མ་བུའི་བརྩེ་སེམས།
ཚིག་་་་་་་བཀྲིས་ལྷ་མོ།
དབྱངས་་་་་་་ཁྱུང་ཕྲུག་མཚོ།
ལེན་མཁན་་་་་་་་་བཀྲིས་ལྷ་མོ།
རྒྱུ་འབྲས་མེད་པའི་མི་ལ། །
རེ་བ་བཅོལ་བ་ནོར་སོང་། །
རང་གི་ལག་གཉིས་རྟེན་ནས། །
དཀའ་སྡུག་གྲངས་མེད་མྱངས་ཡོད།།
ཁྱོད་ཀྱིས་ཆེད་དུ་མྱངས་ཡོད། །
བུ་མོ་བསོད་ནམས་དཔལ་མཚོ། །
ཨ་མའི་ནོར་བུ་ཁྱེད་ཡིན། །
བུ་མོ་རྒྱབ་ལ་ཁུར་ནས། །
དཀའ་སྡུག་ལམ་བུ་རྒྱུས་ཡོད། །
འཇིག་རྟེན་མི་ཁའི་ཁྲོད་ནས། །
ཉམ་ཆུང་རང་ཚུགས་ཟིན་ཡོད། །
མ་འོངས་རེ་བའི་སྡོང་པོ། །
བུ་མོ་བསོད་ནམས་དཔལ་མཚོ། །
ཨ་མའི་ནོར་བུ་ཁྱེད་ཡིན། །
འཇིག་རྟེན་མི་ཡི་འཚོ་བ། །
སྐྱིད་སྡུག་སྙོམ་པ་མིན་འདུག །
དཀའ་ངལ་ཆེ་བའི་དུས་ལ། །
རོགས་རམ་བྱེད་མཁན་མ་བྱུང་། །
ཨ་མའི་བློ་གཏད་བཅོལ་ས། །
བུ་མོ་བསོད་ནམས་དཔལ་མཚོ། །
ཨ་མའི་ནོར་བུ་ཁྱེད་ཡིན། །