གསེར་མཚེའུ་དར་ཐོག་སྤྲོ་སྐྱིད་གླིང་ག་ཚེས30ཉིན་སྒོ་འབྱེད་རྒྱུ་རེད།

政务   2024-12-24 10:50   青海  

ནུབ་མཚོ་གྲོང་རྡལ་གསེར་མཚེའུ་དར་ཐོག་སྤྲོ་སྐྱིད་གླིང་ག་སྒོ་འབྱེད་རྒྱུ་རེད།

རིག་གནས་ཡུལ་སྐོར་ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་གསར་སྤེལ་དང་། ཁྱབ་གདལ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་མདའ་བཞིའི་གངས་འཁྱགས་ཡུལ་སྐོར་གྱི་ལེགས་ཆའི་གནས་བབ་སྔོག་འདོན་གཏིང་ཟབ་བྱས་ཏེ། དགུན་དཔྱིད་དུས་ཀྱི་མདའ་བཞིའི་གངས་འཁྱགས་ཡུལ་སྐོར་ཁྲོམ་རར་སྐུལ་སློང་བྱ་ཆེད། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་དགུན་དུས་ཡུལ་སྐོར་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། ནུབ་མཚོ་གྲོང་རྡལ་གསེར་མཚེའུ་དར་ཐོག་སྤྲོ་སྐྱིད་གླིང་ག་ཉེ་ལམ་དངོས་སུ་ལས་གཉེར་བྱ་བརྩིས་ཡོད་པས། ལྷག་བསམ་ཟོལ་མེད་ངང་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བ་གངས་འཁྱགས་རོལ་རྩེད་ཉམས་ལེན་དང་ཁྱད་ལྡན་ཟས་མཆོག་ལ་རོལ་མྱོང་བྱེད་པར་གདན་འདྲེན་ཞུ་བཞིན་ཡོད།

ལས་གཉེར་དུས་ཚོད། 2024ལོའི་ཟླ12པའི་ཚེས30ཉིན་ནས་བཟུང་།

ས་གནས། མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གསེར་མཚེའུ་དར་ཐོག་སྤྲོ་སྐྱིད་གླིང་ག

གངས་འཁྱགས་རོལ་རྩེད་རྣམ་གྲངས་ལ། མི་གཅིག་དང་གཉིས་ཅན་གྱི་འཁྱགས་འཁོར་དང་། མི་གཅིག་ཅན་གྱི་ལྕགས་རྟ། བྱིས་པའི་ལྕགས་རྟ། མི་གཉིས་ཅན་གྱི་དར་ཐོག་སྐོར་རྒྱག་ལྕགས་རྟ། གངས་སྟེང་འཁོར་ལོ། བྱེས་བགྲོད་སྦག་སྦག་འཁོར་ལོས་གངས་སྒོར་འཐེན་པ། གློག་རྡུལ་རྡུང་ཐུག་འཁོར་ལོ། ཁ་ཏིན་རླངས་འཁོར། གཡོ་གཡོ་རླངས་འཁོར། མི་བདུན་ཅན་གྱི་འབྲུག་གྲུ པོ་པོ་སྤོ་ལོ་སོགས་ལས་གཞི་དུ་མ་ཡོད།

ཟས་མཆོག་རོལ་མྱོང་གི་སྐོར་ལ། རྟ་ཐོག་བ་མ། ཚ་ཐབ་ཟས་མཆོག སྲེག་གོར། ཐབ་ཁར་ཇ་བསྐོལ་བ་སོགས་ཡོད།

གླིང་གའི་པར་སྒྲོན་ལྗོངས་གནས།
དར་གྱི་བརྐོས་བཟོ་རི་མོ་སྟེ། ཤ་མང་དབྱིབས་ཀྱི་སྤྲིན་པ། མདེལ་གཉིས་སྐར་གཅིག་གི་དྲན་རྟེན་རྡོ་རིང་། སྨོན་ལམ་མཐོན་པོ། འཁྱགས་བསྡམས་རྒྱ་སེ་མེ་ཏོག དར་ལས་བཟོས་པའི་དོམ་དང་གསའ་སོགས། 
ཁངས་ཀྱི་བརྐོས་བཟོ་དངོས་པོ་ལ། ལོ་འཁོར་བཅུ་གཉིས་དང་། ཁངས་ཀྱི་དམག་སྡེ། གངས་ཀྱི་ཁང་བ་སོགས།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

来源/西海镇政府 责编/彭毛才旦

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章