ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-12-24 08:35   青海  
གསར་འགྱུར་གལ་ཆེན།

ཀྲུང་དབྱང་དམག་ཨུའི་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤྲོད་པའི་མཛད་སྒོ་ཚེས23ཉིན་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་འཚོགས་པ་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཕེབས་པ་རེད།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་གཅིག་གྱུར་སྒོ་དབྱེའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས་པ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ད་ལོའི་ཟླ11པ་ནས2025ལོའི་དཔྱིད་གསར་དུས་ཆེན་སྔོན་དུ། རྒྱལ་ཡོངས་ཁྲིམས་ཁང་དུ་གླ་ཕོགས་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་ཆེད་དོན་བྱ་སྤྱོད་སྤེལ་ཏེ། བསམ་བཞིན་དུ་གླ་ཕོགས་འགྱངས་ཆད་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་རེད།

རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ད་ལོའི་ཟླ11པ་ནས་བཟུང་། དུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་དང་རྙོག་འཛིང་སྣང་ཚུལ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་དང་། དུས་ཡུན་ལོ་གཅིག་རེད།

བརྟག་དཔྱད་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར19.29ལ་སླེབས་ནས་མུའུ་ཁྲི1120.4འཕར།

2024ལོར། རང་རྒྱལ་གྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར645ཙམ་ཡིན་པ་དང་། དུས་མཚུངས་ལས5.2%ཙམ་འཕར་བ་རེད།

ཟླ11པའི་ཟླ་མཇུག་བར་དུ། རང་རྒྱལ་གྱི5Gསྤོ་འགུལ་ཁ་པར་སྤྱོད་མཁན་དུད་ཚང་དུང་ཕྱུར10ལས་བརྒལ་ནས། དུད་ཚང་དུང་ཕྱུར10.02སླེབས་ཡོད་པ་རེད།

རང་རྒྱལ་གྱིས་ཐོན་རྫས་ཚུར་བསྡུའི་ལམ་ལུགས་ལག་ལེན་བསྟར་ནས་ལོ20ཡི་རིང་དུ། སྐྱོན་ཡོད་པའི་རླངས་འཁོར་ཚུར་བསྡུ་ཐེངས་སུམ་སྟོང་ལྷག་ཙམ་བྱས་པ་དང་། རླངས་འཁོར་དུང་ཕྱུར1.12དང་འབྲེལ་བ་ཡོད་པ་རེད།

ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཨ་རིས་ཀྲུང་གོའི་ཉིང་ལྷེབ་ཐོན་ལས་ཀྱི་འབྲེལ་ཡོད་སྲིད་ཇུས་ལ301བརྟག་དཔྱད་བྱ་རྒྱུའི་སྐོར་ལ་གཏམ་བཤད་སྤེལ།

རྒྱལ་སྲུང་པུས་ཨ་རིས་ཐའེ་ཝན་ལ་དམག་རོགས་དམག་ཚོང་བྱེད་པར་བརྡ་ལན་སློག་སྐབས། ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་ཆོད་པ་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས“ཐའེ་ཝན་རང་བཙན”གྱི་ཁ་བྲལ་ལྐོག་གཡོ་ཕམ་ཉེས་སུ་གཏོང་བ་དང་། ཨ་རི་སོགས་ཀྱི་ཕྱི་ཕྱོགས་ཀྱི་ཐེ་ཇུས་སྟོབས་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན།

འཇར་པིན་གྱི་རླངས་འཁོར་བཟོ་སྐྲུན་ཚོང་པ་པིན་ཐན(本田)དང་རི་ཁྲན(日产)གཉིས་ཀྱིས་ཟླ་སྒྲིལ་གཏོང་རྒྱུའི་གྲོས་མོལ་བྱེད་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

ཚེས23ཉིན་གྱི་ཆུ་ཚོད14པར། ད་ལོའི་མཚོ་རླུང་དྲག་པོ“ཕ་པུའུ”ཨང26པ་དེ་ཐོན་པ་དང་། མཁའ་རླུང་གྲང་མོ་དང་རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཐའེ་ཝན་མཚོ་འགག་དང་། དེ་བཞིན་ནན་ཧའེ་སོགས་མཚོ་ཁུལ་དུ་རླུང་ཆེན་གྱི་གནམ་གཤིས་ཡོད།

ཟླ11པར། རྒྱལ་ཁབ་ལྕགས་ལམ་གྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར3.5ཡིན་པ་དང་། དུས་མཚུངས་ལས5.5%འཕར་བ་རེད།

ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་དེ་སྔའི་ཏང་ཨུའི་རྒྱུན་ཨུ་དང་སི་ལིང་ཡོན(司令员)གཞོན་པ་ཅའོ་ཞའོ་ཕིན་གྱིས་ལྐོག་རྔན་བླངས་པའི་གྱོད་དོན་ལ་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཅའོ་ཞའོ་ཕིན་ལ་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུའི་ཁྲིམས་ཐག་བཅད།

ཀྲུང་གོའི་ཐེངས41པའི་ལྷོ་སྣེའི(南极)རྟོག་ཞིབ་རུ་ཁག་གི་ཀྲུང་ཧྲན་ས་ཚིགས་ས་ཁོངས་ཀྱི་དུས་མཚམས་དང་པོའི་དངོས་ཟོག་ལེན་པའི་ལས་འགན་ཚེས22ཉིན་འགྲུབ་པ་དང་། དངོས་ཟོག་ཏུན1158.8བླངས་པ་དང་། དངོས་ཟོག་ཏུན115.9ཕྱིར་སྐྱེལ་བ་རེད།

ཟླ12ཚེས31ཉིན། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱིས་མཉམ་དུ་མང་ཚོགས་ཀྱི་ལོ་གསར་གྱི་ཉིན་མོ་ལྡོག་རྩིས་བྱེད་པའི་བྱེད་སྒོ་ཐོག་མར་སྤེལ་རྒྱུ་རེད།

ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་འགྲན་ར་གཙོ་བོ་དང་ཨོ་སི་ཁྲུ་ལི་ཡའི་རུ་ཁག་གི2026ལོའི་འཛམ་གླིང་བུམ་པའི་ཨེ་ཤེ་ཡའི་ཁུལ་གྱི་གྲ་སྒྲིག་འགྲན་བསྡུར་དེ་ཧང་ཀྲོའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་སྤེལ་རྒྱུ་དང་། འགྲན་བསྡུར་དུས་ཚོད2025ལོའི་ཟླ3པའི་ཚེས25ཉིན་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

ཧོ་ནན་གྱི་བུད་མེད་ཁྲིམས་དཔོན་ཞིག་རྐྱེན་ལམ་དུ་ཤོར་བའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཏང་ཀྲི་ཅུན་ལ་སྲོག་ཁྲིམས་གཅོད་རྒྱུ་ཐག་བཅད།

ཧུའུ་ནན་ཁྲང་ཏེའི“སློབ་ཆུང་སློབ་མ་སོགས་མི་ཚོགས་ལ་རླངས་འཁོར་གྱིས་བརྡུངས་པའི”གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཧོང་ཝུན་ལ་སྲོག་ཁྲིམས་འགྱངས་ཆད་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

རྒྱལ་སྤྱིའི་ཨང་རྟགས361712ཅན་གྱི་རྒྱུ་སྐར་ཆུང་བར“ལིའུ་ཧུའེ་སྐར་མ”(刘微星)ཞེས་མིང་བཏགས་པ་དང་། དེས་ཀྲུང་གོའི་ཝེ་ཅིན(魏晋)དུས་སྐབས་ཀྱི་གྲངས་རིག་མཁས་པ་ལིའུ་ཧུའེ་དང་། ཁོང་གིས་མཚོན་པའི་ཀྲུང་གོའི་གྲངས་རིག་ལ་བླ་ན་མེད་པའི་གུས་སེམས་མཚོན་ཡོད།

ཉེ་ཆར། གནམ་གཤིས་ཀྱི་དྲོད་ཚད་མྱུར་དུ་ཇེ་དམའ་བུ་སོང་བའི་རྐྱེན་གྱིས་རྨ་ཆུའི་ཧུའུ་ཁོའུ་རྦབ་ཆུར་བརྗིད་ཆགས་ཡིད་འོང་གི“དར་གྱི་རྦབ་ཆུ་དང་གཡུ་ཡི་མེ་ལོང་”གི་མཛེས་ལྗོངས་མངོན།

སྲིད་ཇུས།

སི་ཁྲོན་གྱིས་ཡིག་ཆ་བཀྲམས་ནས་དམངས་གཉེར་སྨན་ཁང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་དང་ཚད་ལྡན་དུ་བཏང་སྟེ། དམངས་གཉེར་སྨན་ཁང་ལ་སྨན་རྫས་བསྡུ་རུབ་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་པ་དང་། གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་ཞིབ་བཤེར་དང་ཞིབ་བཤེར་བྱས་འབྲས་དང་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་རེད།

ཧའེ་ནན་གྱིས་ལས་ཞུགས་ཚོགས་སྤྱི་གསར་པར་དོ་ཁུར་དང་ཞབས་འདེགས་ཞུ་བའི་བྱེད་ཐབས་དོན་ཚན་ཉི་ཤུ་བཏོན་ནས་ལས་ཞུགས་ཚོགས་སྤྱི་གསར་པ་བཟོ་ཚོགས་ལས་བཟོའི་སྨན་བཅོས་རོགས་རེས་འགན་ལེན་ཁྱབ་ཁོངས་དང་། ལས་རིགས་ཀྱི་གནོད་འཚེ་འགན་ལེན་ཁྱབ་ཁོངས་ནང་འཇུག་རྒྱུ་ཁ་གསལ་བཏོན་ཡོད།

ཧྲེན་ཀྲེན་གྱིས་རྒྱལ་ཡོངས་ཀྱི་དུས་ཐོག་ཏུ་སྡེབ་སྐྱེལ་གཉེར་སྐྱོང་བྱེད་མཁན་གྱི་ལུགས་མཐུན་མཛུབ་ཁྲིད་ཐོག་མ་ཁྱབ་བསྒྲགས་བྱས་ནས། སྡེབ་སྐྱེལ་ཞབས་ཞུའི་ལས་སྟེགས་ལ་སྡེབ་སྐྱེལ་དུས་ཚད་ལུགས་མཐུན་ངང་བཟོས་ནས་དཔྱད་ཞིབ་སྒྲིག་སྲོལ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

དེ་རིང་གི་གནམ་གཤིས།

ཞིན་ཅང་གི་བྱང་རྒྱུད་དང་ནན་ཅང་རི་ཁུལ། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ལྷོ་ཁུལ། མཚོ་སྔོན་གྱི་ནུབ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ནང་སོག་གི་ཤར་རྒྱུད་དང་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་དང་།  ས་ཆ་ཁ་ཤས་སུ་ཆར་ཆེན་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章