ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-12-25 08:37   青海  
གསར་འགྱུར་གལ་ཆེན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས11བར། ཀྲུང་དབྱང་ཁེ་ལས་ཀྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་འཇོག་པར་སྒོར་དུང་ཕྱུར་ཁྲི2ལེགས་འགྲུབ་བྱས་པ་དང་། དུས་མཚུངས་ལས18.7%འཕར་བ་རེད།

ནོར་སྲིད་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། སང་ལོར་རང་རྒྱལ་གྱིས་ནོར་སྲིད་ཀྱི་མཚལ་ཡིག་གི་ཚད་ཐིག་མཐོ་རུ་གཏོང་རྒྱུ་སོགས་ཕྱོགས་ལྔའི་ཐད་སྔར་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཟོག་འགྲེམས་ཁྲོམ་རའི་གཞི་ཁྱོན་བསྟུད་མར་ལོ་དགུ་ལ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

ད་ལོའི་སྔོན་གྱི་ཟླ11ནང་། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་ཁྱོན་སྡོམ་ཡུལ་སྐོར་མེ་འཁོར་ཐེངས1737བཏང་བ་དང་། དུས་མཚུངས་ལས17.6%འཕར་བ་རེད།

སྐྱེ་ཁམས་ཁོར་ཡུག་པུ་ཡིས་ཡིག་ཆ་བཀྲམས་ནས། རྡོ་སྣུམ་རྫས་འགྱུར་དང་། གློག་ཤུགས། ངར་ལྕགས་དང་ཨར་ལས་རྒྱུ་ཆ་བཅས་ལས་རིགས་བཞི་ལ་ཡུལ་དངོས་ལྟ་སྐོར་རམ་དྲ་ཐོག་གི་ལྟ་སྐོར་གྱི་རྣམ་པའི་ཐོག་ནས་སྤྱི་དམངས་ལ་སྤྱི་སྒྲོག་བྱེད་རྒྱུའི་སྐུལ་ལྕག་གནང་བ་རེད།

དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུ་ཡིས་ཉེ་ཆར《དཔའ་བོའི་དྲན་གསོའི་སྒྲིག་བཀོད་ཚད་ལྡན་འཛུགས་སྐྱོང་བྱེད་པའི་ལག་རྩལ་མཛུབ་ཁྲིད》པར་འགྲེམས་བྱས་པ་རེད།

བཟོ་ལས་ཆ་འཕྲིན་པུ་ཡིས་ཡིག་ཆ་བཏོན་ཏེ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྒུལ་ཤུགས་གློག་རྫས་རྙིང་པ་ཕྱོགས་བསྡུས་བེད་སྤྱོད་ལས་རིགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱུ་ཡིན་པ་རེད།

ལྕགས་བཞུ་བཟོ་ལས་འཆར་འགོད་ཞིབ་འཇུག་ཁང་གིས་སྔོན་དཔག་བྱས་པ་ལྟར་ན། 2025ལོར་འཕྲུལ་ཆས་སོགས་ལས་རིགས་ཀྱི་ངར་ལྕགས་རྒྱུ་ཆའི་འཛད་སྤྱོད་འཕར་བའི་རྣམ་པ་མངོན་ཡོད་པ་རེད།

ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བའི་དགེ་མཚན་མེད་པའི་ནང་དོན་ཡོད་པའི“2025ལོའི་ནོར་སྲིད་ལོའི་རྒྱལ་སྲུང་དབང་ཆ་སྤྲོད་པའི་ཁྲིམས་གཞིར”མིང་རྟགས་བཀོད་ནས་ཁྲིམས་སུ་བཅས་པར་དམིགས་ནས། ཚེས24ཉིན་ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་ཡིད་འཐད་མིན་པ་དང་། ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཡང་དག་དང་ལུགས་མཐུན་གྱི་ལྟ་ཚུལ་འཛིན་པར་སྐུལ་མ་གཏོང་རྒྱུ།

ཚེས23ཉིན་དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་རྒྱལ་སྲུང་པུ་ཀྲང་ཁ་ཚི་ཡིས་ཉིན་དེར་དབྱི་སི་རལ་གྱིས་ཟླ7པའི་ཚེས31ཉིན་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་མགོ་ཁྲིད་ཟུར་པ་ཧ་ཉི་ཡ་ལྐོག་གསོད་བྱས་པ་ར་སྤྲོད་བྱས་པ་རེད།

སྤྱི་ཚོགས།

དེ་རིང་ནས་བཟུང་མཁའ་རླུང་ཅུང་འཁྱག་པོ་ཞིག་སླར་ཡང་ཡོང་རྒྱུ་ཡིན་པ་དང་། དབུས་ཤར་རྒྱུད་ཀྱི་ས་ཁུལ་དུ་སྔ་རྗེས་སུ་དྲོད་ཚད་ཏུའུ4ནས6བར་ཇེ་དམའ་རུ་འགྲོ་རྒྱུ་རེད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་མི་སྣ་སུ་ལའང“གློག་རྡུལ་སྨན་བཅོས་འགན་བཅོལ་བྱང་གཞི”ནུས་སློང་བྱེད་དབང་སྤྲད་མྱོང་མེད་ཟེར།

ཚེས24ཉིན། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས“དམིགས་བསལ་མཁོ་སྤྲོད་ཨ་རག”རྒྱལ་ཡོངས་སུ་གཅིག་གྱུར་མེད་པར་གཏོང་བའི་བྱེད་སྒོ་སྤེལ་ནས“དམིགས་བསལ་མཁོ་སྤྲོད་ཨ་རག”སྡོམ་འབོར་ཤེལ་དམ་ཁྲི13.2མེད་པར་བཟོས།

ཚེས23ཉིན། “ཆུ་བེད་ཨང་དང་པོའི”རྒྱང་ཚོར་འཁོར་སྐར་གྱི་འཁྱག་དར་གནས་ཚུལ་ལྟ་ཞིབ་ཚད་ལེན་གྱི་པར་རིས་དང་པོ་བདེ་བླག་ངང་ཕྱིར་སྐྱེལ་བྱས།

ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ལས་ཨུ་ཡོན་དང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་སྔོན་གྱི་ཀྲུའུ་རིན་ཝུའུ་དབྱིང་ཅེ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

ཚེས24ཉིན། ཀྲུང་གོ་བཟོ་ཚོང་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་ལི་ཞན་གྱི་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཡོངས་བསྒྲགས་དཔྱད་མཚམས་བཏང་བ་དང་ལིའུ་ལི་ཞན་ལ་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་པ་རེད།

འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་རྣམ་གྲངས་ཏེ། ཧྭ་ནེང་ན་ཀུའུ་འོད་ཤུགས་གློག་ཁང་གི་དུས་དང་པོའི་རྣམ་གྲངས་དེ་ཡུན་ནན་བདེ་ཆེན་དུ་དངོས་སུ་དྲ་སྦྲེལ་གློག་གཏོང་བྱས་པ་དང་། ས་བབ་མཐོ་ཤོས་མཚོ་འཕགས་སྨི5240ལས་བརྒལ་ཡོད་པ་རེད།

ཧྲན་ཞི་ཅིན་སོལ་ལྕགས་ལམ་ཆེད་སྤྱོད་ལམ་ཐིག་བསྐྱར་སྐྲུན་རྒྱ་སྐྱེད་ལས་གྲྭ་དངོས་སུ་ལེགས་གྲུབ་བྱུང་།

སྤྱི་བདེ་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ11པ་ནས་བཟུང་རྒྱལ་ཡོངས་སུ་ཆང་འཐུང་ནས་རླངས་འཁོར་སྐོར་བ་ལས་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་ཐེངས1200ལྷག་ཙམ་བྱུང་བ་དང་། མི110ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་རེད།

ཉེ་ཆར། ཞིན་ཅང་ཨ་ལ་ཧྲན་ཁོའུ་ས་ཚིགས་སུ་ལྗིད་ཐེག་རླངས་འཁོར་ཞིག་འགྱིག་འཁོར་གད་ནས་འགྲོ་མི་ཐུབ་པའི་སྐབས་སུ། སྐོར་ཞིབ་བྱེད་བཞིན་པའི་ཉེན་རྟོག་པ་ཝང་ཝུན་ཐའོ་དང་ཡེ་ཨེར་པན·ཐུར་ཧན་ཅང་གིས་འཕྲལ་མར་སྐྱོན་བྱུང་བའི་རླངས་འཁོར་གྱི་འགྱིག་འཁོར་བརྗེ་རོགས་བྱས་ནས-16℃ཡི་ཁངས་འཚུབ་ཁྲོད་སྐར་མ20རིང་ཞིག་གསོ་བྱས་རྗེས། གནད་དོན་ཐག་གཅོད་ལེགས་འགྲུབ་བྱུང་ནས་འགྲུལ་སྐྱོད་པ་འགྲོ་ཐུབ་སོང་།

སྲིད་ཇུས།

ལིའོ་ཉིང་གིས་ཡིག་ཆ་བཏང་ནས། མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་གིས་སྔོན་ལ་བེད་སྤྱོད་བྱས་རྗེས་གྲོན་དངུལ་སྤྲོད་པའི་བྱེད་སྟངས་ལྟར་ཚན་རྩལ་གྲུབ་འབྲས་ཁེ་ལས་འབྲིང་ཆུང་དང་ཕྲན་ཆུང་ལ་བེད་སྤྱོད་གཏོང་ཆོག་པའི་སྐུལ་ལྕག་དང་ཁྲིད་སྟོན་བྱས་པ་རེད།

ཅང་སུའུ་ཡིས་རྒན་གསོའི་སྒྲིག་གཞིས་རྒན་གསོའི་ཞབས་ཞུའི་གྲོན་དངུལ་སྔོན་བསྡུ་ལེན་བྱེད་པའི་དུས་ཡུན་རིང་ཤོས་དེ་ཟླ6ལས་བརྒལ་མི་ཆོག་པ་གསལ་བོར་བསྟན་ཡོད།

ཀོང་ཏུང་གིས་སྒྲིག་སྲོལ་ཞིབ་ཕྲ་པར་འགྲེམས་བྱས་ནས་ཆ་རྐྱེན་དང་མཐུན་པའི་བཟོ་སྐྲུན་ལས་རིགས་ཁེ་ལས་ལ་ལག་རྩལ་བསྒྱུར་བཀོད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་རྒྱུ་དང་། རྣམ་གྲངས་ཁེར་རྐྱང་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི1500སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

ཞིན་ཅང་རི་བོ་ཐེན་ཧྲན་ས་ཁུལ་དང་། ཡི་ལི་ཆུ་བོའི་ལུང་གཞུང་། བོད་ལྗོངས་ཀྱི་ནུབ་རྒྱུད་དང་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་དང་ཅི་ལིན་ཤར་ལྷོ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་། ཞིན་ཅང་གི་ཡི་ལི་ཆུ་བོའི་ལུང་གཞུང་དང་བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད་དང་། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་རྒྱུད་དང་ནུབ་རྒྱུན། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章