ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-12-27 08:39   青海  
གསར་འགྱུར་གལ་ཆེན།

ཟླ12པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཟེར་བྷེ་ཇན་གྱི་གནམ་གྲུར་དོན་རྐྱེན་བྱུང་ནས་ཤི་རྨས་བྱུང་བར་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཕུའུ་བཅས་ལ་འཚམས་འདྲིའི་གློག་འཕྲིན་བཏང་པ་རེད།

ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་པུ་ཡིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་སྒྲུབ་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

ཚེས26ཉིན། རྒྱལ་ཁབ་སྡོམ་རྩིས་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་རེད།

རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས2023ལོའིGDPཡི་ཐོག་མའི་ཞིབ་རྩིས་གྲངས་གཞིར་བཟོ་བཅོས་བརྒྱབ་པ་སྟེ། 2023ལོའིGDPསྒོར་དུང་ཕྱུར་ཁྲི129.4ཡིན་པ་དང་། ཐོག་མའི་ཞིབ་རྩིས་གྲངས་ལས་སྒོར་དུང་ཕྱུར་ཁྲི3.4འཕར་ཡོད།

རྒྱལ་ཁབ་འབྲུ་རིགས་དང་དངོས་རྫས་གྲབས་གསོག་ཅུའི་གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔའི་བར་ད་ལོའི་ལོ་ཧྲིལ་པོའི་འབྲུ་རིགས་ཉོ་སྒྲུབ་བྱེད་ཚད་རྒྱ་མ་དུང་ཕྱུར8000ལས་བརྒལ་ཡོད།

ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན་ཁག་བདུན་ཡོངས་བསྒྲགས་ངང་བརྡ་ཁྱབ་བྱས་པ་རེད།

གྲངས་གཞི་ལས་མངོན་པར། ད་ལོའི་སྔོན་གྱི་ཟླ11གི་ནང་། རྒྱལ་ཡོངས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་དུང་ཕྱུར43.2ལེགས་གྲུབ་བྱུང་བ་དང་། དུས་མཚུངས་ལས1.2%འཕར་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གནས་ཚུལ་ལ་གཞིགས་ན། 2024ལོར་འབྲི་ཆུའི་གཙོ་རྒྱུད་ཀྱི་ལོ་འཁོར་གྱི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར40ལས་ཐེངས་དང་པོར་བརྒལ་ནས་འཛམ་གླིང་གི་ནང་ཁུལ་ཆུ་བོ་ཨང་དང་པོར་བརྟན་པོར་གནས་ཡོད།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་ཡིས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལྟར་ན། 2024ལོར་ཀྲུང་གོའི་ལུས་རྩལ་ལུས་རྩལ་པ་རྣམས་ལ་རྣམ་གྲངས33ཐོག་འཛམ་གླིང་གི་ཨང་དང་པོ194ཐོབ་པ་དང་གྲངས་འབོར་དེ་ལོ་མང་བོའི་ཆེ་ཤོས་ཟིན་ཡོད།

སྤྱི་ཚོགས།

ཚེས26ནས་ཚེས27ཉིན་བར། མཁའ་རླུང་གྲང་མོ་ཞིག་གིས་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་བྱང་ནས་ལྷོ་རུ་དྲོད་ཚད་ཇེ་དམའ་རུ་འགྲོ་རུ་འཇུག་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་སུ་དྲོད་ཚད་མར་ཆག་ཚད8℃ཡན་ཟིན་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། 2023ལོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་ཀྱིས་གོ་ལ་ཧྲིལ་པོར་བཟུང་བའི་བསྡུར་ཚད60%ལས་བརྒལ་ཡོད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྨན་བཅོས་འགན་བཅོལ་ཨང་རྟགས་དྲ་ཐོག་ཏུ་བཏང་ནས་ལོ་ལྔ་སོང་ཚུན། ཟླ12པའི་བར་དུ། སྡོམ་རྩིས་བྱས་ན་གྲུང་སྐུལ་བྱེད་ཚད་དུང་ཕྱུར12ལས་བརྒལ་ཡོད་པ་རེད།

དམངས་སྲིད་པུ་ཡིས་ཆུ་ཐིགས་གྲབས་གསོག(水滴筹)དང་། སྟབས་བདེ་གྲབས་གསོག(轻松筹) ལྷག་བསམ་དམངས་ཕན(暖心惠民)སོགས་ལས་སྟེགས་གསུམ་མི་སྒེར་གྱི་རོགས་སྐྱོར་དྲ་རྒྱའི་ཞབས་ཞུའི་ལས་སྟེགས་སུ་གཏན་འཁེལ་བྱས་ཡོད།

ཉེ་ཆར། ཧྥུའུ་ཅན་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལིའུ་ཡུའེ་ཅིན་གྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

ཚེས26ཉིན། ལེའོ་ཉིང་ཞིང་ཆེན་ཏ་ལན་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་ཧའོ་ཧུང་ཅུན་གྱིས་ལྐོག་རྔན་བླངས་པའི་གྱོད་དོན་ལ་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་ནས། ཧའོ་ཧུང་ཅུན་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད།

ཚེས26ཉིན། ཧྲང་ཧའེ་དང་སུའུ་ཧུའུ་ཡི་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་འཁོར་སྐྱོད་བྱེད་བཞིན་ཡོད་ལ། མེ་འཁོར་ཤར་གཏོང་ཐུབ་རྗེས། ཧྲང་ཧའེ་ཧུང་ཆའོ་ནས་ཧུའུ་ཀྲོའུ་ས་ཚིགས་བར་ལ་མྱུར་ཚད་མགྱོགས་ཤོས་སུ་སྐར་མ55ནང་སླེབས་ཐུབ།

ཚེས26ཉིན། རང་རྒྱལ་གྱིས་རང་བདག་ཇུས་འགོད་བྱས་ནས་བཟོས་པའི་གཏིང་ཟབ་པའི་རྒྱ་མཚོའི་ནུས་པ་མང་བའི་ཚན་རིག་རྟོག་ཞིབ་དང་། དེ་བཞིན་རིག་དངོས་གནའ་རྫས་རྟོག་ཞིབ་གྲུ་གཟིངས“འཚོལ་ཞིབ་ཨང་གསུམ་པ”ཀོང་ཀྲོའུ་ནན་ཧྲ་རུ་དངོས་སུ་རྩིས་སྤྲོད་བྱས་ནས་ལམ་ལ་ཆས།

ཚེས26ཉིན། “ཁྲུའུ་ཧན་གྱི་ལོ་རྒྱུས། ཁྲུའུ་ཧན་རིག་དངོས་དམིགས་བསལ་འགྲེམས་སྟོན”ཞེས་པ་ནན་ཁྲང་ཧན་རྒྱལ་རབས་ཧའེ་ཧུན་ཧོའུ་རྒྱལ་ཕྲན་གྱི་རྗེས་ཤུལ་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་བ་རེད།

ཉེ་ཆར་ཧོ་ནན་ལུའོ་དབྱང་གི་ཆོབ(粉)བཙོང་མཁན་ཨ་ཁུ་ཞིག་གིས་ལོ་ན13ལ་ཐོན་པའི་བུ་མོ་ཞིག་བསྐྱབས་པ་དང་། རྒྱ་ཁོག་ཚོང་ཁང་གི་ཚོང་བདག་མ་ཞིག་གིས་ཨ་ཁུ་དེའི་ལག་ནས་ཆོབ་རྒྱ་མ138ཉོས་ནས་ཁོར་ཡུག་འཕྲོད་བསྟེན་བཟོ་པ24ལ་བྱིན་ནས་དགའ་འོས་པའི་ལྷག་བསམ་འདི་བརྒྱུད་སྤྲོད་བྱས་པ་རེད།

སྲིད་ཇུས།

ཐེན་ཅིན་གྲོང་ཁྱེར་གྱིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་མཐའ་མཚམས་ཁྱིམ་ཚང་སོགས་ལ་སྤྱི་པའི་བོགས་མར་གཏོང་ལེན་གྱི་ཁང་པ་དངོས་པོ་བོགས་མར་དང་བོགས་མར་ཁ་གསབ་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་སྡོད་ཁང་རོགས་སྐྱོབ་བྱ་རྒྱུ་ཡིན་པ་རེད།

ཧྲན་ཞི་ཞིང་ཆེན་གྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་ཆ་རྐྱེན་དང་མཐུན་པའི་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རའི་གཙོ་བདག་ལ་བྱ་དགའ་ཡིས་ཁ་གསབ་ཀྱི་ཚབ་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་ཁེ་ལས་ཀྱི་སྤྱིའི་བྱ་དགའ་དང་ཁ་གསབ་མ་དངུལ་མཐོ་ཤོས་སྒོར་ཁྲི150ཡིན་པ་རེད།

ཅང་སུའུ་ཞིང་ཆེན་གྱིས་བྱ་ཐབས་བཏོན་ནས་རྒན་གསོའི་ཞབས་ཞུའི་གྲོན་དངུལ་སྔོན་བསྡུ་བྱེད་པའི་དུས་ཡུན་རིང་ཤོས་སུ་ཟླ་བ་དྲུག་ལས་བརྒལ་མི་ཆོག་པ་གཏན་འབེབས་བྱས་ཡོད།

དེ་རིང་གི་གནམ་གཤིས།

བོད་ལྗོངས་ཀྱི་ནུབ་རྒྱུད་དང་། ནང་སོག་གི་ལྷོ་ནུབ་རྒྱུད་དང་བྱང་ཤར་རྒྱུད་། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་། ཉིང་ཞ་ཡི་བྱང་རྒྱུད་། ཁྲོན་ཞི་ས་མཐོའི་ཤར་རྒྱུད་། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་། ཧྲན་ཏུང་ཕྱེད་གླིང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་ནུབ་རྒྱུད་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་དབུས་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་དབུས་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章