“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས།
ཟླ12པའི་ཚེས26ཉིན།“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒན་རབས་གསར་བརྗེ་པ་དང་འཛུགས་སྐྲུན་པའི་སྙིང་སྟོབས་སེམས་སུ་འཛིན་པ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་ཆད་མེད་པར་རྒྱུན་འཛིན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ང་ཚོ་མི་རབས་འདིའི་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཁྲིན་ཙུང་རུང་གྲོས་ཚོགས་སུ་ཞུགས།
བཞུགས་མོལ་ཚོགས་འདུའི་སྟེང་ཁྲིན་ཙུང་རུང་དང་། དམག་དཔོན་མུའུ་ཧྲིན་ཀྲུང་གི་བུ་མོ་མུའུ་ཞའོ་ཧྥུན། མཚོ་བོད་གཞུང་ལམ་འཛུགས་སྐྲུན་བྱེད་པར་ཞུགས་པའི་ལས་བཟོ་པ་རྒན་པའི་འཐུས་མི་ཝུའུ་ཀྲན་རུའེ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་སུན་ཝུན་ཅན། ཁྲུང་ཆིན་འགྲིམ་འགྲུལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་སློབ་དཔྱོད་ཁང་གི་ཀྲུའུ་རིན་གོ་རུའེ་མེན། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་མགོ་གཙོ་ཧོང་ཧོ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་མཚོ་བོད་དམག་ཚུགས་པུའུ་ཡི་པུའུ་ཀྲང་ཝང་ཧའེ་པོ། རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དཔལ་ཡོན་ལས་བཟོ་པའི་དཔེ་དམག་ཀི་ཅུན། མཚོ་སྔོན་སློབ་ཆེན་གྱི་སློབ་མའི་འཐུས་མི་ལིའུ་ཙི་ཨའོ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད།
གཏམ་བཤད་ལ་ཉན་རྗེས། ཁྲིན་ཀང་གིས་ཚོགས་ཞུགས་བློ་མཐུན་ཚང་མ་ཡར་ལངས་ཏེ་ལག་ཟུང་ཐལ་མོ་རྡེབ་ནས་དམག་དཔོན་མུའུ་ཧྲིན་ཀྲུང་དང“ལམ་གཉིས”འཛུགས་སྐྲུན་བྱེད་པར་སྒེར་སེམས་མེད་པར་བྱས་རྗེས་བཞག་པའི་རྒན་རབས་གསར་བརྗེ་པ་དང་འཛུགས་སྐྲུན་པ། “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་མཁན་གྱི་ལས་རིགས་སོ་སོའི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་བཀུར་ཞུ་རྒྱུའི་གྲོས་འགོ་བཏོན་ལ། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་ཚོགས་ར་ཡོངས་སུ་གྲགས།
ཁྲིན་ཀང་གིས་བསྟན་དོན། ད་ལོ་ནི་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་ཏེ་ལོ70འཁོར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་གཉིས”བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་ཏེ་ལོ60འཁོར་བར་མཛུབ་སྟོན་གལ་ཆེན་གནང་ནས་ལོ10འཁོར་བའི་ལོ་ཡིན། “ལམ་གཉིས”ཀྱི་སྙིང་སྟོབས་ནི་རྒན་རབས་གསར་བརྗེ་པ་དང་འཛུགས་སྐྲུན་པ་རྣམས་ཀྱིས་ང་ཚོར་བཞག་པའི་དཔེ་མཚོན་ཞིག་ཡིན་ལ། དེས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་སོགས་དང་མཉམ་དུ་མཚོ་སྔོན་གྱི་མི་རབས་རེ་རེ་མཐོན་པོར་སྙེག་ནས་རྒྱང་རིང་ལ་ལྟ་བ་དང་། ཡིད་ཆེས་དང་སྒོ་འབྱེད་བྱེད་པ། མཐུན་སྒྲིལ་གྱིས་བྱས་རྗེས་འཇོག་པ། འབད་འཐབ་ལྷོད་མེད་བྱེད་པ་བཅས་ལ་སྐུལ་སློང་བྱེད་བཞིན་ཡོད། ང་ཚོས“ལམ་གཉིས”ཀྱི་སྙིང་སྟོབས་སློབ་སྦྱོང་ཡག་པོ་དང་རྒྱུན་འཛིན་བཟང་པོ། དར་སྤེལ་ཡག་པོ་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་དེ“མཚོ་སྔོན་གྱི་ལེའུ”ཁྲོད་ཀྱི་ཆེས་གཟི་བརྗིད་ལྡན་པའི་ལེའུ་རུ་འགྱུར་བར་བྱེད་པ་དང་། སྔར་ལས་མིག་དབང་འཕྲོག་པའི་དུས་རབས་ཀྱི་འོད་ཟེར་འཕྲོ་རུ་འཇུག་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན།“ལམ་གཉིས”ཀྱི་སྙིང་སྟོབས་ལས་གླེང་བ་ནི“དད་སེམས”ཡིན་ལ། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་རླབས་ཆེན་གྱི་མཆོང་སྐྱོད་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་དམ་འཛིན་བརྟན་པོ་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་དང་རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་བྱས་ཏེ་ཞབས་འདེགས་ཞུ་བར་བརྟེན་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་བྱེད་དགོས། “ལམ་གཉིས”ཀྱི་སྙིང་སྟོབས་ལས་གླེང་བ་ནི“བྱས་རྗེས་འཇོག་པ”ཡིན་ཞིང་། གསར་བརྗེ་པ་དང་འཛུགས་སྐྲུན་པ་རྒན་རབས་པའི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། སྐྱེ་ཁམས་ནུས་པ་ཆེ་ཤོས་ཀྱི་རྩ་བ་སྲ་བརྟན་དུ་གཏོང་བ་དང་། ཡུན་རིང་ལ་ཕན་པ། རྒྱལ་ཡོངས་ལ་ཕན་པ་ཐོབ་པ་བཅས་མངོན་འགྱུར་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”ལ་མཐའ་གཅིག་ཏུ་སྲུང་སྐྱོབ་ཡག་པོ་དང་། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེས་རྩ་ཆེ་བའི་ཁྱིམ་ཚང་གི་རྒྱུ་ནོར་ལ་སྲུང་སྐྱོབ་ཡག་པོ་བྱ་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་སྟེང“ལམ་གཉིས”ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྩལ་ཡོད། “ལམ་གཉིས”ཀྱི་སྙིང་སྟོབས་ལས་གླེང་བ་ནི“མཐུན་སྒྲིལ”ཡིན་ལ། རིགས་སོ་སོའི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། མི་རིགས་སོ་སོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བློ་བརྟན་འགྱུར་མེད་ངང་ཚད་མཐོའི་ཁས་ལེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རིགས་སོ་སོའི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱ་དགོས།“ལམ་གཉིས”ཀྱི་སྙིང་སྟོབས་ལས་གླེང་བ་ནི“བརྩེ་བ”ཡིན་ལ། གུང་ཁྲན་ཏང་གི་རིན་ཐང་ལྟ་བ་རྒྱུན་འཁྱོངས་དང་ལག་བསྟར་བྱས་ནས། ཁེ་གྱོང་ལ་མི་ལྟ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། སྒེར་སེམས་མེད་པའི་བརྩེ་བ་དང་།“མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས”ཡོང་བ་བཅས་ཀྱི་འགན་འཁྲི་ལ་བརྟེན་ནས། དཀའ་ངལ་ཁྱད་བསད་ཀྱིས་ལས་ཀ་སྒྲུབ་སྟེ་འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་པད་གོ་དང་། ཀྲུའུ་ཞང་ཧྥིན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ལིས་ཧྲིན་ལིས་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་ལས་ད་དུང་དམག་དཔོན་མུའུ་ཧྲིན་ཀྲུང་གི་གཉེན་ཉེ་ཀྲང་ཞུས་ཧན་དང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་གཞུང་ལམ་བཟོ་སྐྲུན་ཅུའུ་གཉིས་པའི་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞེ་གོ་ཆང་ཚོགས་འདུར་གདན་འདྲེན་ཞུས།
ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་ཆེན་དང་རྒྱལ་དབང་ཁེ་ལས། དེ་མིན་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མཚོ་བོད་གཞུང་ལམ་འཛུགས་སྐྲུན་ཁྲོད་ཞུགས་པའི་ལས་བཟོ་པ་རྒན་པ་དང་ཆེད་མཁས་པ། མོ་ཧི་རྔ་མོང་ར་བའི་ལས་བཟོ་པ་རྒན་པ། གཞི་རིམ་གྱི་སྔོན་ཐོན་དཔེ་མཚོན། སློབ་ཆེན་སློབ་མའི་འཐུས་མི་བཅས་གྲོས་ཚོགས་སུ་ཞུགས།
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系