ལྷད་མེད་སེམས་ཀྱི་སྨོན་འདུན།

文化   2025-02-01 18:02   西藏  

ལྷད་མེད་སེམས་ཀྱི་སྨོན་འདུན།

གཞས་ཚིག འཇུ་ཐུབ་བསྟན་བཀྲ་ཤིས། 

གཞས་དབྱངས། ཨ་མཆོག་རྟ་བྷེ། 

གཞས་མ། ཕུར་བུ་སྒྲོལ་མ། 


དཀར་ཡོལ་འབྲུག་མའི་ནང་ལ།

འོ་ཇ་དཀར་པོ་བླུགས་ཡོད།

དྲིན་ཆེན་ཕ་མ་གཉིས་ཀྱིས།

ཇ་ཡི་ཇ་ཕུད་བཞེས་རོགས།


ཇ་དེ་བསྐོལ་བའི་འགོ་མ། 

ཕ་ཁུ་མ་སྲུར་མཆོད་ཡོད།

ཕ་ཁུ་རི་རྒྱལ་ལྷུན་པོ།

སྐུ་ཚེ་བརྟན་པའི་སྨོན་ལམ། 


དཀར་ཡོལ་འབྲུག་མའི་ཁ་ལ།

ཁ་བཏགས་དཀར་པོ་འཕངས་ནས།

སྙན་མོ་གཞས་ཀྱི་ཐོག་མ།

ཁ་བ་ཅན་ལ་ཕུལ་ཡོད།

སྒྲ་སྙན་བཀྲ་ཤིས་རྒྱལ་བོ།

གཞས་ཀྱི་མཆོད་པར་ཕེབས་དང་།

ཁ་བ་ཅན་གྱི་སྒྲ་སྙན།

ཁ་བའི་རྒྱན་དུ་གྱུར་ཡོད།



དཀར་ཡོལ་འབྲུག་མའི་ནང་ལ།

ལོ་ཆང་ཁམ་པ་བླུགས་ཡོད།

ཕུ་ནུ་སྤུན་ཟླ་ཡོངས་ཀྱིས།

ཆང་འདིའི་ཆང་ཕུད་བཞེས་རོགས།


ཆང་འདི་མཆོད་པའི་ཐོག་མ།

ཕུ་ནུ་སྤུན་ཟླར་མཆོད་ཡོད། 

ཕུ་ནུའི་རུས་པ་གསེར་ཡིན།

གསེར་ལ་འགྱུར་བ་མེད་དགོས།


དཀར་ཡོལ་འབྲུག་མའི་ཁ་ལ།

ཁ་བཏགས་དཀར་པོ་འཕངས་ནས།

སྙན་མོ་གཞས་ཀྱི་ཐོག་མ།

ཁ་བ་ཅན་ལ་ཕུལ་ཡོད།

སྒྲ་སྙན་བཀྲ་ཤིས་རྒྱལ་པོ། 

གཞས་ཀྱི་མཆོད་པར་ཕེབས་དང་།

ཁ་བ་ཅན་གྱི་སྒྲ་སྙན།

ཁ་བའི་རྒྱན་དུ་གྱུར་ཡོད།


拉萨布姆音像店
སྐུ་ཉིད་ལྷ་སའི་བུ་མོའི་སྒྲ་བརྙན་ཁང་དུ་ཕེབས་པར་དགའ་བསུ་ཞུ། 欢迎关注拉萨布姆音像店平台!
 最新文章