བརྩེ་བའི་ཁ་ཆད།
爱的约定
ཚིག ཁམས་སྨྱུག་དུང་།
དབྱངས། རྫོགས་ཆེན་བསྟན་འཛིན།
ལེན་མཁན། སྐལ་བཟང་ཆོས་མཚོ།
作词:康宁东
作曲: 佐庆丹真
演 唱: 尕松求措
ཁྲོམ་ཆེན་རྩེད་རའི་ནང་ན། །
茫茫人海之中
རྩེ་རོགས་ན་ཟླ་མང་རེད། །
齐聚诸多好友
རང་སེམས་ཤོར་བའི་མི་དེ། །
情投意合之人
གངས་དཀར་སེམས་ལ་ཉར་ཡོད། །
深深留在心底
ལས་བསྐོས་ཐོད་པའི་ཁ་ཡིག །
命中注定缘分
ལག་པས་བསུབ་ཐབས་མེད་ན། །
谁也不可抹去
བྱམས་པ་མཐོང་བ་འཛུམ་ཡག །
笑容满面初恋
གཏན་གྱི་འདུན་མ་བསུ་ཆོག །
原成永恒爱人
མྱི་ཁའི་རླུང་འཚུབ་ནང་ན། །
流言蜚语弥漫
སྐད་ཆའི་ཐལ་རྡུལ་མང་རེད། །
众说纷纷芸芸
བྱམས་པའི་ཟླ་ཞལ་གོར་གོར། །
恋人皎洁脸蛋
ཁྲ་ཆུང་མིག་གིས་འཚོས་ཡོད། །
时刻显现眼前
བྱང་གི་སྐར་མ་ཨ་བརྟན། །
星闪烁的北斗星
ལན་ཅིག་འཆར་རོགས་གནང་དང་། །
请你指引光明
བྱམས་པ་ངེད་གཉིས་ཁ་ཆད། །
我与爱人之约
བར་སྐོར་ལམ་ལ་བཏབས་ཡོད། །
相遇在八廓街