སྨོན་ལམ་མཐོན་པོ། ལྗོངས་གཟིགས་ཡུལ་སྐོར་གྱི་མཛེས་པ་ཁྱད་དུ་འཕགས་པའི་གནས་མཆོག
མཚོ་སྔོན་པོའི་བྱང་ངོགས་དང་གསེར་དངུལ་ཐང་གི་པང་བ་རུ་ཆགས་པའི་མདའ་བཞི་རྫོང་ནི་ཙོང་ཆུའི་འབྱུང་ཁུངས་སུ་གནས་ཤིང་། རི་བོ་མཐོ་ཞིང་རྔམ་བརྗིད་ལྡན་པ་དང་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བ། རྩྭ་ཆུ་ཕུན་སུམ་ཚོགས་པའི་གནས་མཆོག་ཡིན། སྨོན་ལམ་མཐོན་པོ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོ་མདའ་བཞི་བུ་རྒོད་སྡེ་བར་གནས་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་རི་ཚོགས་ཁྲོད་ཀྱི་རི་རྩེ་མཐོ་ཤོས་ཤིག་ཡིན་ལ། སྨོན་ལམ་མཐོན་པོའི་རི་རྩེ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4024ཡོད། རི་མགོ་རུ་ཐུར་བལྟ་བྱས་ན་མཚོ་སྔོན་པོ་ལག་མཐིལ་དུ་ལངས་འདྲ་ཡིན་ལ། དེ་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚོ་སྔོན་པོའི་ཡུལ་ལྗོངས་ཧྲིལ་བོར་ལྟ་ཐུབ་པའི་རི་རྩེ་ཁོ་ན་ཡིན། སྨོན་ལམ་མཐོན་པོའི་ས་ཁམས་གནས་བབ་ལེགས་པར་མ་ཟད། དེ་ནུབ་མཚོ་གྲོང་རྡལ་དང་བོན་གྱ་ཕྱུགས་ར་དང་ཐག་ཉེ་སར་གནས་ཤིང་། མཚོ་སྔོན་པོ་དང་ཀྲུང་གོའི་རྡུལ་ཕྲན་མཁར། གསེར་དངུལ་རྩྭ་ཐང་བཅས་ཀྱི་ལྟེ་བའི་འབྲེལ་མཚམས་གཙོ་བོ་ཡིན་ལ། དབྱར་ཁར་སྔོ་ལྗང་ལྗང་གི་རི་རྩེར་བུད་ན་ནམ་མཁའ་དང་མཚོ་མོ་གཞི་གཅིག་ཏུ་འབྲེལ་བའི་མཛེས་ལྗོངས་མིག་མདུན་དུ་མངོན་ཡོང་། གསེར་མདོག་གི་བྱེ་གླིང་ནི་མཚོ་འགྲམ་ན་གནས་པའི་བྱེ་ཐང་གི་སྤང་ལྗོངས་དང་འདྲ་བར་མཛེས་ཤིང་སྡུག མཚོ་བོད་ལྕགས་ལམ་གྱིས་རི་བོ་དང་མཚོ་མོ་བརྒལ་ནས་མགྱོགས་པ་རླུང་དང་འགྲན་པའི་འགྲུལ་བཞུད་རེ་རེ་ཡིས་གནས་འདིའི་ཡུལ་ལྗོངས་ལ་མཛེས་པ་གཞན་ཞིག་བསྣན་ཡོད། ལོ་མགོར། མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔར་ལས་ཡག་པོ་བྱེད་པ་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ། སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་དེ་དཔལ་འབྱོར་གྱི་རིན་ཐང་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་རྒྱུར་སྣེ་ཁྲིད་བྱེད་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་ཀྱིས་སྐྱེ་ཁམས་ཀྱི་མཛེས་པ་ལ་བརྟེན་ནས་ཡུལ་སྐོར་གྱི་ཡོང་སྒོ་འཚོལ་ཐུབ་ཆེད་མཚོ་བྱང་ཁུལ་དུ་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་ཕྱིའི་རྟེན་གཞི་གསར་སྐྲུན་བྱས།
རི་འདབས་སུ་གནས་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་ཕྱིའི་རྟེན་གཞི་དེ་ནི2022ལོའི་ཟླ4པའི་ཚེས26ཉིན་ཐོ་འགོད་བྱས་ནས་གསར་དུ་བཙུགས་པ་དང་། བར་སྣང་ཁང་བ་དང་སྐར་གཟིགས་ཁང་བ། མཛའ་མཐུན་ཁང་བ། ཕ་བུའི་ཁང་བ་སོགས་རིགས་ཆེན་པོ7གྱི་འགྲུལ་ཁང27དང་ཉལ་ཁྲི39ཡོད། 2023ལོའི་ཟླ5པའི་ཚེས25ཉིན་ནས་བསྐྲུན་ཞོར་དང་ཚོང་གཉེར་བྱས་ཤིང་། དེའི་རིང་སྤྱིའི་ཡོང་འབབ་སྒོར་ཁྲི78བྱུང་བ་དང་ཡུལ་སྐོར་འགྲུལ་བ་ཁྲི6ཙམ་སྣེ་ལེན་བྱས་ཡོད། ད་ལོའི་ཟླ10པའི་ཟླ་མཇུག་བར་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་ཕྱིའི་རྟེན་གཞིར་ལས་གཉེར་ཡོང་འབབ་སྒོར་ཁྲི204.66བྱུང་ཡོད།
སྨོན་ལམ་མཐོན་པོའི་འདབས་ནས་འཚར་ལོངས་བྱུང་བའི་འབྲོག་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར། དེ་སྔོན་ང་ཚོས་རི་རྩེར་བསང་མཆོད་ཀྱི་བྱེད་སྒོ་སྤེལ་བ་ཙམ་མ་གཏོགས་རྒྱུན་དུ་མི་འགྲོ་ལ། རི་མགོར་སྐྱོད་པའི་ལམ་ཡག་པོ་མེད། རི་བོ་འདིར་ད་དུང་གཏམ་རྒྱུད་དེ་འདྲ་མང་པོ་ཡོད་པ་གཏན་ནས་ཤེས་ཀྱི་མེད། ད་ལྟ་འདི་ཉིད་གསར་བརྗེའི་སྐྱེ་ཁམས་ཉམས་ཞིབ་རྟེན་གཞིར་གྱུར་པ་དེ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྨོན་ལམ་མཐོན་པོའི་ལྗོངས་ཁུལ་གཏོད་རྒྱུར་ཕན་པ་ཡོད་ལ། ཁྱེད་ཀྱིས་ལྟོས་དང་། འདི་གར་སྒར་ཕྱིའི་རྟེན་གཞི་བཙུགས་པར་མ་ཟད། ཡུལ་སྐོར་བ་ཚོ་སྨོན་ལམ་མཐོན་པོའི་ལྗོངས་ཁུལ་དུ་ཡུལ་སྐོར་དུ་ཡོང་སྐབས་ངས་གཡོས་སྦྱོར་བྱས་པའི་སྐམས་ཤ་དང་འོ་མ། ཞོ་སོགས་ཁྱད་ལྡན་ཐོན་རྫས་ཉོས་པས་ཁྱིམ་གྱི་ཡོང་སྒོ་ལ་ངེས་པ་དོན་གྱིས་ཕན་ཐོགས་སོང་ཟེར།ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་སྤྱིའི་དམིགས་ཚད་ལ་དམིགས་པ་དང་གསེར་དངུལ་ཐང-རྡུལ་ཕྲན་མཁར-སྨོན་ལམ་མཐོན་པོ་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ་གསར་བརྗེའི་རིག་གནས་དང་། སྐྱེ་ཁམས་ཀྱི་གཞི་རྟེན། ཡུལ་སྐོར་གྱི་ངེས་གནས། མི་རིགས་ཀྱི་ཁྱད་ཆོས་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས"མཚོ་མོ་ལག་མཐིལ་ལེན་ས། མཐོན་པོ་སྒང་ལས་མི་འདུག"ཅེས་པའི་ཡུལ་སྐོར་འབོད་ཚིག་བསྒྲགས་ནས་སྨོན་ལམ་མཐོན་པོ་ནི་གསར་བརྗེའི་སློབ་གསོ་དང་། སྐྱེ་ཁམས་ཉམས་ཞིབ། ལྗོངས་གཅིག་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་ཡུལ་སྐོར་རྟེན་གཞི་ཞིག་བསྐྲུན་ཏེ་མཚོ་བྱང་གི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་གསོག་འཇོག་བྱས།ད་ལྟ། སྨོན་ལམ་མཐོན་པོ་ནི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞིར་གྱུར་ཡོད་པར་མ་ཟད། དེ་གར་མཚོ་སྔོན་པོ་བྱེ་མ་གསེར་ལྡན་གྱི་མཛེས་ལྗོངས་ཉམས་སུ་མྱོང་ཆོག་ལ། ལྟ་ན་སྡུག་པའི་མཚོ་བོད་ལྕགས་ལམ་གྱི་ཡུལ་ལྗོངས་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ལ། མཚོ་སྔོན་པོའི་སྐར་ཚོགས་ཀྱི་མཚན་ལྗོངས་ལ་ལྟད་མོ་ལྟ་བའི་གནས་མཆོག་ཅིག་ཀྱང་ཡིན་པས། རྩྭ་ཐང་གི་ལྗོངས་ཁུལ་དང་གསར་བརྗེའི་ཉམས་ལེན། སྤྲོ་གསེང་རོལ་རྩེད། རང་བྱུང་ཁམས་དང་ཉེ་བར་བཅར་བ། སྤྲོ་གསེང་མཉམ་འཛོམས་བཅས་ཀྱི་གསར་བརྗེའི་སྐྱེ་ཁམས་ཀྱི་སྤྲོ་གསེང་བྱ་ཡུལ་ཞིག་ཀྱང་ཡིན།ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ནོར་བུས་བཤད་རྒྱུར། "ང་ཚོས་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ནི་མཚོ་བྱང་ཁུལ་གྱི2024ལོའི་དགུན་དུས་ཡུལ་སྐོར་མགོ་རྩོམ་མཛད་སྒོའི་གཞི་རྟེན་ཐོག་མར་བྱས་ནས། སྨོན་ལམ་མཐོན་པོའི་གསར་བརྗེའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་པ་དང་། མི་རིགས་ཀྱི་རྒྱན་གོས་དང་དགུན་ལྭ་འགྲེམས་སྟོན་དང་དགུན་དུས་ཡུལ་སྐོར་འོས་སྦྱོར། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་སོ་སོའི" དགུན་དུས་ཡུལ་སྐོར་མཚོ་བྱང་དུ་སྐྱོད་པའི"གན་འཇོག་བྱེད་སྒོ་དང"མཚོ་སྔོན་པོ་དང་སྨོན་ལམ་མཐོན་པོ་རྟགས་མའི"རྐང་བགྲོད་འགྲན་སྡུར་ཆེན་མོ་སོགས་བྱེད་སྒོ་སོ་སོ9སྤེལ་བ་བརྒྱུད། ཕྱོགས་ཡོངས་ནས་མཚོ་སྔོན་པོ་དང་མདོ་ལ་རི་བོའི་དགུན་དུས་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་མངོན་པར་བྱ་རྒྱུ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ཕྱི་རོལ་རྟེན་གཞི་དང་སྨོན་ལམ་མཐོན་པོ་རི་རྩེར་གསར་བརྗེའི་རིག་གནས་བརྗོད་བྱ་གཙོ་བོར་བྱས་པའི་གངས་འཁྱགས་ཡུལ་སྐོར་གཏོད་དེ་མཚོ་བྱང་གི་དགུན་དུས་ཡུལ་སྐོར་གསོན་ཤུགས་གསར་པ་སྩོལ་རྒྱུ་ཡིན་ཟེར།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
文图/祁连山报社全媒体记者 李潇 责编/彭毛才旦
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系