འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨོའི་དགའ་ཚལ་ལས་བཤུས།
གངས་རིའི་ཕྲེང་བས་བསྐོར་བའི་ལྗོངས་འདིར་གྲུབ་པའི་མཐའ་མི་འདྲ་བ་དུ་མ་ཞིག་མཆིས་ཀྱང་། དེ་དག་ཕལ་ཆེར་དངོས་དང་བརྒྱུད་པའི་སྒོ་ནས་རྗེ་བཙུན་ས་སྐྱ་པའི་རིང་ལུགས་ལས་བྱུང་བ་དང་གུས་པ་ཅན་ཤ་སྟག་ཡིན་ཏེ། གསང་སྔགས་རྙིང་མར་གྲགས་པའི་སོ་ཟུར་གནུབས་གསུམ་གྱི་གདུང་རིགས་དང་། སྤྲུལ་པའི་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་བཀའ་གཏེར་གྱི་སྐྱེས་ཆེན་དུ་མ་དང་། བཀའ་གདམས་བྱ་ཡུལ་བ། དོ་ཀོང་བ། ནམ་མཁའ་འབུམ། མཆིམས་ནམ་མཁའ་གྲགས། བཅོམ་ལྡན་རིག་པའི་རལ་གྲི་སོགས་ཆེན་པོར་རློམ་པ་དུ་མས་ཀྱང་ཆོས་རྗེ་ཁུ་དབོན་གྱི་གསུང་གི་བདུད་རྩི་བླངས། བསིལ་ལྗོངས་ཐུབ་པའི་རྒྱལ་ཚབ་རྔོག་ལོ་ཆེན་པོའི་བརྒྱུད་འཛིན་རིག་པའི་དབང་ཕྱུག་ཕྱྭ་པ་ཆེན་པོ་དང་། ཉང་བྲན་པ་ཆོས་ཀྱི་སེངྒེ་སོགས་ཀྱིས་ས་ཆེན་གྱི་དངོས་སློབ་སྐྱུར་ཨ་སེང་ལས་ཟབ་དོན་གྱི་སྨིན་གྲོལ་གསན། བཀའ་བརྒྱུད་སྟོང་གི་ཆུ་མགོ་ལྟ་བུ་དཔལ་ཕག་མོ་གྲུ་པ་ནི་ས་ཆེན་གྱི་ཞབས་པད་ལོ་བཅུ་གཉིས་སུ་བསྟེན། ལམ་འབྲས་ཀྱི་གཞུང་བཤད་མཛད། ཕྱིས་རྗེ་བཙུན་གྲགས་པ་ལའང་གསུང་གི་བདུད་རྩི་གསོལ་ཏེ་ཉམས་རྟོགས་ཀྱི་པདྨོ་རྒྱས་པ་ཉིད། དྭགས་པོ་རིན་པོ་ཆེས་བོགས་འདོན་པར་མཛད་པས་བརྒྱུད་འཛིན་གྱི་སློབ་མ་གྲགས་པ་ཅན་ཡིན་ཞིང་། འདི་ལས་འབྲི་སྟག་ཁྲོ་གླིང་འབྲུག་པ་སོགས་བཀའ་བརྒྱུད་ཕལ་མོ་ཆེ་བྱུང་། ཀམ་ཚང་བཀའ་བརྒྱུད་ཀྱི་ཐོག་མ་ཀརྨ་པ་དུས་གསུམ་མཁྱེན་པས་ས་ཆེན་གྱི་དངོས་སློབ་དཔལ་རྒ་ལོ། ཁམ་པ་ཨ་སེང་། གཤེན་རྡོར་སེང་རྣམས་ལས་ལམ་འབྲས་སོགས་གསན། ཤངས་པ་བཀའ་བརྒྱུད་ཀྱི་གྲུབ་ཆེན་རྨོག་ཅོག་པས་ཁམས་པ་ཨ་སེང་དང་། གཉེན་སྟོན་སྦས་པའི་རྣལ་འབྱོར་གྱིས་རྗེ་བཙུན་གྲགས་པའི་ཞབས་པད་ཡུན་རིང་དུ་བསྟེན་ནས་ལམ་འབྲས་སོགས་ཟབ་དོན་བླངས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་ས་སྐྱ་པ་ནས་བརྒྱུད་པའི་སྔགས་དང་མཚན་ཉིད་ཕལ་ཆེར་གསན་ནས་འཆད་རྩོད་རྩོམ་གསུམ་རྩལ་དུ་བཏོན། རྗེ་བཙུན་གྲགས་པས་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་། ཇོ་ནང་པ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནི་ས་པཎ་གསུང་ལས་སྐྱེས་པའི་སློབ་མ་ཡིན་ཅིང་། དོལ་བུ་པ་ཤེས་རབ་རྒྱལ་མཚན་ཀྱང་ས་སྐྱར་མཚན་ཉིད་ཀྱི་ཕྱོགས་ལ་སྦྱངས་ཤིང་། སྐུ་ཚེའི་སྨད་ས་སྐྱ་པཎྜི་ཏས་བྱིན་གྱིས་རླབས་པས་ཐལ་འགྱུར་པའི་ལྟ་བ་ཐུགས་ལ་འཁྲུངས་ཞེས་ཀྱང་གཏམ་དུ་གྲགས། ཤངས་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ནས་བཟུང་སྟེ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་བར་དུ་བྱོན་པ་རྣམས་ས་སྐྱ་པའི་དགེ་བའི་བཤེས་གཉེན་དུ་གཏོགས་ཤིང་། ཕྱོགས་ལས་རྣམ་རྒྱལ་གྱིས་གྲུབ་མཐའ་ས་སྐྱ་པར་ཞལ་གྱིས་འཆེས་ཚུལ་རྣམ་ཐར་ན་གསལ། རྒྱལ་སྲས་ཐོགས་མེད་པས་ཀྱང་ཆོས་རྗེ་བླ་མ་དམ་པ་སོགས་ལས་ས་ལུགས་ཀྱི་གདམས་པ་བསམ་གྱིས་མི་ཁྱབ་པ་གསན། དེང་དུས་ཉི་ཟླ་ལྟར་རི་བོ་དགེ་ལྡན་པའང་། ས་སྐྱའི་ལས་ཆེན་རེད་མདའ་པ་གཞོན་ནུ་བློ་གྲོས་ཀྱི་སློབ་མ་རབ་འབྱམས་སྨྲ་བ་བདུན་གྱི་ནང་ཚན། སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པ་དང་། རྩོད་པའི་མཆོག་གྱུར་དར་མ་རིན་ཆེན་དང་། ཞེས་གསུངས་པའི་ཡབ་སྲས་འདི་གཉིས་བྱུང་བ་ཡིན་ཞིང་། གཞན་ཡང་རྗེ་རིན་པོ་ཆེས་བླ་མ་དམ་པ་དང་། ས་བཟང་མ་ཏི་པཎ་ཆེན་སོགས་ལས་ཟབ་ཆོས་མང་དུ་གསན། མཚན་ཉིད་ས་ལུགས་དང་། སྔགས་བུ་ལུགས་གཙོ་བོར་སྟོན་པའི་ཚུལ་འཇམ་མགོན་བླ་མ་རང་ཉིད་ཀྱི་རྣམ་ཐར་ལས་ཀྱང་འབྱུང་བས་མཚོན། ཇི་སྐད་དུ། འཛམ་གླིང་ཐུབ་པའི་རྒྱལ་ཚབ་ས་སྐྱ་པའི། །ཆོས་ཀྱི་བརྒྱུད་པ་འཛིན་པའི་སློབ་མ་རུ། །མ་གྱུར་གངས་རིའི་ཁྲོད་འདིར་བསྟན་འཛིན་དུ། །ཞལ་གྱིས་འཆེས་བའི་མཁས་པ་འགའ་ཡོད་མིན། །ཞེས་ཆེད་དུ་བརྗོད་པའང་དོན་གྱི་སྙིང་པོས་ལྕི་བ་ཉིད་དོ། །
དེ་སྔོན་སྤེལ་ཟིན་པའི་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་
གསུང་རྣམས་གསན་གཟིགས་ཐུབ།
▽
རྫོང་སར་བཤད་གྲྭའི་གཞི་རྩའི་དམིགས་ཡུལ་དང་ངོ་སྤྲོད་མདོར་བསྡུས།
ཀུན་ལ་ཕན་ཕྱིར་གསུར་གཏང་དགོས་པའི་སྐོར་དང་བཀའ་སློབ་ཚན་པ་གསུམ།
མཁྱེན་བརྩེ་རིན་པོ་ཆེས་དེང་དུས་ཀྱི་མཁན་པོ་རྣམས་ལ་གཟིགས་སྟངས།
ཁ་སང་རྡོར་གདན་དུ་རྫོང་སར་སྨོན་ལམ་ཆེན་མོ་སྐབས་བདུན་པ་ཚོགས་འདུག
སྐྱབས་མགོན་ཁྲི་འཛིན༤༣པ་མཆོག་རྫོང་སར་བཤད་གྲྭར་ཕེབས་པ第四十三任萨迦法王莅临宗萨
གློག་ཀླད་ཀྱི་ནུས་པ་དང་ནང་བསྟན་གྱི་བདེན་དོན། རྫོང་སར་མཁྱེན་བརྩེ།
གུ་རུ་རིན་པོ་ཆེ་ལ་གསོལ་འདེབས་བྱེད་སྟངས། རྫོང་སར་མཁྱེན་བརྩེ་མཆོག
མཁས་བཙུན་བཟང་གསུམ་ལས་བཟང་པོ་ནས་ཆེས་མེད་དུ་མི་རུང་བ་ཡིན།
དཀོན་མཆོག་རྗེས་དྲན་བཀའ་ཁྲིད་ཆ་ཚང་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ།
ང་ཚོ་གཞོན་སྐྱེས་ཚོ་ལ་ཆེད་དུ་བསྩལ་བའི་ཞི་ལྷག་གི་སྒོམ་ཁྲིད།
རྫོང་སར་མཁྱེན་རིན་པོ་ཆེས་བརྩེ་ཆེན་ཚོགས་པ་ནང་དུ་གནང་བའི་གསུང་གསར།
ས་སྐྱ་པ་ཟེར་ངོ་མ་མཛུབ་མོ་གཙུག་ས་འདི་རེད། རྫོང་སར་མཁྱེན་བརྩེ།
ཁ་སང་རྡོར་གདན་དུ་རྫོང་སར་སྨོན་ལམ་ཆེན་མོ་སྐབས་བདུན་པ་ཚོགས་འདུག
ནང་ཆོས་ངོ་སྤྲོད་བྱེད་སྟངས་གང་འདྲ་དགོས་མིན་གྱི་སྐོར། རྫོང་སར་མཆོག
ཕུན་ཚོགས་ལྔ་ལྡན་གྱི་བཤད་པ་དད་པའི་སྤུ་ལོང་གཡོ་བའི་གསུང་དབྱངས།
རྫོང་སར་མཁྱེན་བརྩེའི་གསུང་རྫོང་སར་བཤད་གྲྭ་འབྲེལ་བའི་སྐོར།
རྫོང་སར་མཁྱེན་བརྩེས་ནང་བསྟན་གྱི་འབྱུང་འགྱུར་གླེང་བ། ཆ་ཚང་།
སྐྱབས་རྗེ་སྡེ་གཞུང་རིན་པོ་ཆེའི་ཞལ་གདམས། རྫོང་སར་མཁྱེན་བརྩེས་གསུང་།
སྤྱི་ཤཱཀྱ་ཐུབ་པའི་རྗེས་འབྲང་པ།
རྫོང་སར་མཁྱེན་བརྩེའི་གསུང་བཤད།
རྫོང་སར་༸མཁྱེན་བརྩེ་རིན་པོ་ཆེ།
རང་འདོད་མེད་པའི་སྨོན་ལམ་བཞུགས།
༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས། ཚ་བ་མདའ་སྨྱུག་གླེང་བ།
དེ་རིང་ཉེར་དགུའི་ཉི་བཟློག་མཁྱེན་བརྩེས་གསུང་བའི་ཀུན་བཟང་སྨོན་ལམ།
རང་འདོད་མེད་པའི་སྨོན་ལམ། མཁྱེན་བརྩེ་རིན་པོ་ཆེ། ཆོས་དབྱངས་སྙན་མོ།
མཁྱེན་བརྩེའི་གསུང་ལས་འཕྲོས་པའི་གཏམ། དགེ་བཤེས་ལོག་སྨྲ་ཚར་གཅོད།
སེམས་སྦྱོང་བརྡར་བྱེད་རྒྱུ་དེ་གལ་ཆེན་པོ་རེད། 心的训练很必要,
མི་དཀྱུས་མིས་ལས་འབྲས་ལ་སྔོན་དཔག་བཟོ་མི་ཐུབ། མཁྱེན་བརྩེ་རིན་པོ་ཆེ།
དུས་རབས་དང་བསྟུན་ན་དབུ་ཁྲིད་དང་སྒྲིག་འཛུགས་གང་འདྲ་ཞིག་དགོས།
ཨ་རིའི་སྲིད་འཛིན་གྱིས་མ་གོ་བའི་ཆོས། སྐྱབས་རྗེ་རྫོང་སར་རིན་པོ་ཆེ།
སྐྱབས་རྗེ་རྫོང་སར་མཁྱེན་བརྩེར་དད་གླུ། གླུ་བ་ཀུན་བཟང་རྡོ་རྗེ།
རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་འདྲི་མོལ་བགྱིས་པ།
སྨྱོན་པ་དང་འཁྲུལ་སྣང་། མ་བལྟས་ཐབས་མེད་ཀྱི་གདམས་ངག་ཟབ་མོ།
དཔེ་ཀློག་གི་ཕན་ནུས་ཆེན་པོ་དྲུག །རྫོང་སར་མཁྱེན་བརྩེ་རིན་པོ་ཆེ།
འཕྲིན་གྱི་ཕོ་ཉ།▶རྫོང་སར་མཁྱེན་བརྩེའི་ལེགས་བཤད་ཚན་པ་བཅུ།
རྫོང་སར་མཁྱེན་བརྩེའི་རང་རྣམ་མཁན་པ་སྐྱེས་ལེའུ་བཅུ་བདུན་ཆ་ཚང་ཡོད།
༸ས་སྐྱ་༸གོང་མ་མཆོག་གི་སྐོར་རྫོང་སར་མཁྱེན་བརྩེ་ལ་བཀའ་འདྲི་ཞུས་པ།
དེ་རིང་བྱིས་པའི་དུས་ཆེན་ལ་ཕུལ་བའི་ལེཊ་སྐྱེས་ཡག་ཤོས། 六一儿童节的礼物
སྨྱོན་པ་དང་འཁྲུལ་སྣང་། མ་བལྟས་ཐབས་མེད་ཀྱི་གདམས་ངག་ཟབ་མོ།
བླ་བྲང་གི་ཕྱག་མཛོད་སོཊ་ལ་དགོན་པའི་བྱུས་དོག་བལྟ་བཅུག་རྒྱུ་མི་འདུག
༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གསུང་། 宗萨蒋扬钦哲仁波切
རྫོང་སར་མཁྱེན་བརྩེས་ཨང་སན་སུ་ཅི་ལ་སྤྲིངས་པའི་འཕྲིན། གསུང་གསར།
རྫོང་སར་མཁྱེན་བརྩེ་རིན་པོ་ཆེར་མཁན་ཆེན་ཨ་པད་ཀྱི་སྐོར་བཅར་འདྲི་ཞུས།
ངའི་མཁན་པོ་ཀུན་དགའ་དབང་ཕྱུག རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གསུངས།
མ་འོངས་ལུང་བསྟན་ཟེར་ན་འདི་འདྲ་ལ་ཟེར་རེད།
ཐོས་པ་ཁོ་ནས་ནང་ཆོས་ཀྱི་སྙིང་པོ་རྟོགས་མི་ཐུབ། རྫོང་སར་མཁྱེན་བརྩེ།
གློག་ཀླད་ཀྱི་ནུས་པ་དང་ནང་བསྟན་གྱི་བདེན་དོན། རྫོང་སར་མཁྱེན་བརྩེ།
རྫོང་སར་མཁྱེན་རིན་པོ་ཆེས་བརྩེ་ཆེན་ཚོགས་པ་ནང་དུ་གནང་བའི་གསུང་གསར།
རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་སྩལ་བའི་བཟང་སྤྱོད་བཀའ་ཁྲིད་ཆ་ཚང་།
མཁས་བཙུན་བཟང་གསུམ་ལས་བཟང་པོ་ནས་ཆེས་མེད་དུ་མི་རུང་བ་ཡིན།
བོད་རིགས་གཞོན་སྐྱེས་ཚོ་ལ་སྩལ་བའི་བཀའ་སློབ། རྫོང་སར་མཁྱེན་བརྩེ།
གཞན་ལ་མེད་པའི་བོད་པའི་ཁ་ཕོ་རུས་ཀྱི་མཚན་ཉིད། རྫོང་སར་མཁྱེན་བརྩེ།
སློབ་སྦྱོང་བྱས་པའི་དགོས་པ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གསུང་།
རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཐེ་ཝན་མཚོ་གླིང་དུ་ཕེབས་ནས་མཛད།
ཆོས་འཆད་ཉན་བྱེད་སྐབས་ཀྱི་ཀུན་སློང་བཅོས་ཐབས། མཁན་ཆེན་ཨ་པད།
རྟེན་འབྲེལ་རབ་གསལ་ཆ་ཚང་། མཁན་ཆེན་རྡོ་རྗེ་འཆང་ཨ་པད་རིན་པོ་ཆེ།
ཞེན་པ་བཞི་བྲལ་གྱི་ཁྲིད་ཆ་ཚང་། མཁན་ཆེན་རྡོ་རྗེ་འཆང་ཨ་པད་རིན་པོ་ཆེ།
དཀོན་མཆོག་རྗེས་དྲན་གྱི་ཁྲིད་ཆ་ཚང་། མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག
བཟང་སྤྱོད་སྨོན་ལམ་བཀའ་ཁྲིད་ཆ་ཚང་། མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག
སྣང་གསུམ་ཉམས་ཁྲིད་ཆ་ཚང་ཡོད། མཁན་ཆེན་ཨ་པད་རིན་པོ་ཆེ།
མཁན་ཆེན་ཨ་པད་རིན་པོ་ཆེའི་གསུང་།
ས་སྐྱའི་མཁན་ཆེན་ཨ་པད་རིན་པོ་ཆེ།
མཁན་ཆེན་ཨ་པད་རིན་པོ་ཆེའི་ཞལ་སྔ་ནས་དཔེ་ཆ་བ་རྣམས་ལ་སྩལ་བཀའ་སློབ།
མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གིས་གསུངས་སྐྱབས་འགྲོའི་སྐོར།
མཁན་ཆེན་ཨ་པད་རིན་པོ་ཆེའི་རྣམ་ཐར། མཁན་པོ་ཀརྨ་འཕྲིན་སྟོབས།
མྱུར་བྱོན་གསོལ་འདེབས་ཐུགས་རྗེ་བསྐུལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུཊ།
བརྡ་ཁྱབ།
▽