མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་ནི་བོད་མདོ་དབུས་ཁམས་གསུམ་གྱི་གྲོགས་པོ་ཆུང་ཆུང་ཚོར་ཆེད་དུ་དམིགས་ནས་སྒྲུབ་བཞིན་པའི་ཁ་གཏད་རང་བཞིན་ཅན་གྱི་ཐད་གཏོང་ལེ་ཚན་ཞིག་ཡིན།ཐད་གཏོང་གི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་ལྷག་པ།པ་སངས་བཅས་ཀྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅུའི་སྟེང་ཡིན།
ལེགས་བཤད།
ཉི་མ་རེ་ལ་ཚིག་རེ་ཟུངས།
ས་སྐྱ་ལེགས་བཤད་ལས་དྲངས།
- ནང་དོན་གནད་བསྡུས་དང་འབྲེལ་ཡོད་པར་རིས། -
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་འབྲུག་མཚོ་སྐྱིད་ཀྱིས་བླངས་པའི་བྱིས་གླུ《སྦྲང་དཀར་རྩམ་པ》དང་ཕག་མཚོ་སྒྲོལ་མས་བླངས་པའི་བྱིས་གླུ《ཇོ་རུ》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་འཛམ་གླིང་གི་རིས་སྒྲུང་གྲགས་ཅན《ཤིང་སྡོང་སྟེང་གི་གྲོགས་པོ་དག》དང་བྱིས་སྒྲུང《ངོ་བསྟོད་ལ་དགའ་བའི་ཝ་མོ》གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《བྱིས་པའི་ཀུན་སྤྱོད་སློབ་གསོ》ཁག་དྲུག་པ་དང་རི་མོར་བལྟས་ཏེ་རྩོམ་ཡིག་འབྲི་ཚུལ་ལས《འབྲོག་པའི་བུ་མོ》བཅས་བཀོད་སྒྲིག་བྱས་ཡོད།
མདོ་འཛིན་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།