ཟླ11ཚེས21ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་བཅའ་ཁྲིམས་ཁང་གི་ཀྲུའུ་རིན་ཧྲི་ཧུང་གདན་དྲངས་ནས། ཁ་ཡིག་ལ“ཀྲུང་དབྱང་གི་བཅོས་སྒྱུར་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བསྡོམས་རྩིས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས”ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིང་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་སོགས་ཚོགས་འདུར་ཞུགས།
ཧྲི་ཧུང་གིས《བསྡོམས་རྩིས་བཅའ་ཁྲིམས》བཟོ་བཅོས་བྱེད་པའི་སྐོར་གྱི་བརྒྱུད་རིམ་གཙོ་བོ་དང་། དོན་སྙིང་གལ་ཆེན། རྩ་དོན་གཙོ་བོ། ནང་དོན་གཙོ་བོ། བརྗོད་སྙིང་གཙོ་བོ་སོགས་ལ་ངོས་འཛིན་གཏིང་ཟབ་བྱེད་པའི་ཐད་ནས་བརྒྱུད་རིམ་ལྡན་ཞིང་ཆ་ཚང་བའི་འགྲེལ་བཤད་བརྒྱབ་སྟེ། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསྡོམས་རྩིས་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གསར་དུ་བཟོ་བཅོས་བྱས་པའི《བསྡོམས་རྩིས་བཅའ་ཁྲིམས》ཀྱི་ནང་དོན་ལ་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པར་མཛུབ་སྟོན་གཏིང་ཟབ་བྱས།
ཁྲིན་ཀང་གིས་གཏམ་བཤད་སྐབས། བསྡོམས་རྩིས་ལས་དོན་ནི་དཔལ་འབྱོར་ལས་དོན་ཡིན་ལ། ཆབ་སྲིད་ལས་དོན་ཡང་ཡིན་པས། ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་བྱེད་པ་ཨང་དང་པོར་འཇོག་དགོས། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ། “གྲངས་ཀའི་སྲིད་སྐྱོང་བྱས་འབྲས”དང་“སྲིད་སྐྱོང་བྱས་འབྲས་རྫུན་མ”ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ལ་བརྟེན་ནས་བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་ལ་དོགས་ཟོན་དང་ཆད་གཅོད་བྱས་ནས། བསྡོམས་རྩིས་གཞི་གྲངས་ཀྱི་སྤུས་ཚད་ཀྱི་སྲོག་རྩ་བརྟན་སྲུང་བྱེད་དགོས། སྤྱི་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ལེགས་པོ་ཞུས་ཏེ། མཚོ་སྔོན་ལ་གཞི་ཚུགས་པ་དང་བསྡོམས་རྩིས་གཞི་གྲངས་ལ་བརྟེན་ནས་དཔལ་འབྱོར་འཕེལ་ཕྱོགས་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དཔྱད་གཞི་འདོན་སྤྲོད་བྱེད་དགོས་པ་དང་། རྒྱལ་ཡོངས་སུ་སྔར་ལས་གཞི་ཚུགས་ཐུབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་དམིགས་པ་དང་། “མཐོ་ས”སྐྲུན་པ་དང་། “གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་ནས། ས་ཁོངས་གཅིག་ལ་གཟི་བརྗིད་བརྩོན་ལེན་དང་། ཁྱོན་ཡོངས་ལ་བཀྲག་མདངས་སྣོན་པའི་སྲིད་ཇུས་དང་གྲོས་གཞི་སྔར་ལས་མང་པོ་འདོན་དགོས། དུས་བསྟུན་མདུན་སྐྱོད་ཀྱིས་བསྡོམས་རྩིས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། བསྡོམས་རྩིས་སྡེ་ཁག་གི་རང་ངོས་བཅོས་སྒྱུར་དམ་འཛིན་ལེགས་པོ་བྱེད་དགོས་ལ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་ཞབས་འདེགས་ཀྱང་ཞུ་དགོས་པ་དང་། བཅོས་སྒྱུར་་དང་འཕེལ་རྒྱས་ཀྱི་འབྲེལ་བའི་རང་བཞིན་དང་། བརྒྱུད་རིམ་རང་བཞིན། སྤྱོད་རུང་རང་བཞིན་བཅས་ལ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས། ཕྱོགས་སོ་སོའི་བཅོས་སྒྱུར་གཅིག་གྱུར་གྱིས་སྦྲེལ་མཐུད་ནུས་ལྡན་དང་ཕན་ཚུན་མཐུན་སྦྱོར་བྱེད་པར་རམ་འདེགས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཏེ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ་སོ་སོ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།
རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།