ཟླ12པའི་ཚེས25ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། མདའ་བཞི་ནུབ་མཚོ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་། ཨ་རུ་བོད་སྨན(ཧྲན་ཏུང)བདེ་ཐང་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་། བོན་གྱའི་ཕྱུགས་རའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་རྩྭ་ཤེད་སྐམས་ཤ་ཁྲི་ཡིས་མདའ་བཞིའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་རྒྱལ་ཡོངས་སུ་བསྐྱོད་རྒྱུར་རོགས་རམ་བྱེད་པ་དང་། ཐེངས་དང་པོའི་མངགས་ཐོ་སྤྱི་རྒྱ་ཁྲི5ཡི་སྐམས་ཤའི་ཐོན་རྫས་ཧྲན་ཏུང་དུ་སྐྱེལ་འདྲེན་བྱེད་པའི་བྱེད་སྒོ་སྤེལ་ལ། དེ་ནི་མདའ་བཞི་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། རྒྱུས་ལོན་པ་ལྟར་ན། ཐེངས་འདིར་སྦྲག་སྲིད་ཆེད་གཏོང་གནམ་གྲུ་སྤྱད་ནས་ཚོང་ཟོག་སྐྱེལ་བ་དེ་ནི་ཐོན་རྫས་ཀྱི་སྤུས་ཚད་ལ་ཁག་ཐེག་བྱེད་པ་ཞིག་ཡིན་ལ་འཛད་སྤྱོད་པར་ནན་ཏན་གྱི་ཁས་ལེན་ཞིག་ཀྱང་རེད། སྐྱེལ་འདྲེན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་གྲང་སྦྲེལ་སྐྱེལ་འདྲེན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཚོད་འཛིན་བྱས་ནས་སྔོན་ཐོན་གྱི་ལག་རྩལ་བྱ་ཐབས་སྤྱད་དེ་རྩྭ་ཤེད་སྐམས་ཤ་རེ་རེ་ཁོར་ཡུག་ཡག་ཤོས་འོག་སྐྱེལ་འདྲེན་བྱས་ཏེ། གསར་བ་དང་བདེ་འཇགས་ངང་ཁྲོམ་རར་ཐད་ཀར་བསྐྱོད་ནས་འཛད་སྤྱོད་པར་མཚོ་སྔོན་གྱི་ཐོན་རྫས་ཀྱི་བྲོ་བ་ངོ་མ་དེ་མྱོང་དུ་འཇུག་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་སྔ་ཕྱི་བར་གསུམ་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་བརྩིས་ཏེ“སྐྱེ་ཁམས་ཀྱི་རྫོང་འཛུགས་པ་དང་ཐོན་ལས་ཀྱི་སྟོབས་ལྡན་རྫོང”གཏོད་པའི་འཐབ་ཇུས་དམིགས་ཚད་ལ་དམིགས་ནས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཅིང་། ཐེངས་འདིའི་བྱེད་སྒོ་ནི་ཨ་རུ་བོད་སྨན(ཧྲན་ཏུང)བདེ་ཐང་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་དང་བོན་གྱའི་ཕྱུགས་ར་དབར་གྱི་མཉམ་ལས་གཏིང་ཟབ་ཅིག་དང་། སྲིད་གཞུང་དང་ཁེ་ལས་ལག་གདང་སྦྲེལ་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། ཁེ་ལས་དབར་མཉམ་ལས་བྱས་པ་དེས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་ཕན་ཚུན་གསབ་རེས་མངོན་འགྱུར་བྱུང་ཞིང་། ཨ་རུ་བོད་སྨན(ཧྲན་ཏུང)བདེ་ཐང་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་ཁྲོམ་རའི་ཁྱབ་སྤེལ་དང་ཆས་རྟགས་ཐབས་ལམ་གྱི་ནུས་པ་ཆེན་པོར་བརྟེན་ནས་མཚོ་སྔོན་གྱི་སྐམས་ཤ་རྒྱལ་ཡོངས་ཀྱི་ཁྲོམ་རར་བསྐྱོད་པའི་སྒོ་ཆེན་ཕྱེ་ལ། ཐོན་རྫས་ཀྱི་ཁྲོམ་རའི་ཤུགས་རྐྱེན་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་ཅིང་། བརྟན་ལྷིང་གི་ཉོ་སྒྲུབ་ལམ་སྲོལ་དང་མཉམ་ལས་ཁང་གི་ཁེ་སྤོགས་བགོ་སྟངས། དེ་བཞིན་རོགས་སྐྱོར་བྱེད་ཐབས་བཅས་གྲོང་གསེབ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་ཞིག་ཏུ་གྱུར་ཡོད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
来源/青海日报
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系