ཨུ་རུ་སུ་དང་ཡུག་རེན་དམག་འཁྲུག་གི་གནས་བབ་ཛ་དྲག།
2024.11.19 གཟའ་མིག་དམར།
ཡུག་རེན་གྱིས་ཨ་རིས་སྤྲད་པའི་མཚོན་ཆ་བེད་སྤྱོད་བྱས་ཏེ་དངོས་སུ་ཨུ་རུ་སུའི་རྒྱལ་ནང་དུ་གཏོར་རྒོལ་ཆེན་པོ་བྱས་འདུག།
དེ་རིང་ཡུག་རེན་དམག་གིས། ཐག་རིང་སྙོབས་པའི་ཨ་རིའི་འཕུར་མདའ་ATACMS སྤྱད་ནས་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་བྱས་ཟིན་པ་གསལ་བོར་གྱུར། དེ་ལྟར་ན། ཨ་རིའི་སྲིད་འཛིན་བྷ་ཀྲན་གྱིས་ཡུག་རེན་ལ་ཆོག་མཆན་སྤྲད་ནས་ཉིན་2ཀྱི་མཚམས་སུ། ཡུག་རེན་དམག་གིས་འཕུར་མདའ་འདི་སྤྱད་ནས་ཨུ་རུ་སུའི་བྷིར་ཡན་སི་ཀི་མངའ་སྡེའི་གོ་མཛོད་ཆེན་པོ་ཞིག་ལ་གཏོར་རྒོལ་བྱས་ཤིང་གས་འཐོར་ཆེན་པོ་ཐེངས་12ཙམ་བྱུང་།
གནས་ཚུལ་འདིའི་ཐད་ད་ལྟ་ཨུ་རུ་སུའི་བདེ་སྲུང་ལྷན་ཁང་གིས། དེ་རིང་ཞོགས་པའི་ཆུ་ཚོད་ 3:25 སྟེང་། ཡུག་རེན་གྱིས་བྷ་ལི་སི་ཀྲི་ཁི་འཕུར་མདའ་6འཕངས་ནས་ཨུ་རུ་སུར་ཚུར་རྒོལ་བྱས་སོང་། ཚུར་རྒོལ་འདིའི་ཁྲོད་ཨ་རིས་བཟོས་པའི་འཕུར་མདའ་ATACMS བེད་སྤྱོད་བྱས་སོང་ཞེས་བཤད། ད་དུང་ཨུ་རུ་སུས། འཕུར་མདའ་དེ་དག་ལས་5བཀག་ཟིན་པ་དང1ལ་གཏོར་སྐྱོན་བཟོས་ཟིན་ལ། དེའི་ཆག་རོ་ཐང་ལ་ལྷུང་ནས་མེ་སྐྱོན་བྱུང་། མི་ལ་ཤི་རྨས་སོགས་གང་ཡང་མ་བྱུང་ཞེས་ཟེར།
ཡིན་ན་ཡང་། དོན་ལ་གོ་མཛོད་རང་ལ་གཏོར་རྒོལ་ཤུགས་ཆེན་ཐེབས་ཟིན་པ་གསལ་བོར་གྱུར། དེ་ལྟར་ན་དང་པོ། ཡུག་རེན་གྱི་དམག་དཔུང་གིས་ཨ་རིའི་འཕུར་མདའ་ ATACMS སྤྱད་ནས་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་ཐོག་མ་དེ་བྱས། གཉིས་པ། གཏོར་རྒོལ་བྱ་ཡུལ་དེ་ཁར་སི་ཀི་མངའ་སྡེ་མ་ཡིན་པར་བྷིར་ཡན་སི་ཀི་མངའ་སྡེ་གྱུར་བས། སྲིད་འཛིན་བྷ་ཀྲན་གྱིས་ཡུག་རེན་ལ། འཕུར་མདའི་དམིགས་འབེན་ནི་ཁར་སི་ཀི་མངའ་སྡེ་ཙམ་ཞིག་ཡིན་དགོས་པ་བཤད་ཡོད་པའི་གནས་ཚུལ་དེ་བདེན་པ་མ་ཡིན་པ་གྱུར།
འདི་ནི་ཁ་ཕྱོགས་ངེས་གཏན་མེད་པའི་དམག་འཁྲུག་འདིའི་ལོ་རྒྱུས་ཁྲོད་འགྱུར་མཚམས་གལ་ཆེན་ཞིག་ཏུ་གྱུར།
དེང་རབས་བོད་སྐད་མིང་མཛོད་ལས་ཡོང་བའི་དམག་འཁྲུག་དང་འབྲེལ་བའི་རྒྱལ་ཁབ་ཁག་གི་མིང་དང་མཚོན་ཆ་སོགས་ཀྱི་མིང་།
美国🇺🇸 ཨ་མེ་རི་ཁ། ཨ་རི།
俄罗斯 🇷🇺 ཨུ་རུ་སུ།
乌克兰🇺🇦 ཡུག་རེན།
法国🇫🇷 ཧྥ་རན་སི།
英国🇬🇧 དབྱིན་ཇི།
装具 གོ་ལག
坦克 འཐབ་འཁོར།
坦克兵 འཐབ་འཁོར་དམག
战船 འཐབ་གྲུ།
飞弹 འཕུར་མདེལ།
飞航式导弹 འཕུར་བསྐྱོད་བསྒྱུར་མདའ།
导弹 བསྒྱུར་མདའ།
爱国者导弹 བསྒྱུར་མདའ་རྒྱལ་གཅེས་པ།
ཐ་སྙད་འདི་དག་གི་འགྲེལ་བཤད་ཤེས་འདོད་ན་དེང་རབས་བོད་སྐད་མིང་མཛོད་ལ་གཟིགས།