མཚོ་བྱང་གི་མ་འོངས་པའི་གཟའ་འཁོར་གཅིག་རིང་གི་གནམ་གཤིས་སྔོན་བརྡ།

政务   2024-12-23 11:15   青海  

གཅིག མ་འོངས་པའི་གཟའ་འཁོར་གཅིག་རིང་གི་གནམ་གཤིས་སྔོན་བརྡ།(ཟླ12པའི་ཚེས23ཉིན་ནས་ཚེས29ཉིན་བར།)

སྔོན་དཔག་བྱས་པ་ལྟར་ན། ཁུལ་ཡོངས་ལ་གནམ་ཐང་བ་པ་དང་། དེའི་ནང་ཚེས26ནས་ཚེས27ཉིན་བར་ཁངས་འབབ་པ་དང་དྲོད་ཚད་མར་ཆག་པ། རླུང་གཡུག་པ་བཅས་ཀྱི་གནམ་གཤིས་འབྱུང་རྒྱུ་ཡིན་པས་ཞིབ་ཕྲའི་སྔོན་བརྡ་གཤམ་གསལ་ལྟར།

ཟླ12པའི་ཚེས23ཉིན་ནས་ཚེས25ཉིན་བར། ཁུལ་ཡོངས་སུ་གནམ་ཐང་པའམ་སྤྲིན་མང་རྒྱུ་རེད། 

ཟླ12པའི་ཚེས26ཉིན། མདོ་ལར་ཁ་ཐོར་རང་བཞིན་གྱི་ཁངས་ཆུང་ཆུང་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་ཐང་ནས་སྤྲིན་མང་རྒྱུ་རེད། མདོ་ལ་དང་རྐང་ཚར་ཚད་རིམ5~6བར་གྱི་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་ཡིན་ཞིང་། རིམ་པ7ཡན་གྱི་ཐོལ་རླུང་གཡུག་རྒྱུ་རེད། 

ཟླ12པའི་ཚེས27ཉིན། ཁུལ་ཡོངས་ལ་གནམ་ཐང་རྒྱུ་རེད། ཆེས་མཐོ་བའི་དྲོད་ཚད2~4℃བར་ཇེ་དམའ་རུ་འགྲོ་རྒྱུ་ཡིན་ཞིང་། མདའ་བཞི་དང་རྐང་ཚར་ཚད་རིམ5~6བར་གྱི་རླུང་གཡུག་པའི་གནམ་གཤིས་འབྱུང་རྒྱུ་ཞིང་། རིམ་པ7ཡན་གྱི་ཐོལ་རླུང་གཡུག་རྒྱུ་རེད། 

ཟླ12པའི་ཚེས28ཉིན་ནས་ཚེས29ཉིན་བར། ཁུལ་ཡོངས་ལ་གནམ་ཐང་རྒྱུ་རེད།
གཉིས། ཐབས་ཇུས་དང་གྲོས་གཞི། 
1.ཚེས26ཉིན་མདོ་ལ་ས་ཁུལ་དུ་ཁངས་འབབ་པ་དང་རླུང་གཡུག་པའི་གནམ་གཤིས་ཡོད་པས་འགྲིམ་འགྲུལ་འགྲོ་འོང་དང་ནུས་རྒྱུ་མཁོ་འདོན་འགན་ལེན་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས། བྱ་བའི་བཀོད་སྒྲིག་ལ་ཤུགས་བསྣན་ཏེ་གནམ་གཤིས་ངན་པས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས།  

2.ཚེས27ཉིན་ཁུལ་ཡོངས་སུ་དྲོད་ཚད་ཇེ་དམའ་དང་རླུང་གཡུག་པའི་གནམ་གཤིས་ཡོད་པས་འབྲེལ་ཡོད་ལས་ཁུངས་ཀྱིས་རླུང་ཆེན་གནམ་གཤིས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ཕྱུགས་ཐོན་སྐྱེད། ཕྱི་རོལ་གྱི་ལས་སྒྲུབ། སྤྱི་དམངས་ཕྱིར་སྐྱོད་བཅས་ལ་ཤུགས་རྐྱེན་ངན་པ་བཟོ་བར་དོ་ཁུར་དང་དོགས་ཟོན་བྱེད་དགོས།

3.དྲོད་ཚད་ཅུང་དམའ་བས། མང་ཚོགས་ཀྱིས་གྲང་འགོག་དྲོད་སྲུང་བྱས་ཏེ་ཆམ་པ་ཕོག་པར་སྔོན་འགོག་བྱེད་དགོས།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

原文来源/海北州气象台

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章