➤ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》དེབ་གསུམ་པའི་སྟོད་ཆ་ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བྱས་པ་དང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་རེད།
➤རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནས་ཚུལ་ལྟར་ན། 2024ལོར“བཟོ་ཚོགས་ཀྱིས་ལས་ཞུགས་ལ་རོགས་སྐྱོར”བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱིས་རིམ་རྩིས་བྱས་ན་མི་ཐེངས་ཁྲི1618ལ་ལས་ཞུགས་ཞབས་འདེགས་ཞུས་པ་དང་། མི་ཐེངས་ཁྲི109ལ་ལས་ཞུགས་རྩལ་ནུས་གསོ་སྦྱོང་སྤེལ། མི་ཁྲི6.06ལ་ལས་གཏོད་ཀྱི་རོགས་སྐྱོར་བྱས་པ་རེད།
➤ད་ལོའི་སྔོན་གྱི་ཟླ་བཅུ་གཅིག་པོའི་ནང་། རང་རྒྱལ་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས8.2%འཕར་ནས། མ་འཇོག་བྱེད་ཚད་ཧྲིལ་པོ་ལས་བརྒྱ་ཆའི་གྲངས4.9ཡིས་མཐོ་བ་རེད།
➤2024ལོའི་ཟླ9པའི་ཟླ་མཇུག་བར། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཆེད་དོན་མ་དངུལ་རྩིས་བཤེར་ཐད་གནད་དོན་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་དུང་ཕྱུར40.39བཅོས་སྒྲིག་བྱས་པ་དང་། ལམ་ལུགས་ཁག248འཐུས་ཚང་དུ་བཏང་ལ། མི1200ལ་ཆད་པ་བཅད་པ་རེད།
➤ཚེས22ཉིན་བར། ཧྲང་ཧའེ་གྲུ་ཁར2024ལོའི་དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་ཁྲི5000ལས་བརྒལ་ནས་སླར་ཡང་འཛམ་གླིང་གི་ཟིན་ཐོ་བཏོད་པ་རེད།
➤2025ལོའི་ཟླ1ཚེས5ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་། རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་མེ་འཁོར་འཁོར་སྐྱོད་རེའུ་མིག་གསར་པ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། རེའུ་མིག་ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ལྕགས་ལམ་གྱིས་ས་བཀྲ་གཏན་འཁེལ་གྱི་འགྲུལ་སྐྱེལ་མེ་འཁོར13028བཀོད་སྒྲིག་བྱ་རྒྱུ་དང་ཟོག་འདྲེན་མེ་འཁོར་22859གཏོང་རྒྱུ་རེད།
➤ཨ་རིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་དམག་སྐྱོར་དམག་ཚོང་མཁོ་འདོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་རང་རེའི་ཕྱི་འབྲེལ་པུས་ལན་བསློགས་ཏེ་ཡི་རངས་གཏན་ནས་མི་བྱེད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་པ་མ་ཟད་འཕྲལ་མར་ཨ་རི་ཕྱོགས་ལ་སྐད་ཆ་ནན་མོ་བསྒྲགས།
➤ཕྱི་འབྲེལ་པུས་ཁ་ན་ཏའི་སྒྲིག་གཞི་དང་མི་སྣར་ཕྱིར་འགོག་གི་བྱ་ཐབས་སྤྱོད་སྤེལ་རྒྱུའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།
➤ཚེས21ཉིན་གྱི་དགོང་མོར། ཨ་རིའི་ཀྲུང་དབྱང་སི་ལིང་པུ་ཡིས་གསལ་བསྒྲགས་སྤེལ་ནས། ཨ་རིའི་དམག་གིF/A-18དམག་འཐབ་གནམ་གྲུ་ཞིག་ཉིན་དེར་ཧུང་ཧའེ་ཡི་མཁའ་དབྱིངས་སུ་ཨ་རིའི་སྐོར་གཡེང་དམག་གྲུ་ཞིག་གིས་མ་ཤེས་པར་གཏོར་སྐྱོན་བཏང་བ་དང་། གནམ་གྲུའི་ཐོག་གི་མི2པོ་གནམ་གྲུ་ལས་ལྡིང་ནས་སྲོག་ཉེན་ལས་ཐར་ཐབས་བྱས་པ་རེད།
སྤྱི་ཚོགས།
➤ཚེས22ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རླུང་ཆེན་གྱི་ཉེན་ཟོན་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས22ཉིན་གྱི་ཆུ་ཚོད20ནས་ཚེས23ཉིན་གྱི་ཆུ་ཚོད20བར་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ནང་སོག ཅི་ལིན་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ5ནས6བར་དང་ཐོལ་རླུང་རིམ་པ7ནས8བར་གྱི་རླུང་ཆེན་གཡུག་རྒྱུ་རེད།
➤ཚེས21ཉིན། ཧར་པིན་གྱི་གངས་འཁྱགས་ར་བ་སྐབས་ཉེར་དྲུག་པ་དངོས་སུ་སྒོ་ཕྱེས། དེའི་རྒྱ་ཁྱོན་ཁ་སྨི་ཁྲི100ཡིན་པ་དང་། སྤྱིའི་དང་དང་ཁངས་བཀོལ་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི30ཡིན་པ་རེད།
➤ཚེས22ཉིན་གྱི་ཆུ་ཚོད16དང་སྐར་མ17བར། 2024ལོར་རྟེན་འབྲེལ་ཞུ་བའི་རིམ་ཚད་གློག་བརྙན་གྱི་སྤ་སེ(སྔོན་ཚོང་ཚུད་པ)སྒོར་དུང་ཕྱུར20ལས་བརྒལ་ཡོད་པ་རེད།
➤ཚེས22ཉིན་གྱི་ཐོ་རེངས་སུ། རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུདUརྣམ་པའི་འགྲན་རའི་འཛམ་གླིང་བུམ་པའི་ཐོང་ཧྲན་ས་ཚིགས་སུ་ཀྲུང་གོའི་འགྲན་ཞུགས་པ་ཀུའུ་ཨའེ་ལིང་གིས་ཨང་དང་པོ་བླངས་པ་མ་ཟད། ཧྥ་རན་སིའི་འགྲན་ཞུགས་པ་ཐའེ་སི·ལེ་ཏེ་ལས་རྣམ་པར་རྒྱལ་ནས་རང་མོས་རྣམ་པའི་གངས་ཤུད་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་མང་ཤོས་ཀྱི་ཟིན་ཐོ་བཏོད་པ་རེད།
➤ཚེས22ཉིན། ཐེན་ཅིན་གྱི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་བུད་མེད་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་སྤྲོ་སྐྱིད་ཁང་བུམ་པའི་ཨང་གཉིས་པ་བླངས་ནས། ཀྲུང་གོའི་ཕའེ་ཆིའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གི་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།
➤ཧྲེན་ཀྲེན་འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། ད་ལོ་ཧྲེན་ཀྲེན་གནམ་ཐང་གི་འགག་སྒོར་ས་མཚམས་ནས་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུ་ཐེངས་གྲངས་ཁྲི5ལས་བརྒལ་བ་དང་། དུས་མཚུངས་ལས63%འཕར་ཡོད་པ་རེད།
➤ཚེས22ཉིན། 2025ལོ་འཁོར་གྱི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་འགན་མཚོན་རྟགས་ཀྱི་འདེམས་ཤོག་འཕེན་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
➤ཨན་ཧུའེ་ནན་ལིན་གྱི་རླངས་འཁོར་ཞིག་སྐྱོད་བཞིན་པའི་སྐབས་སུ་རང་འབར་བྱས་པ་དང་། ཉེན་རྟོག་པ་ཀུའོ་ཆང་དང་ཆུང་མ་ཞུས་ཐའོ་གཉིས་ཀྱིས་མཐོང་རྗེས་མྱུར་དུ་རླངས་འཁོར་བཀག་ནས་མེ་གསོད་ཆས་བཟུང་སྟེ་མྱུར་དུ་མེ་བསད།
སྲིད་ཇུས།
➤ཀྲེ་ཅང་གིས་བརྡ་ཐོ་བཏང་ནས་ལོ་རྒྱུས་ཀྱི་རྩེར་སོན་ཐོན་ལས་ཀྱི་རྒྱུན་འཛིན་གསར་གཏོད་ལས་དོན་ཁང་འཛུགས་པ་དང་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ངོས་འཛིན་བྱས་རྗེས་ཆེས་མང་ན་ལོ3ལ་ཁ་གསབ་སྒོར་ཁྲི30སྤྲོད་རྒྱུ་ཡིན་པ་རེད།
➤ཀན་སུའུ་ཡིས་ཡིག་ཆ་བཀྲམས་ནས་དྲག་རིམ་མཐོ་བའི་ཁུལ་དང་ས་ཡོམ་ལྟ་ཞིབ་འགོག་སྲུང་ཁུལ་གཙོ་བོར་གནས་པའི་གསར་སྐྲུན་སློབ་གྲྭ་སོགས་ཀྱི་བཟོ་སྐྲུན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཡོམ་འགོག་ཡོམ་གཅོག་སོགས་ཀྱི་ལག་རྩལ་སྤྱད་དེ་ས་ཁོངས་དེ་གའི་ས་ཡོམ་རྒྱག་སྐབས་རྒྱུན་གཏན་གྱི་བེད་སྤྱོད་དགོས་མཁོ་སྐོང་ཐུབ་པའི་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།
➤ཐེན་ཅིན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས་སྟབས་བསྟུན་ལས་ཞུགས་མི་སྣས་གྲོང་ཁྱེར་ནང་ཁུལ་དུ་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲ་བཟོས་ནས་ཟླ་བ་དྲུག་ཟིན་པ་མ་ཟད། ཟླ་བ་དྲུག་ཙམ་རིང་ལ་གྲོང་ཁྱེར་དེ་གར་བསྟུད་མར་ཟླ་བ་རེ་རེ་བཞིན་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཇལ་བཅོལ་བྱས་པར། གྲོང་ཁྱེར་དེ་གར་རང་ཉིད་ཀྱི་སྡོད་ཁང་ཉོ་སྐབས་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རེ་ཞུ་བྱས་ཆོག་པ་རེད།
དེ་རིང་གི་གནམ་གཤིས།
➤ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ནུབ་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཧེ་ལུང་ཅང་གི་ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ནས་བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གཤོངས་སའི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད་དང་། ཀུའེ་ཀྲོའུ་ཡི་དབུས་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཅང་ཞིའི་དབུས་རྒྱུད། ཀྲེ་ཅང་གི་དབུས་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系