཟླ་བ་སོང་བཞིན་ཇེ་མཛེས་རེད།།
རིགས་ཞེན་པས་འཁྱུད་པའི་ཟླ་བ་དེ།།
རྒྱང་འཚོ་བྱེད་རི་ནས་ཇེ་གསལ་རེད།།
དུས་དེ་རིང་སྐུ་ཡི་དགུང་གྲངས་གང་།།
བརྒྱ་ཐམ་པར་ཕེབས་པའི་སྐལ་བཟང་ལ།།
དབྱངས་མགྲིན་ལ་དྲངས་པའི་མཆོད་པ་འདི།།
རྗེ་བླ་མ་དགྱེས་པའི་མཆོད་གླུ་ཡིན།།