ཞིན་ཧེ་རྫོང་བུའུ་ལུང་ཁྲིམས་རས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཐད་ནུས་པ་ཆེན་པོ་བཏོན།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་བུའུ་ལུང་ཁྲིམས་ར་ནི་ཞིན་ཧེ་རྫོང་གི་ཆུ་སྔོན་གྲོང་རྡལ་དུ་ཡོད་པ་དང་། དེ་ནི་ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་ལ་ཡན་ལག་ཁྲིམས་ར་གཉིས་ཡོད་པའི་ནང་ཚན་གྱི་གཅིག་རེད། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་ཁྲིམས་ར་དེ་ཐོག་མར་བཙུགས་ཤིང་། ཉིས་སྟོང་བཅུ་དགུ་ལོར་སྔོན་ཆད་ཀྱི་རྨང་གཞིའི་སྟེང་དུ་གསར་ལས་ཐེངས་ཤིག་བྱས་ནས། སྤྱི་ལོ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོ་ནས་བཟུང་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས། ཁྲིམས་ར་དེ་རུ་ཞུ་གཏུག་ཞབས་ཞུའི་ལྟེ་གནས་དང་གྲངས་འཛིན་ཁྲིམས་ར། མི་དམངས་འདུམ་སྒྲིག་ཁང་། དམངས་ཆེན་འཐུས་མིའི་བྱ་འགུལ་ཁང་བཅས་གཞི་གཅིག་ཏུ་གྲུབ་ཅིང་། ཁྲིམས་ར་དེ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དུ་མི་དམངས་མང་ཚོགས་ལ་འདྲ་མཉམ་དྲང་བདེན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་པར་མ་ཟད། མི་དམངས་ཁྲིམས་རའི་གཞི་རིམ་གྱི་འགན་ནུས་དགེ་མཚན་ལྡན་པའི་སྒོ་ནས་འདོན་སྤེལ་གང་ལེགས་བྱས་ནས་འགལ་བ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱེད་པ་དང་། རང་འགུལ་གྱིས་གཞི་རིམ་བཅོས་སྐྱོང་བྱེད་པའི་བྱ་བའི་ཁྲོད་ཟབ་ཞུགས་བྱེད་པ། ཁྲིམས་འཛིན་ཞབས་ཞུའི་སྤུས་ཚད་ཤུགས་ཆེན་པོས་མཐོར་འདེགས་བཏང་སྟེ། མངའ་ཁོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ཐད་སྲ་ཞིང་བརྟན་པའི་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱས། གནས་ཚུལ་དེའི་ཐད་ནས་བུའུ་ལུང་ཁྲིམས་རའི་འགོ་གཙོ་བསོད་ནམས་དབང་ལྡན་གྱིས་བཤད་རྒྱུར། བུའུ་ལུང་ཁྲིམས་རས་མངའ་ཁོངས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། གཅིག་བསྡུས་ཀྱིས་དྲིལ་སྒྲོག་བྱེད་པ་དང་ཡུལ་དངོས་སུ་སོང་ནས་དྲིལ་སྒྲོག་བྱེད་པ། དྲིལ་སྒྲོག་ལག་དེབ་སྣ་ཚོགས་བཀྲམ་པ། མང་ཚོགས་ཀྱི་བློ་འདྲི་དང་ལེན་བྱེད་པ། རྒྱ་བོད་སྐད་རིགས་གཉིས་ཀྱི་ལམ་ནས་ས་གནས་མི་དམངས་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་བྱ་བའི་སྐོར་གྱི་ཤེས་བྱ་དང་། ཏང་གི་མི་རིགས་སྲིད་ཇུས་སྐོར་གྱི་གཞུང་ལུགས་དང་འབྲེལ་ཡོད་ཁྲིམས་ལུགས་ཤེས་བྱ་སྒྲོག་འབྲེལ་བྱས་ནས། མངའ་ཁོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་རང་རྟོགས་སྒོས་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པའི་བསམ་བློའི་འདུ་ཤེས་ལ་སྣེ་ཁྲིད་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་ནམ་ཡང་བཀྲག་མདངས་འཚེར་བར་བྱས། གནས་ཚུལ་དེའི་སྐོར་ནས་ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་གཞུང་སྒྲུབ་ཁང་གི་དྲུང་ཡིག་སྙིང་དཀར་མཚོ་ཡིས་བཤད་རྒྱུར། དགེ་མཚན་ལྡན་པའི་སྒོ་ནས་མི་དམངས་ཁྲིམས་རའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་ཞབས་ཞུའི་སྒྲིག་གཞི་འཐུས་ཚང་དུ་བཏང་པ། རང་འགུལ་གྱིས་དབང་བོ་སྐྱོན་ཅན་དང་རྒན་པ་སོགས་འགྲོ་འདུག་སྟབས་བདེ་མིན་པའི་དམིགས་བསལ་མི་སྣར་གེགས་མེད་བགྲོད་ལམ་ཕྱེས་པ། སྒོ་ཁར་སོང་ནས་གྱོད་ཐོ་བཀོད་དེ་ཞབས་ཞུ་སྒྲུབ་པ་དང་སྐུད་ལམ་ནས་འདུམ་སྒྲིག་ཁྲིམས་ར་ཚོགས་པ་སོགས་དམངས་ལ་སྟབས་བདེ་གང་ལེགས་བསྐྲུན་པར་ཀུན་གྱི་ཡིད་ཆེས་དང་ཁས་ལེན་ཐོབ་ཡོད། དེའི་སྐོར་ནས་ཞིན་ཧེ་རྫོང་ཆུ་ཁོལ་གྲོང་རྡལ་གསེར་ཐང་ཕྱུགས་རའི་འབྲོག་པ་རིན་ཆེན་ཚེ་རིང་གིས་གསར་འགོད་པར་འདི་ལྟར་བཤད།
གསར་འགོད་པ། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།