ཞི་ཅིན་ཕིང་གིས་ལི་མའི་གྲོས་ཚོགས་སྟེང་གསུང་བཤད་གནང་།

文摘   2024-11-17 10:54   青海  

ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སོ་གཅིག་པར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པ་ཕེ་རུའི་རྒྱལ་ས་ལི་མ་ཡི་གྲོས་ཚོགས་ལྟེ་གནས་སུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ། 《དུས་རབས་ཀྱི་འགན་འཁྲི་མཉམ་ཁུར་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པ་ཕེ་རུའི་རྒྱལ་ས་ལི་མ་ཡི་གྲོས་ཚོགས་ལྟེ་གནས་སུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ། 《དུས་རབས་ཀྱི་འགན་འཁྲི་མཉམ་ཁུར་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་ཚོགས་རར་འབྱོར་སྐབས། ཙུང་ཐུང་པོ་ལུའུ་ཨར་ཐི་ཡིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ལོ་བཅུ་ཕྲག་འགའི་རིང་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྣེ་ཁྲིད་དེ། འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ། མཉམ་འདྲེས་ཆེན་པོ་བཅས་མངོན་འགྱུར་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འདི་ཉིད་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་བསྐྱེད་གནས་ཆེ་ཤོས་དང་འཕར་གནས་གཙོ་བོ་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཐད་ལའང་ས་བབ་ཆབ་སྲིད་དང་ཕྱོགས་རྐྱང་པའི་རིང་ལུགས། སྲུང་སྐྱོབ་རིང་ལུགས་བཅས་ཀྱི་ཆ་མངོན་སུམ་གྱིས་ཆེ་རུ་འགྲོ་བཞིན་པ་སོགས་ཀྱི་འགྲན་སློང་གནས་ཡོད། ལོ་རྒྱུས་ཀྱི་དཀྱོགས་མཚམས་ནས་ལངས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་མཉམ་ལས་དང་འགན་འཁྲི་འཁུར་ཕོད་པར་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འཕེལ་རྒྱས་ཀྱི་དུས་རབས་གསར་པ་འབད་པས་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་གྲོས་འགོ་གསུམ་བཏོན་ཡོད་དེ། གཅིག་ནས་སྒོ་འབྱེད་མཉམ་འདྲེས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་རྣམ་པ་བསྐྲུན་དགོས། ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་རྒྱུ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་དང་གེགས་མེད་ཡོང་བར་སྲུང་སྐྱོབ་བཅས་བྱེད་དགོས། དེ་རིང་ང་ཚོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་གྱི་མཛུབ་སྟོན་ཡིག་ཆ་གསར་པ་བརྒྱུད་དེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོས་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ལ་རང་འགུལ་ངང་སྦྲེལ་མཐུད་བྱེད་རྒྱུ་དང་། རང་བདག་སྒོ་འབྱེད་རྒྱ་སྐྱེད་གང་ལེགས་བཏང་ནས། འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ། གཞི་གྲངས་དང་ལྗང་མདོག་ཁྱབ་ཁོངས་ཀྱི་ཚོང་དོན་གྲོས་ཆོད་འཚོལ་ཞིབ་དང་གྲོས་མོལ་བྱས་ཏེ། འཛམ་གླིང་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་མུ་མཐུད་རྒྱ་སྐྱེད་གཏོང་འདོད་ཡོད།

གཉིས་ནས་ལྗང་མདོག་གསར་གཏོད་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕར་ནུས་བསྐྱེད་དགོས། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རེས་སྐོར་གསར་པའི་གོ་སྐབས་དམ་འཛིན་བྱས་ནས། མིས་བཟོས་རིག་ནུས་དང་ཚད་རྡུལ་ཆ་འཕྲིན། ཚེ་སྲོག་བདེ་ཐང་སོགས་མདུན་གྲལ་ཁྱབ་ཁོངས་སུ་བརྗེ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྒོ་འབྱེད་དང་དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་གསར་གཏོད་སྐྱེ་ཁམས་བསྐྲུན་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། གྲོན་ཆུང་ལེགས་བསྡུས་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱེད་རྒྱུ་དང་། གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་འབད་པས་བསྐྲུན་དགོས། ཀྲུང་གོས་ཡུལ་བབ་དང་བསྟུན་ནས་ སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། ཕྱོགས་སོ་སོ་དང་མཉམ་དུ་ལྗང་མདོག་གསར་གཏོད་མཉམ་ལས་ཟབ་སྤེལ་གཏོང་བཞིན་ཡོད་ལ།《འཛམ་གླིང་ཧྲིལ་པོའི་མངའ་ཁོངས་ལས་བརྒལ་བའི་གཞི་གྲངས་ཀྱི་འཁོར་སྐྱོད་མཉམ་ལས་གྲོས་འགོ》ཁྱབ་སྒྲོག་བྱ་རྒྱུ་ཡིན་པ་དང་། ཕྱོགས་སོ་སོ་དང་མཉམ་དུ། ཕན་འབྲས་ཆེ་ཞིང་སྟབས་བདེ་ཡིན་པ། བདེ་འཇགས་ཡིན་པ་བཅས་ཀྱི་མངའ་ཁོངས་ལས་བརྒལ་བའི་གཞི་གྲངས་འཁོར་སྐྱོད་ལ་སྐུལ་འདེད་ནུས་ལྡན་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཅི་ཡོད་འབུལ་འདོད་ཡོད།

གསུམ་ནས་ཀུན་ཕན་དཀྱེལ་ཡངས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་དགོས། དཔལ་འབྱོར་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཕུང་དང་ཚོགས་སྤྱི་ཉམས་ཆུང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་དུ་ཆེ་རུ་གཏོང་བ་དང་བགོ་བཤའ་ཡག་པོ་རྒྱག་པ་བཅས་བྱས་ཏེ། དཔལ་འབྱོར་དངོས་ཕུང་སྔར་ལས་གང་མང་དང་མང་ཚོགས་སྔར་ལས་གང་མང་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སུ་གྲོང་མིའི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་དང་ཁེ་ལས་ཆུང་འབྲིང་གི་ཁྱུ་ཚོགས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གྲོས་འགོ་བཏོན་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་ཀུན་ཕན་དང་དཀྱེལ་ཡངས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི2026ལོའི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཕྱོགས་སོ་སོ་དང་མཉམ་དུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཟབ་སྤེལ་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོ་དང་འཛམ་གླིང་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། བཅོས་སྒྱུར་བྱེད་ཐབས་གལ་ཆེན300ལྷག་ཙམ་དངོས་སུ་བཏོན་ནས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྲུན་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སོ་སོར་མ་ལག་ཚང་བའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྔར་ལས་གང་མང་མཁོ་འདོན་བྱེད་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་ཀྲུང་གོའི་འཕེལ་རྒྱས་ཀྱི་བྱ་གཞག་ཁྲོད་མུ་མཐུད་དུ་ཞུགས་ནས། ཞི་བའི་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་མཉམ་དུ་འབད་བརྩོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་ཡིས་ཐེངས་འདིའི་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཚོགས་འདུའི་བརྗོད་དོན་ནི། ནུས་ཆེ་དང་བསྟུན་མཁས། འཕར་སྣོན་བཅས་ཡིན།

ཚོགས་ཐོག་ནས《2024ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་མཱ་ཆིའུ་པིས་ཆིའུ་ཡི་བསྒྲགས་གཏམ》དང་།《ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་གྲོས་རིམ་གྱི་མ་འོངས་སྔོན་དཔག་གསར་པའི་སྐོར་གྱི་གསལ་བསྒྲགས》། 《འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་ཚད་ལྡན་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ལི་མའི་ལམ་ཐིག་རི་མོ》བཅས་གྲུབ་འབྲས་ཅན་གྱི་ཡིག་ཆ་གསུམ་བསྒྲགས།

ཚེས15ཉིན་གྱི་དགོང་མོ། ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི་གསོལ་སྟོན་ལ་ཞུགས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།


青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章