གངས་ལྗོངས། གཞས་པ། བསམ་གཏན་རྒྱ་མཚོ། ཁམས་སྐྱིད་མཚོ།

文化   2025-01-26 16:00   西藏  

གངས་ལྗོངས།

གཞས་ཚིག  འཇུ་ཐུབ་བསྟན་བཀྲ་ཤིས།

གཞས་དབྱངས། བསམ་གཏན་རྒྱ་མཚོ།

གཞས་པ། བསམ་གཏན་རྒྱ་མཚོ།  ཁམས་སྐྱིད་མཚོ།


མཐོ་སྒང་འདིའི་རི་མཐོ་ས་གཙང་གི་ཞིང་ན།

ཉི་ཟེར་ས་ལ་བབ་པའི་འབྲོག་སྡེ་སྨུག་པོ་ཞིག

ཕ་མེས་དང་ཡབ་མེས་ཚོའི་མགོ་རུས་འཇོག་ས།

འདི་ཁྱོད་དང་ང་ལ་བཞག་པའི་རང་ཁྱིམ་དྲོན་མོ་ཡིན།

གངས་ལྗོངས་ལགས་ང་ཡི་ལྟེ་ཁྲག་འཐོར་ས། གངས་ལྗོངས་ལགས། ང་ཡི་ཕ་ཡུལ།


འཛམ་གླིང་འདིའི་རི་མཐོ་ས་གཙང་གི་ཞིང་ན། 

སྨུག་པ་རི་ལ་འཁྱིལ་བའི་འབྲོག་སྡེ་སྣུམ་པོ་ཞིག

ཨ་ཕ་དང་ཨ་མ་ཡི་ཚེ་སྲོག་རྙེད་ས།

འདི་ཁྱོད་དང་ང་ཡི་ལས་ཀྱིས་བསགས་པའི་བསོད་ནམས་ཡིན། 

གངས་ལྗོངས་ལགས་ང་ཡི་ལྟེ་ཐག་གཅོད་ས།  གངས་ལྗོངས་ལགས། ང་ཡི་ཕ་ཡུལ།


འཇིག་རྟེན་འདིའི་རི་མཐོ་ས་གཙང་གི་ཞིང་ན།

མ་ཎིའི་དར་ལྕོག་རླུང་གིས་རྡེབ་པའི་སྦྲ་ནག་ཅིག

ཕུ་བོ་དང་ནུ་མོ་ཡི་སེམས་པ་འཁྲི་ས།

འདི་ཁྱོད་དང་ང་ལ་དབང་བའི་ཕ་ཁྱིམ་དྲོད་མོ་ཡིན།

གངས་ལྗོངས་ལགས་ང་ཡི་ཕ་ཁྱིམ་དྲོད་མོ། གངས་ལྗོངས་ལགས།  ང་ཡི་ཕ་ཡུལ།


拉萨布姆音像店
སྐུ་ཉིད་ལྷ་སའི་བུ་མོའི་སྒྲ་བརྙན་ཁང་དུ་ཕེབས་པར་དགའ་བསུ་ཞུ། 欢迎关注拉萨布姆音像店平台!
 最新文章