གངས་ཕྲུག་གི་ཁྱད་ཆོས།།
ཚིག་ཟླ་བཟང་། ། དབྱངས་ཟླ་བཟང་། །ལེན་མཁན་ཟླ་བཟང་།།
གངས་རི་ལགས། གངས་རི་ལགས། །
གངས་དཀར་པོའི་དབུ་རྩེ་ཇེ་མཐོ་རེད། །
ང་གངས་ཕྲུག་རླུང་རྟ་ཇེ་མཐོ་རེད། །
གངས་དཀར་པོའི་འོད་མདངས་ཇེ་དཀར་རེད། །
ང་གངས་ཕྲུག་སེམས་པ་ཇེ་དཀར་རེད། །
སོའོ་་་་་ཀི་ཀི་བསོ་བསོ་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ། །
ས་གར་སོང་རླུང་རྟ་ཇེ་མཐོ་རེད། །
ཡུལ་གར་བསྡད་སེམས་པ་དཀར་པོ་ཡིན། །
འདེི་ཡིན་པ་ང་ཚོ་གངས་ཕྲུག་གི་ཁྱད་ཆོས་ཡིན། །
རྩྭ་ཐང་ལགས། ། རྩྭ་ཐང་ལགས། །
རྩྭ་ཐང་གི་མེ་ཏོག་ཇེ་མང་རེད། །
ང་འབྲོག་ཕྲུག་ནོར་ལུག་ཇེ་མང་རེད། །
རྩྭ་ཐང་གི་ཡུལ་ལྗོངས་ཇེ་སྐྱིད་རེད། །
ང་འབྲོག་ཕྲུག་སྣང་བ་ཇེ་སྐྱིད་རེད །།
སོའོ་་་་་ཀི་ཀི་བསོ་བསོ་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ།
ས་གར་སོང་བྱ་བ་རང་འགྲུབ་རེད། །
ཡུལ་གར་བསྡད་སྣང་བ་སྐྱིད་པོ་རེད། །
འདི་ཡིན་པ་ང་ཚོ་འབྲོག་ཕྲུག་གི་ཁྱད་ཆོས་ཡིན། །
མེས་པོ་ལགས་།། མེས་པོ་ལགས།།
གོང་མེས་པོ་བྱམས་སེམས་ཆེ་སོང་དེས།།
ང་བུ་ཆུང་བྱམས་སེམས་ཇེ་ཡག་ཡིན་།།
གོང་མེས་པོའི་མཛད་འཕྲིན་རྒྱས་སོང་དེས།།
ཆོས་སྐད་ཡིག་བོད་ཀྱི་རྒྱན་ཆ་ཡིན།།
སོའོ་་་་་ཀི་ཀི་བསོ་བསོ་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ། །
ས་གར་སོང་བྱམས་སེམས་བདག་པོ་ཡིན།།
ཡུལ་གར་བསྡད་ཕ་སྐད་རང་འགྲུབ་ཡིན།།
འདི་ཡིན་པ་ང་ཚོ་བོད་ཀྱི་ཁྱད་ཆོས་ཡིན།།