མཚོ་སྔོན་གུང་ཧོའི་ཐད་གཏོང་མཁན་ཞིག་ལ་སྐྱོན་བརྗོད་སློབ་གསོ་བཏང་།

政务   2024-12-25 16:50   青海  

མཚོ་སྔོན་གུང་ཧོའི་དྲ་ལམ་ཐད་གཏོང་མཁན་ཞིག་ལ་སྐྱོན་བརྗོད་སློབ་གསོ་བཏང་བ།

ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་སྐབས་དྲ་ལམ་ཐད་གཏོང་མཁན“མཚོ་་་ཚེ”ཟེར་བའི་བདག་པོ་གུ་ཆེ་གེ་མོས་ཐད་གཏོངPKམཉམ་འགུལ་བྱེད་སྐབས་ངན་པ་ཐ་ཤལ་གྱི་བྱ་ཐབས་ལ་བརྟེན་ནས་མི་རྣམས་ཀྱི་མིག་དབང་འཕྲོག་ཐབས་དང་གཡོ་འགུག་བྱས་ལ། བྱ་སྤྱོད་དེས་སྤྱི་ཚོགས་ཀྱི་གོམས་སྲོལ་བཟང་པོ་དང་འགལ་ནས་དྲ་རྒྱའི་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཤིང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པ་ཤེས་རྟོགས་བྱུང་། གུང་ཧོ་རྫོང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་མགྱོགས་མྱུར་ངང་ཐད་གཏོང་ནང་དོན་ལ་བདེན་དཔང་བླངས་པ་དང་། ཟླ12པའི་ཚེས24ཉིན། རྫོང་སྤྱི་བདེ་ཅུས་དང་མཉམ་དུ་གུ་ཆེ་གེ་མོ་ལ་ཐད་གཏོང་ཁྲོད་གནས་པའི་ཐ་ཤལ་དང་སྒྲིག་འགལ་བྱ་སྤྱོད་ལ་ཡུལ་དངོས་སུ་ཞིབ་དཔྱད་བྱས་པ་དང་གུ་ཆེ་གེ་མོས་སྦ་གསང་མེད་པར་བྱ་སྤྱོད་ཁས་ལེན་བྱས།

《སྦྲེལ་དྲ་ཐད་གཏོང་ཞབས་ཞུའི་དོ་དམ་གཏན་འབེབས།》དང《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་གཏན་འབེབས།》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས།》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས།》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གུང་ཧོ་རྫོང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དང་རྫོང་སྤྱི་བདེ་ཅུས་ཀྱིས་གུ་ཆེ་གེ་མོ་ལ་སྐྱོན་བརྗོད་སློབ་གསོ་བཏང་སྟེ་ཁོའི་ཐད་གཏོང་ཨང་གྲངས་ཟླ་གཅིག་ལ་སྒོ་རྒྱག་པའི་ཆད་པ་བཅད། གུ་ཆེ་གེ་མོས་རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་གཏིང་ཟབ་བྱས་ནས་སྐྱོན་བརྗོད་དང་ལེན་བྱས་པར་མ་ཟད《དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་འགན་ལེན་ཡི་གེ》དང《གུང་ཧོ་རྫོང་གི་དྲ་རྒྱའི་ཐད་གཏོང་མཁན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་ཁས་ལེན་ཡི་གེར》མིང་རྟགས་བཀོད།

དྲ་འཕྲིན་དང་སྤྱི་བདེ་གཉིས་ཀྱིས་མཉམ་འབྲེལ་ཐོག་དྲན་སྐུལ་བྱས་དོན། དྲ་ལམ་ཐད་གཏོང་མཁན་ཁ་ཅིག་གིས་མི་གྲངས་དང་རྒྱུ་ནོར་བསྡུ་ཆེད། ཐ་ཤལ་དང་ཆགས་སྲེད་སོགས་ཀྱི་ནང་དོན་སྤྱད་དེ་མི་སེམས་དང་མིག་དབང་བཀུག་ནས་དོ་ཁུར་བྱེད་མཁན་མང་དུ་གཏོང་ཐབས་བྱེད་བཞིན་ཡོད། བྱ་སྤྱོད་དེ་དག་གིས་དྲ་རྒྱའི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོས་པར་མ་ཟད་སྤྱི་ཚོགས་ཀྱི་དར་སྲོལ་དང་འགལ་ཡོད་ཅིང་། ཐ་ན་བཅའ་ཁྲིམས་ཀྱི་ཆེས་མཐའ་མའི་ཚད་ཐིག་ལའང་སླེབས་བཞིན་ཡོད་པས། འདིར་རྒྱ་ཆེའི་དྲ་དམངས་ལ་དྲན་སྐུལ་བྱ་རྒྱུ་སྟེ། དྲ་རྒྱ་ནི་ཁྲིམས་ཕྱིའི་ས་ཆ་ཞིག་མིན་པ་དང་ལྷག་པར་དུ་དྲ་ལམ་ཐད་གཏོང་མཁན་གྱིས་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ། རང་རྟོགས་ངང་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ཐུན་མོང་ཐོག་དྲ་རྒྱའི་བར་སྟོང་དྭངས་གསལ་ཞིག་བསྐྲུན་དགོས།
ཀྲུང་གུང་གུང་ཧོ་རྫོང་ཨུའི་དྲ་འཕྲིན་གཞུང་ལས་ཁང་།
གུང་ཧོ་རྫོང་སྤྱི་བདེ་ཅུས།
2024ལོའི་ཟླ12པའི་ཚེས24ཉིན།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

原文来源/共和融媒 西海都市报

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章