མཚོ་སྔོན་སྨན་བཅོས་འགན་སྲུང་སྐོར་གྱི་གཏམ་བཟང་།

政务   2024-12-25 18:11   青海  

སྨན་བཅོས་འགན་སྲུང་ཁྱིམ་མིར་མཉམ་སྤྱོད་བྱ་བའི་ཁྱབ་ཁོངས་སླར་ཡང་ཆེ་རུ་ཕྱིན།
ལས་བཟོ་པའི་སྨན་བཅོས་འགན་སྲུང་གི་མི་སྒེར་རྩིས་ཐོ་ཡིས་ཁྱིམ་མི་ལ་ཡང་གོ་ཆོད་པའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱ་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ལས་བཟོའི་སྨན་བཅོས་འགན་སྲུང་གི་མི་སྒེར་གྱི་རྩིས་ཐོའི་མཉམ་ཕན་ཁྱབ་ཁོངས་དེ་ལས་བཟོའི་གཉེན་ཉེའི་བར་སྔར་བས་རྒྱ་ཆེར་བཏང་བ་དང་། མི་སྒེར་གྱི་རྩིས་ཐོའི་མ་དངུལ་དེ་ལས་བཟོ་མི་སྒེར་དང་དེ་བཞིན་དེའི་གཉེན་ཉེ་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མིའི་སྒེར་དངུལ་འཇལ་བའི་རིམ་པ་དེ་འཇལ་ཆོག་པ་མ་ཟད། གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་རིང་སྤྲད་དགོས་པའི་མི་སྒེར་གྱི་སྨན་རིན་ཐད་ཀྱང་སྤྱད་ཆོག
ཉེ་བའི་ལོ་ཤས་རིང་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་མང་ཚོགས་ཀྱི“བྲེལ་བ། དཀའ་བ། སེམས་ཁྲལ། རེ་སྒུག”བཅས་ལ་དམིགས་ནས་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཡོངས་ཀྱི་སྔོན་དུ་ལས་བཟོའི་སྨན་བཅོས་འགན་སྲུང་གི་མི་སྒེར་གྱི་རྩིས་ཐོའི་ཁྱབ་ཁོངས་སུ་ལས་བཟོ་བ་རང་ཉིད་ནས་རང་གི་བཟའ་ཟླ་དང་། ཕ་མ། བུ་ཕྲུག་བཅས་ལ་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་ལས་བརྒལ་ནས་སྨན་བཅོས་བྱེད་དུས། མི་སྒེར་གྱི་རྩིས་ཐོ་ལས་ཁྱིམ་ཚང་ལ་རོགས་སྐྱོར་བྱ་ཆོག་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་། ད་སྔའི་བར་ཞིང་ཆེན་ཡོངས་ཀྱིས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་རྩིས་ཐོའི་རྣམ་གྲངས་ཁྲི37.6བཏོད་ཅིང་། ཁྱོན་མི་ཐེངས་ཁྲི419.3ལ་རོགས་སྐྱོར་བྱས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར10.55བཏང་ལ། དེའི་ནང་མི་ཐེངས་ཁྲི377.8ལ་རོགས་སྐྱོར་བྱས་ནས་གནས་གཏན་འཁེལ་སྨན་ཁང་དུ་གྲོན་དངུལ་སྒོར་དུང་ཕྱུར་8.98སྤྲད་པ་དང་། མི་ཁྲི་41.5ལ་གྲོང་མིའི་སྨན་བཅོས་འགན་སྲུང་གྲོན་དངུལ་སྒོར་དུང་ཕྱུར1.57འཇལ་ཡོད་དོ།།
ཐེངས་འདིའི་མི་སྒེར་གྱི་རྩིས་ཐོ་བཅོས་སྒྱུར་གཏིང་ཟབ་ཏུ་དང་། ལས་བཟོའི་སྨན་བཅོས་འགན་སྲུང་གི་མི་སྒེར་གྱི་རྩིས་ཐོ་ལས་གཉེན་ཉེ་ལ་རོགས་སྐྱོར་བྱེད་ཆོག་པའི་ཁྱབ་ཁོངས་དེ་དེ་སྔའི“བཟའ་ཟླ་དང་། ཕ་མ། བུ་ཕྲུག”བཅས་ནས་ནུ་བོ་དང་གཅེན་མོ་དང་གཅུང་མོ། སྤོ་བོ་དང་རྨོ་བོ། ཚ་བོ་དང་ཚ་མོ་བཅས་བར་ལ་བསྐྱེད་དེ། ལས་བཟོའི་སྨན་བཅོས་འགན་སྲུང་གི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་རོགས་སྐྱོར་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་བཟོ་རང་ཉིད་དང་དེ་བཞིན་འགན་སྲུང་ནང་ཞུགས་པའི་གཉེན་ཉེའི་འགྲོ་གྲོན་ཡང་འཇལ་ཆོག་པ་བྱས་ནས་ནད་ལ་ལྟ་ཞིང་སྨན་བཅོས་བྱེད་པའི་ཁུར་པོ་ཇེ་ཡང་དུ་ནུས་ལྡན་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་དོ།།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章