མཚོ་སྔོན་པོའི་མཚོ་མཆོད་ལས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཟི་དཔལ་མཐོང་།
ཡུལ་དངོས་སུ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་སྲོལ་རྒྱུན་དམངས་སྲོལ་འཁྲབ་སྟོན། སྤྲོ་སེམས་འཁོལ་བའི་ཡོ་ལང་རྣམ་པར་རྒྱས་ནས“རྒྱལ་བདེ་འབངས་སྐྱིད་དང་མི་མཚོ་འཆམ་མཐུན”གྱི་གསོན་ཉམས་དོད་པའི་སྣང་བརྙན་ཞིག་མངོན་ཡོད།
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་ངོགས། གསེར་དངུལ་རྩྭ་ཐང་ཆེན་མོའི་ཡངས་སྟེང་དུ་རྟ་བ་མང་པོས་ལུས་ལ་མི་རིགས་ཀྱི་རྒྱན་གོས་གྱོན་ཞིང་། འདོ་བ་རྟ་ཕོར་ཆིབས་ཁ་བསྒྱུར་ནས་ལག་ཏུ་རྒྱལ་དར་མཐོན་པོར་བསྣམས་ནས་བརྩེ་སེམས་ཟབ་མོ་དང་བསམ་པ་རྣམ་དག་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་དགའ་བ་འབུམ་གྱིས་བསུས་ཡོད་ལ། དེས་མཐོ་སྒང་བ་དག་གིས་རང་བྱུང་ཁམས་ལ་བརྩི་མཐོང་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་འཚོ་བའི་འདུ་ཤེས་མཚོན་པར་མ་ཟད། ད་དུང་རྩྭ་ཐང་བ་དག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་སེམས་འདུན་བཟང་པོ་ཡང་མཚོན་པར་བྱས།
མཚོ་སྔོན་པོའི་མཚོ་མཆོད་ཅེས་པ་ནི་ཐུན་མོང་མ་ཡིན་པའི་གཟུགས་འདས་རིག་གནས་ཤིག་ཡིན་པའི་ངོས་ནས་མཚོ་མཆོད་རིག་གནས་ལ་ལོ་རྒྱུས་དང་སྒྱུ་རྩལ། སྐྱེ་ཁམས་བཅས་ཀྱི་རིན་ཐང་ཕུན་སུམ་ཚོགས་པ་ལྡན་ཡོད།
ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ལོ་རྒྱུས་རིག་གནས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མཚོ་མཆོད་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་མཛད་སྒོའི་བརྒྱུད་རིམ། སྲོལ་རྒྱུན་ལག་རྩལ་བཅས་ཐོ་འགོད་དང་ལེགས་སྒྲིག་ཞིབ་འཇུག་བཅས་བྱས་པ་བརྒྱུད་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཞི་གྲངས་མཛོད་དང་རྣམ་གྲངས་རྒྱུན་འཛིན་པའི“མི་རེར་ཡིག་ཚགས་རེའི”དངོས་བྲིས་ལེ་ཚན་སོགས་བཟོས་ནས་མཚོ་མཆོད་རིག་གནས་ཀྱི་ཐོན་ཁུངས་གསོན་ཤུགས་འཕེལ་བ་དང་དར་སྤེལ་ཐུབ་པ་བྱས། 2021ལོར་མཚོ་སྔོན་པོའི་མཚོ་མཆོད་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ཁག་གཉིས་པའི་ནང་བཅུག་ཡོད་ལ། “རང་བྱུང་བརྩི་བཀུར་དང་སྐྱེ་ཁམས་སྲུང་སྐྱོབ། མཐུན་སྒྲིལ་སྐུལ་འདེད”བཅས་ཀྱི་མཚོ་སྔོན་པོའི་མཚོ་མཆོད་མཛད་སྒོ་གཟབ་རྒྱས་དང“གསར་བརྗེའི་རིག་གནས་ཐང་ཆེན་གཟའ་འཁོར།” “ངའི་ཀྲུང་གོའི་ཕུགས་འདུན”སོགས་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་བ་སོགས་ཀྱི་དྲིལ་སྒྲོག་འགྲེམས་སྟོན་བྱེད་སྒོས“མཚོ་སྔོན་པོའི་མཚོ་མཆོད”སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཁག38གསོན་ཉམས་དོད་པོས་རྒྱུན་འཛིན་བྱེད་སྐབས“གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཛེས་ཉམས”མངོན་པར་བྱས་པ་དང་མཚོ་མཆོད་རིག་གནས་ཀྱི་ཉམས་འགྱུར་རྒྱུན་འཛིན་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་མཆོད་མཛད་སྒོའི་ཐོག་དུང་སྒྲ13གྲགས་པ་དེས་རྒྱལ་བདེ་དམངས་སྐྱིད་དང་རྒྱལ་ཕྱུག་དམངས་དར། མི་རིགས་མཐུན་སྒྲིལ། རི་ཀླུང་མཛེས་པ། སྐྱེ་ཁམས་ཤེས་དཔལ། རྒྱལ་དར་སེམས་མཐུན། ཞི་མཐུན་མཛའ་འབྲེལ། བདེ་སྡོད་ལས་བརྩོན། ལོ་ལེགས་བཟང་བ། ཕྱུགས་ལ་བཀོལ་མེད། འཇོན་མིའི་ཁྱབ་པ། ཚེ་རིང་ནད་མེད་བཅས་ཡོང་བའི་སྨོན་ལམ་བཏབ་པ་རེད། མཆོད་འབུལ་བྱེད་སྒོ་དེ་འགྲེམས་འཁྲབ་དང་འགྲེམས་སྟོན། ཉམས་ལེན། འགྲན་སྡུར་བཅས་ཀྱི་ཐོག་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་དེང་རབས་འཚོ་བའི་བར་འབྲེལ་བ་ཟབ་མོ་ཡོད་པ་གང་ལེགས་མཚོན་པ་དང་མཚོ་མཆོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་པར་བྱས་ཡོད། མཚོ་མཆོད་ཅེས་པའི་གཟུགས་འདས་ཤུལ་བཞག་རིག་གནས་དེ་འཚོ་བའི་ནང་འདྲེས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་དགེ་ལས་མངོན་ཡོད།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北祁连山报
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系