ཧྥ་རན་སེའི་གྲོས་ཚོགས་ཀྱིས་སྲིད་གཞུང་མགོ་རྟིང་སློག་པའི་གནས་ཚུལ་གསར་ཤོས།
ཟླ་12ཚེས་4ཉིན་ཧྥ་རན་སིའི་ཕ་རི་སིར་ཧྥ་རན་སེའི་ཙུང་ལི་པ་ཉི་ཡེས༼རྗེས་མ༽རྒྱལ་དམངས་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་ཡིད་ཆེས་མེད་པའི་འཕྲལ་འདོན་གྲོས་གཞིར་འདེམས་ཤོག་འཕངས་ནས་བརྡས་ཐག་མ་བཅད་གོང་གི་རྩོད་གླེང་ཐོག་གཏམ་བཤད་སྤེལ་རྗེས་ཁ་བྲལ་བ་རེད། ༼ཤིན་ཧྭ་གསར་འགྱུར། པར་ལེན་མཁན། མོ་ལི་སར།༽
ཚེས་4ཉིན་གྱི་དགོང་མོ་ལ་ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་ཡིད་ཆེས་མེད་པའི་སྐོར་གྱི་འཕྲལ་འདོན་གྲོས་གཞི་ཞིག་ལ་འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད་ལ། ཧྥ་རན་སེའི་རྩ་ཁྲིམས་གཞིགས་ན། ཧྥ་རན་སེའི་ཙུང་ལི་པ་ཉི་ཡེ་ཡིས་སྲིད་གཞུང་གི་ཚབ་བྱས་ཏེ་ཙུང་ཐུང་ལ་ལས་གནས་ལས་འབུད་རྒྱུའི་སྙན་ཞུ་འབུལ་དགོས་པ་དང་། འདི་ནི་1962ལོ་ནས་བཟུང་རྒྱལ་དམངས་གྲོས་ཚོགས་ཀྱིས་ཧྥན་རན་སིའི་སྲིད་གཞུང་གི་སྲིད་དབང་མགོ་འཇུག་སློག་ཐེངས་དང་པོ་ཡིན་པ་རེད།
ཟླ་12ཚེས་4ཉིན་ཧྥ་རན་སིའི་ཕ་རི་སིར་ཧྥ་རན་སེའི་ཙུང་ལི་པ་ཉི་ཡེས༼རྗེས་མ༽རྒྱལ་དམངས་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་ཡིད་ཆེས་མེད་པའི་འཕྲལ་འདོན་གྲོས་གཞིར་འདེམས་ཤོག་འཕངས་ནས་བརྡས་ཐག་མ་བཅད་གོང་གི་རྩོད་གླེང་ཐོག་གཏམ་བཤད་སྤེལ་རྗེས་ཁ་བྲལ་བ་རེད། ༼ཤིན་ཧྭ་གསར་འགྱུར། པར་ལེན་མཁན། མོ་ལི་སར།༽
ཉིན་དེའི་ཕྱི་དྲོར། རྒྱལ་དམངས་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་ཡིད་མི་ཆེས་པའི་འཕྲལ་འདོན་གྲོས་གཞི་གཉིས་ལ་གྲོས་ཞིབ་བྱས་པ་རེད། གཡོན་ཕྱོགས་དཔུང་ཚོགས་ཀྱི་གྲོས་མི་185ཡིས་འདོན་སྤྲོད་བྱས་པའི་ཡིད་མི་ཆེས་པའི་སྐོར་གྱི་འཕྲལ་འདོན་གྲོས་གཞི་ལ་བརྡས་ཐག་གཅོད་པའི་ཁྲོད་འདེམས་ཤོག་331གིས་རྒྱབ་སྐྱོར་ཐོབ་པས་ཡིད་མི་ཆེས་པའི་སྐོར་གྱི་འཕྲལ་འདོན་གྲོས་གཞིར་འོས་པའི་འདེམས་ཤོག་288ལས་བརྒལ་བ་རེད། ཡིད་ཆེས་མེད་པའི་འཕྲལ་འདོན་གྲོས་གཞི་གཞན་ཞིག་ནི་གཡས་ཕྱོགས་དཔུང་ཚོགས་ཀྱི་གྲོས་མི་140ཡིས་ཕུལ་བ་ཞིག་ཡིན་པས་ཡང་བསྐྱར་འདེམས་ཤོག་འཕངས་ནས་བརྡས་ཐག་གཅོད་རྒྱུ་མིན་པ་རེད།
ཟླ་12ཚེས་4ཉིན་ཧྥ་རན་སེའི་ཕ་རི་སིར་ཧྥ་རན་སེའི་ཙུང་ལི་པ་ཉི་ཡེ་ཡིས་རྒྱལ་དམངས་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་ཡིད་ཆེས་མེད་པའི་འཕྲལ་འདོན་གྲོས་གཞིར་འདེམས་ཤོག་འཕངས་ནས་བརྡས་ཐག་མ་བཅད་གོང་གི་རྩོད་གླེང་བྱུང་ཡོད། ༼ཤིན་ཧྭ་གསར་འགྱུར། པར་ལེན་མཁན། མོ་ལི་སར།༽
ཟླ་འདིའི་ཚེས་2ཉིན། པ་ཉི་ཡེ་ཡིས་ཧྥ་རན་སེའི་རྩ་ཁྲིམས་ཀྱི་འབྲེལ་ཡོད་ལམ་སྲོལ་སྤྱད་དེ་རྒྱལ་དམངས་གྲོས་ཚོགས་ཀྱིས་འདེམས་ཤོག་མ་འཕངས་པར་ཕྱི་ལོའི་སྤྱི་ཚོགས་འགན་སྲུང་གི་སྔོན་རྩིས་གྲོས་གཞིར་བཙན་ཤེད་ཀྱིས་གྲོས་འཆམ་བྱས་རྗེས། རྒྱལ་དམངས་གྲོས་ཚོགས་ཁྲོད་ཀྱི་གཡོན་ཕྱོགས་དང་གཡས་ཕྱོགས་གྲོས་མི་ཡིས་དེའི་རྗེས་ནག་ཉེས་ཐེར་འདོན་བྱས་པ་རེད།
12ཚེས་4ཉིན་ཧྥ་རན་སེའི་ཕ་རི་སི་ནས་ཧྥ་རན་སེའི་ཙུང་ལི་པ་ཉི་ཡེ་རྒྱལ་དམངས་གྲོས་ཚོགས་སུ་ཞུགས་ཏེ་སྲིད་གཞུང་ལ་ཡིད་ཆེས་མེད་པའི་འཕྲལ་འདོན་གྲོས་གཞི་ལ་འདེམས་ཤོག་འཕངས་ནས་བརྡས་ཐག་མ་བཅད་གོང་རྩོད་གླེང་གཏམ་བཤད་སྤེལ་བ་རེད། ༼ཤིན་ཧྭ་གསར་འགྱུར།པར་ལེན་མཁན། མོ་ལི་སར།༽
ཟླ་9ཚེས་5ཉིན་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཙུང་ལི་པ་ཉི་ཡེ་ལས་གནས་བསྐོ་གཞག་བྱས་པ་དང་ལས་འགན་འཁུར་ནས་ཟླ་བ་གསུམ་ལས་སོང་མེད། རྒྱུན་སྲོལ་ལྟར་ན། པ་ཉི་ཡེ་རྒྱལ་སྲིད་ལས་ཁུངས་ཀྱིས་ལས་གནས་དགོངས་ཞུ་བྱས་རྗེས་ཙུང་ལི་གསར་པ་བསྐོ་གཞག་མ་བྱས་གོང་མུ་མཐུད་རྒྱུན་ལྡན་གྱི་སྲིད་དོན་དང་བབ་བསྟུན་དོ་དམ་གྱི་འགན་འཁུར་ལས་ཀ་སྒྲུབ་དགོས་པ་རེད།
ཟླ་12ཚེས་4ཉིན་ཧྥ་རན་སེའི་ཕ་རི་སི་ནས་ཧྥ་རན་སེའི་ཙུང་ལི་པ་ཉི་ཡེ་རྒྱལ་དམངས་གྲོས་ཚོགས་ལ་ཞུགས་ནས་སྲིད་གཞུང་ལ་ཡིད་ཆེས་མེད་པའི་འཕྲལ་འདོན་གྲོས་གཞིར་འདེམས་ཤོག་འཕངས་ནས་བརྡས་ཐག་མ་བཅད་གོང་རྩོད་གླེང་བྱུང་ཡོད། ༼ཤིན་ཧྭ་གསར་འགྱུར་ཁང། པར་ལེན་མཁན། མོ་ལི་སར།༽
འབྲེལ་ཡོད་གསར་འགྱུར་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ཙུང་ཐུང་མ་ཁེ་ལུང་གིས་ཙུང་ལི་པ་ཉི་ཡེའི་དགོངས་ཞུ་དང་ལེན་བྱས་པ་དང་། རྗེས་མའི་ཉིན་ཁ་ཤས་ནང་ཙུང་ལི་གསར་པ་བསྐོ་བཞག་བྱ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཤིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视