ཞབས་བརྟན་སྨོན་ཚིག་ཚེ་ཡི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།།
དུས་གསུམ་རྒྱལ་བའི་ལས་ཀུན་འཁྱིལ་བའི་མདངས།།
མ་འགགས་གངས་རིའི་སྨིན་ལེགས་ཉི་མ་བརྒྱའི།།
ཟིལ་གྱིས་འཁྱུད་འདྲའི་དཔལ་མོ་ཚེ་སྦྱིན་མ།།
རྒྱལ་ཡུམ་ཡིིད་བཞིན་འཁོར་ལོས་དགེ་ལེགས་སྩོལ།།
ང༵ག་གི་དབ༵ང་པོའི་རྦ་རླབས་གཡོ་བ་ཅན།།
དོན་ལྡན་དཀའ་སྤྱད་བཟོ༵ད་པ༵་རྒྱ་མཚོ་ལས།།
སྐྱེས་སྦྱངས་ནོར་བུ་བཟང་པོ་རབ་བླངས་ནས།།
འགྲོ་བའི་རྒུད་པ་སེལ་མཛད་ཞབས་བརྟན་ཤོག།
བླ་མ་ཡི་དམ་ཆོས་སྲུང་རྒྱ་མཚོ་དང་།།
ཆོས་ཉིིད་བསླུ་བ་མེད་པའི་རྟེན་འབྲེལ་གྱི།།
ཐབས་ཚུལ་སྤྲིན་གྱི་གྲུ་ཆར་རབ་གཡོས་ཏེ།།
ཚེ་བསོད་ཕན་བདེའི་ལོ་ཏོག་རྒྱས་གྱུར་ཅིག།
ཅེས་པ་འདིའང་དོན་གཉེར་ཅན་ནས་བསྐུལ་བའིི་ངོར་ས་སྐྱ་ཁྲི་ཆེན་སྒྲོལ་མ་ཕོ་བྲང་བ་ངག་དབང་ཀུན་དགས་སྦྱར་བ་དོན་དང་ལྡན་པར་གྱུར་ཅིག། །།