ཞི་ཅིན་ཕིང་གིས་པ་ཞི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས།

文摘   2024-11-20 12:58   青海  


ཞི་ཅིན་ཕིང་པ་ཞི་ལིས་ཡ་རུ་འབྱོར་ནས་པ་ཞི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས།
ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་པ་ཞི་རྒྱལ་ཁབ་ཀྱི་རྒྱལ་ས་པ་ཞི་ལིས་ཡ་རུ་འབྱོར་ནས། པ་ཞི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས།
ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་པ་ཞི་རྒྱལ་ཁབ་ཀྱི་རྒྱལ་ས་པ་ཞི་ལིས་ཡ་རུ་འབྱོར་ནས། པ་ཞི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས།

ཆེད་བཏང་གནམ་གྲུ་པ་ཞི་ལིས་ཡའི་མཁའ་དམག་རྟེན་གཞིར་འབྱོར་སྐབས། པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་བཞུགས་ཤག་གི་དབུ་བཞུགས་པུའུ་ཀྲང་ཁི་སི་ཐཱ་དང་པ་ཞི་ལིས་ཡའི་མཁའ་དམག་རྟེན་གཞིའི་དམག་སྤྱི་མིས་ཀི་ཨར། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ལའེ་ཝན་ཏོ་ཧྥུའུ་སི་ཅི། ཙུང་ཐུང་བཞུགས་ཤག་སྒྲིག་གཞིའི་འབྲེལ་འདྲིས་པུའུ་ཀྲང་ཕ་ཏིས་ལིས་ཡ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་དུ་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས་པར་མ་ཟད། ཁོ་ཚོས་ཙུང་ཐུང་ལུའུ་ལཱ་དང་པ་ཞི་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

པ་ཐཱ་ལ་ཡི་སྒྱུ་རྩལ་པ་བཅུ་ཕྲག་ཁ་ཤས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་པ་ཞི་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་རྔ་རོལ་དཀྲོལ།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་དེ་མཉམ་དུ་འབྱོར།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་གསོལ་མགྲོན་ཁང་དུ་བསྐྱོད་པའི་ལམ་བར་དུ། ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་པ། ཀྲུང་གོའི་དངུལ་གཏོང་སྒྲིག་གཞི། ཕྱི་འགྲིམ་སློབ་མ་བཅས་ཀྱི་འཐུས་མི་རྣམས་ལམ་གྱི་གཡས་གཡོན་ནས་འགྲེང་སྟེ་ལག་ཏུ་ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ནས། “ཀྲུའུ་ཞི་ཞི་ཅིན་ཕིང་པ་ཞི་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ལ་དགའ་བསུ་ཞུ”དང“ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་ཁྲི་ལོར་བརྟན་པར་ཤོག”སོགས་ཀྱི་འཕྲེད་བྱང་དམར་པོ་མཐོན་པོར་བཀྱགས་ནས། ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་ཚར་རྗེས། པ་ཞི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལིས་ཡུའེ་རི་ནེ་ལུའུ་དང་ཞལ་གྱེས་ཏེ་པ་ཞི་རྒྱལ་ཁབ་ཀྱི་རྒྱལ་ས་པ་ཞི་ལིས་ཡ་རུ་འབྱོར་བ་རེད།

རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།  

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།


青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章