▷ཕ་ཡུལ་དྲན་སོང་། གཞས་མ། བསྟན་འཛིན་བདེ་གསལ།

文化   2024-12-26 20:02   西藏  

                                       

                                         ཕ་ཡུལ་དྲན་སོང་།                                                                                                       

ཚིག དུང་དཀར་ནམ་མཁའ།

དབྱངས   བསྟན་པ་འཕེལ་རྒྱས།

གཞས་མ   བསྟན་འཛིན་བདེ་གསལ།

ང་རང་སྐྱེས་ས་མཚར་ས།

མི་ཡུལ་ལུང་པ་ཡིན་པས།

དུས་རྒྱུན་འཚོ་བའི་ཁྲོད་ན།

འཛམ་གླིང་ས་ཡི་ཡང་རྩེ།

ཕ་ཡུལ་གངས་ལྗོངས་ཕྱུག་མོ།

ནམ་ཡང་ཡིད་ལ་དྲན་སོང་།

ཨེ་མ།   ཕ་ཡུལ་གངས་ལྗོངས།  ཆོས་ལྡན་ལྷའི་ཞིང་ཁམས།

ཆོལ་གསུམ་བོད་རིགས་སྤུན་ཟླ། ནམ་ཡང་སེམས་ལ་འཁོར་ཡོད།


འཚར་ས་མི་ཡུལ་ཡིན་ཡང་།

རང་གི་ཤ་ཁྲག་རུས་གསུམ།

བོད་རིགས་ཡིན་པ་བརྗེད་མེད།

གཞིས་ཁྱིམ་རྒྱང་ལ་ཡོད་པས།

རྒྱུས་མེད་ས་མཐའི་ཡུལ་ནས།

མ་ཡུམ་གངས་ལྗོངས་དྲན་སོང་།

ཨེ་མ།  ཕ་ཡུལ་གངས་ལྗོངས།  ཞི་བདེ་ཡི་ཞིང་ཁམས།

བཅུ་ཕྲག་རིག་གཞུང་དར་ས།   གངས་ལྗོངས་ཕྱུག་མོ་དྲན་སོང་། 


拉萨布姆音像店
སྐུ་ཉིད་ལྷ་སའི་བུ་མོའི་སྒྲ་བརྙན་ཁང་དུ་ཕེབས་པར་དགའ་བསུ་ཞུ། 欢迎关注拉萨布姆音像店平台!
 最新文章