བརྩེ་བའི་བཟི་ཁ།
ཚིག གངས་མགོན་རྒྱལ།
作词:岗贡加
དབྱངས། གངས་མགོན་རྒྱལ།
作曲:岗贡加
ལེན་མཁན། གངས་མགོན་རྒྱལ།
དགའ་སོང་དགའ་སོང་ཁྱོད་ལ་དགའ་སོང་དགའ་དགའ་ངོ་མ་ཁྱོད་ལ་དགའ་སོང་།
དགའ་བའི་སྙིང་གཏམ་ཁྱོད་ལ་གླེང་མྱོངས་ངོ་མ་དགའ་ནི་རེད།
དུངས་སོང་དུངས་སོང་ཁྱོད་ལ་དུངས་སོང་དུངས་དུངས་ངོ་མ་ཁྱོད་ལ་དུངས་སོང་།
དུངས་བའི་སེམས་ཚོར་ཁྱོད་ལ་བཤད་མྱོང་ངོ་མ་དུངས་ནི་རེད།
ཡ་ཆུང་གངས་དཀར་སེམས་ན་ཡོད།།
དམར་ཆུང་སྙིང་གི་དཀྱིལ་ན་ཡོད།།
ཤ་དང་མཆིན་པའི་གསེང་ན་ཡོད།།
ཁྱོ་ར་འུ་གཉིས་བརྩེ་བ་ཡོད།།
འ་ལ་ལ་ཆུང་ཆུང་ལུ་གུ་འཚོ་རོགས་ཡིན་ཡང་ཆུང་མེ་ཏོག་འཐུ་རོགས་ཡིན།
འ་ལ་ལ་ཁ་དང་འགྲམ་པའི་གཤིབ་རོགས་ཡིན་ལུས་དང་གྲིབ་མའི་འགྲོ་རོགས་ཡིན།
༢
དྲན་གི་དྲན་གི་ཁྱོད་རང་དྲན་གི་དྲན་དྲན་ངོ་མ་ཁྱོ་རང་དྲན་གི
དྲན་པ་དམར་པོ་སྙིང་ནས་དྲན་གི་ངོ་མ་དྲན་ནི་རེད།
སྐྱོ་གི་སྐྱོ་གི་ང་རང་སྐྱོ་གི་སྐྱོ་སྐྱོ་ངོ་མ་སེམས་ནས་སྐྱོ་གི
སྐྱོ་བའི་ཀློང་ནས་མིག་ཆུ་འཆོར་གི་ངོ་མ་སྐྱོ་ནི་རེད།
དཔྱིད་ཀྱི་དུས་གི་སྐྱོ་བ་རེད།།
དབྱར་གྱི་འཚོ་བའི་དྲན་པ་རེད།།
སྟོན་གྱི་འཁོར་བའི་སྨྲེང་བ་རེད།།
དགུན་གྱི་སེམས་པའི་ན་ཟུག་རེད།།