སྟོད་སྒལ་ཉི་མར་བསྲོས་ན་འབྱུང་བཞིའི་ལུས་ལ་ཕན།

政务   2024-12-28 10:45   青海  

སྟོད་སྒལ་ཉི་མར་བསྲོས་ན་འབྱུང་བཞིའི་ལུས་ལ་ཕན།

     ཉི་མ་ནི་མི་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་གི་རྒྱུན་ཐག་སྐྱོང་བའི་འཇིག་རྟེན་མིག་གཅིག་དྲིན་ཅན་ནོར་བུ་ཡིན་ཞིང་། འཛམ་གླིང་ས་ཕྱོགས་ཀུན་གྱི་སྐྱེ་བོ་མང་པོས་ཉི་མའི་འོད་མདངས་པང་དུ་བསུ་རྒྱུར་དགའ་པོ་བྱེད་ལ། ལྷག་པར་དུ་མདོ་དབུས་མཐོ་སྒང་དུ་འཚོ་བའི་བོད་རིགས་མི་དམངས་ལ་ཆ་མཚོན་ན། གྲང་ངར་ཆེ་བའི་ནམ་ཟླ་དགུན་གྱི་དུས་སུ་རི་ཐང་ངམ་སྤང་ཐང་། ཡང་ན་རང་ཁྱིམ་གྱི་སྒོ་རའམ་ཐོག་ཁའི་ཡང་སྟེང་ནས་དྲོ་ཞིང་འཇམ་པའི་ཉི་མ་བསྲོ་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

     ཨ་ཅང་ཅང་། དགུན་ཁ་ཉི་མ་མང་ཙམ་བསྲོས་ན་ལུས་པོའི་རྩ་ལག་མང་པོར་ཕན་པ་ནི་གསོ་རིག་གི་གཞུང་དང་མཐུན། ཐང་རྒྱལ་རབས་ཀྱི་སྨན་གཞུང་མང་པོའི་ནང་ལ་ཡང་ལྷགས་པ་ཉུང་ཞིང་ཉི་མ་དྲོ་བའི་གནས་སུ་བསྡད་དེ་ཉི་མ་བསྲོས་ན་མིའི་ལུས་ཁམས་ཀྱི་ཁྲག་འཁོར་རྒྱུག་ལེགས་སུ་འགྲོ་བ་དང་། ཤ་གནད་རྒྱས་པ། གྲང་ཟུག་འགོག་ཤུགས་ཆེ་རུ་འགྲོ་བ་སོགས་ཀྱི་དགེ་མཚན་ལྡན་ཡོད་པར་བཤད། དེང་རབས་ཀྱི་གསོ་རིག་ཞིབ་འཇུག་ལས་ཀྱང་ཉི་མའི་སྨུག་ཕྱིའི་འོད་ཀྱིས་མིའི་ལུས་པོའི་པགས་པའི་ཐོག་གི་ནད་འབུ་ཕྲ་མོ་རྩ་མེད་བཟོ་ཐུབ་པ་དང་། ནད་འགོག་ནུས་པ་ཆེ་རུ་འགྲོ་བ། ལུས་ཁམས་ཀྱི་ཟུངས་ཁྲག་སྐྱེ་འཕེལ་ཇེ་མགྱོགས་སུ་འགྲོ་བ་སོགས་ཀྱི་སྐོར་གླེང་ཡོད། གཞན་ཡང་ཉི་མའི་འོད་མདངས་ཀྱིས་མིའི་སེམས་པ་ལྷོད་དུ་བབ་པ་དང་། སྙིང་སྟོབས་འཕེལ་བ། འཚོ་བར་སྤྲོ་སྣང་ལྡན་ཞིང་ལས་ཕྱོད་མཐོ་རུ་གཏོང་བ་སོགས་ཀྱི་ནུས་པ་མང་པོ་ལྡན་ཡོད།

     འོན་ཀྱང་། ང་ཚོ་མི་མང་པོ་ཞིག་གིས་ཉི་མ་སྲོ་སྐབས་ལུས་པོའི་མདུན་བསྲོ་བ་ལས་རྒྱབ་བསྲོ་རྒྱུར་དོ་སྣང་དོ་ཙམ་མི་བྱེད། རིགས་གཅིག་མཁས་པས། ལུས་རྒྱབ་ཉི་མར་བསྲོས་ན་ལུས་པོའི་བདེ་ཐང་ལ་ཤིན་ཏུ་སྨན་པར་བཤད། གང་ཡིན་ཟེར་ན། ང་ཚོའི་ལུས་པོའི་སྒལ་རྒྱབ་ཏུ་གསང་མིག་རྩ་གཞུང་མང་པོ་གནས་ཡོད་དེ། མཁལ་གྲང་གསང་དང་། མཚེར་གསང་། མཁལ་གསང་། གློ་གསང་སོགས་གསང་མིག་གྲངས་ལས་འདས་པ་ཡོད་པས་གསང་མིག་རྩ་གནས་གལ་ཆེན་དེ་དག་ཉི་མར་བསྲོས་ན་མིའི་ལུས་པོར་མེ་དྲོད་སྐྱེད་པ་དང་། མེ་དྲོད་སྲུང་སྐྱོང་ཐུབ་ནས་གཟུགས་གཞིའི་བདེ་ཐང་ལ་ཧ་ལས་པའི་ཕན་ཐོགས་ཆེན་པོ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/彭毛才旦

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章