ལག་ཁྱེར་རྫུན་མ་དབྱེ་འབྱེད་བྱེད་ཐབས།

政务   2024-12-22 16:46   青海  
“ལག་ཁྱེར་རྫུན་མས”དུས་ཚོད་འཕྲོ་བརླག་དང་རྒྱུ་ནོར་གྱོང་གུད་བཟོ་ངེས། འདི་ནས་ལག་ཁྱེར་རྫུན་མ་ཇི་ལྟར་དབྱེ་འབྱེད་བྱེད་ཐབས་བསླབ་རྒྱུ་ཡིན། 

ཐབས་ཤེས་དང་པོ། 《རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་གི་དཀར་ཆག》ནང་ཡོད་མེད་ལ་བལྟ་དགོས། 

གལ་ཏེ་རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་དགོས་ན། ངེས་པར་དུ་རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་གི་དཀར་ཆག་ཁྲོད་དུ་ལས་རིགས་ཐོབ་ཐང་འདི་ཡོད་མེད་ལ་བལྟ་དགོས། གལ་ཏེ་མེད་ན། “ལས་རིགས་ཐོབ་ཐང་ལག་ཁྱེར”འདི་རྒྱལ་ཁབ་ཀྱིས་ཁས་ལེན་མི་ཐོབ་པ་རེད།
གལ་ཏེ་ལས་རིགས་རྩལ་ནུས་ཀྱི་རིམ་པའི་ལག་ཁྱེར་ཐོབ་དགོས་ན། རྩལ་ནུས་ཤེས་ལྡན་མི་སྣའི་གདེང་འཇོག་ལས་དོན་དྲ་བའི་ནང་གི་ལས་རིགས་རྩལ་ནུས་རིམ་པ་གདེང་འཇོག་སྒྲིག་གཞིས་ཡོངས་བསྒྲགས་འདྲི་རྩད་མ་ལག་བརྒྱུད་ལག་ཁྱེར་དེ་ཡོད་མེད་ལ་བལྟ་དགོས། 

ཐབས་ཤེས་གཉིས་པ། གཞུང་ཕྱོགས་ལས་སྟེགས་སུ་འདྲི་རྩད་བྱས་ནས་ལག་ཁྱེར་ཡོད་མེད་ལ་བལྟ་དགོས། 

སྤྱིར་ན། རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ལག་ཁྱེར་དང་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཚང་མ་རྩལ་ནུས་ཤེས་ལྡན་མི་སྣའི་གདེང་འཇོག་ལས་དོན་དྲ་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་དོན་ཞབས་ཞུའི་ལས་སྟེགས། རྒྱལ་ཁབ་སྲིད་དོན་ཞབས་ཞུའི་ལས་སྟེགས་སོགས་ནས་འདྲི་རྩད་བྱེད་ཐུབ། 

ཐབས་ཤེས་གསུམ་པ། ལག་ཁྱེར་གྱི་བཟོ་ལྟ་ཚད་གཞི་དང་མཐུན་མིན་བལྟ་དགོས། 

ཚད་ལྡན་གྱི་རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ལག་ཁྱེར་གྱི་རྣམ་པ།  

ཚད་ལྡན་གྱི་རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ལག་ཁྱེར་གྱི་རྣམ་པ།  

ཐབས་ཤེས་བཞི་པ། འབྲེལ་ཡོད་སྒྲིག་གཞིའི་སྒྲིག་སྲོལ་དང་མཐུན་མིན་ལ་བལྟ་དགོས། 

ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་དགོས་ན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གདམ་གསེས་ཐོ་འགོད་བྱས་པའི་གདེང་འཇོག་སྒྲིག་གཞི་ངེས་པར་དུ་ངོས་འཛིན་ཡང་དག་བྱེད་དགོས་པ་དང་། རྩལ་ནུས་ཤེས་ལྡན་མི་སྣའི་གདེང་འཇོག་ལས་དོན་དྲ་བའི་ཁྲོད་ཀྱི་ལས་རིགས་རྩལ་ནུས་རིམ་པའི་གདེང་འཇོག་སྒྲིག་གཞིའི་ཡོངས་བསྒྲགས་འདྲི་རྩད་མ་ལག་བརྒྱུད་འདྲི་རྩད་བྱེད་ཆོག
རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་དགོས་ན། ལས་རིགས་ཐོབ་ཐང་གི་དཀར་ཆག་ནང་གི་དེ་མཚུངས་ཀྱི་ལག་བསྟར་སྡེ་ཁག(སྡེ་ཚན)བརྒྱུད་དགོས།

ཐབས་ཤེས་ལྔ་པ། དྲིལ་བསྒྲགས་རྫུན་མ་དང་ཡང་ན་འུད་སྒྲོག་ཡོད་མེད་ལ་བལྟ་དགོས། 

དྲིལ་བསྒྲགས་རྫུན་མ་དང་ཡང་ན་འུད་སྒྲོག་ཡོད་མེད་ལ་བལྟ་དགོས། དཔེར་ན། “ལག་ཁྱེར་ལེན་ཐུབ་ངེས”དང“ལས་ཞུགས་འགན་ལེན”ཡོད་ཅེས་ཁྱབ་བསྒྲགས་བྱས་པ་ལྟ་བུ། 

དྲན་སྐུལ།  
ལག་ཁྱེར་ཡིག་རྒྱུགས་སྐོར་གྱི་དྲིལ་བསྒྲགས་མཐོང་དུས། ངེས་པར་དུ་བློ་རིག་བཀྲ་པོ་བྱས་ནས་ལག་ཁྱེར་གྱི་བདེན་རྫུན་དབྱེ་འབྱེད་བྱེད་ཐུབ་དགོས།

ཡོང་ཁུངས། མི་དམངས་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章