ཛཾ་ལྷའི་ནོར་གླིང་གི་སྣ་མང་རིག་གནས་སྒྱུ་རྩལ་འགྲེམ་སྟོན་མགོ་ཚུགས།
ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། ཛཾ་ལྷའི་ནོར་གླིང་གི་སྣ་མང་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ཁྲའོ་ཀྲོའུ་མཛེས་རྩལ་ཁང་ནས་འགོ་ཚུགས། ཐེངས་འདིའི་འགྲེམ་སྟོན་ཉིན་སོ་གསུམ་རིང་སྤེལ་རྒྱུ་ཡིན་ལ། ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་སའི་མཚན་སྙན་ཐོབ་པའི་ཛམ་ཐང་གི་གཟུགས་མེད་རིག་གནས་ཀྱི་བརྩམས་ཆོས་བརྒྱ་ལྷག་བཤམས་སྟོན་བྱས་ཏེ། ལྟད་མོ་ཚོར་གངས་ཅན་མཐོ་སྒང་གི་ལོ་རྒྱུས་ཀྱི་བྲོ་བ་མ་ཉམས་པའི་རིག་གནས་དགྱེས་སྟོན་རོལ་མྱོང་བྱེད་དུ་འཇུག་རྩིས་རེད།
ཐེངས་འདིའི་ཛཾ་ལྷའི་ནོར་གླིང་གི་སྣ་མང་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ནི་ཛམ་ཐང་རྫོང་དང་ཀོང་ཏུང་བར་ས་ཁུལ་མཉམ་ལས་ཀྱི་རིག་གནས་དྲིལ་བསྒྲགས་དང་སྤེལ་རེས་བྱེད་སྒོ་ཐོག་མ་ཡིན་ལ། ཛམ་ཐང་གཟུགས་མེད་རིག་གས་བརྒྱུད་སྦྱོང་ལྟེ་གནས་ཀྱིས་ལོ་མང་རིང་ས་གནས་སོ་སོ་ནས་གཟུགས་མེད་རིག་གནས་འགྲེམ་སྟོན་གྱི་རྒྱུན་བསྐྱངས་པ་ཡིན་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་མིག་དཔེ་ལྟ་ས་ཡང་ཡིན་པ་རེད།
ཛམ་ཐང་རྫོང་གིས་གཟུགས་མེད་རིག་གནས་སྒྱུ་རྩལ་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག དུས་རབས་ཀྱི་འགྲོས་དང་བསྟུན་ནས་སྲོལ་རྒྱུན་མཛེས་རྩལ་དང་ལག་རྩལ་སོགས་གཟུགས་མེད་རིག་གནས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཚོང་ལས་དང་ཐོན་ལས་ཅན་སྔོག་འདོན་བྱེད་པ་དང་། གཟུགས་མེད་རིག་གནས་ལ་གསོན་ཤུགས་གསར་པ་བསྩོལ་བའི་འཕེལ་རྒྱས་ལམ་བུ་འཚོལ་སྙེག་བྱས་ནས། རིག་གནས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་བྱས་ཏེ། གྲོང་གསེབ་དར་རྒྱས་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་གནང་བཞིན་ཡོད།
ཐེངས་འདིའི་གཟུགས་མེད་རིག་གནས་བརྩམས་ཆོས་འགྲེམ་སྟོན་ཐོག ཐང་ག་དང་རྫ་ཆས། ཤིང་བརྐོས། ཟངས་ཆས། གཙེག་དྲུབ། བོད་ཤོག བོད་སྤོས། སྨན་རྫས། སལ་གདན། བོད་ལྭ་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད། བརྩམས་ཆོས་རེ་རེའི་ཐོག་ནས་ཛམ་ཐང་གི་གཟུགས་མེད་རིག་གནས་རྒྱུན་འཛིན་མཁན་གྱི་ལག་རྩལ་ཉིང་བཅུད་མཚོན་ཡོད། དེ་དག་གཟུགས་མེད་རིག་གནས་ཀྱི་སྲོལ་རྒྱུུན་ལག་རྩལ་ཙམ་མ་ཡིན་པར་རིག་གནས་བརྩམས་ཆོས་གསར་གཏོད་ཀྱི་གྲུབ་འབྲས་ཀྱང་ཡིན་པ་རེད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག