བྱིས་པ་ཚ་བ་རྒྱས་ཤིང་གློ་ལུ་ན་ཇི་ལྟར་བྱ་དགོས། 【འདོན་ཐེངས14པ།】

政务   2024-12-21 12:36   青海  

བྱིས་པའི་དབུགས་ལམ་མ་ལག་ལ་གཉན་ཚད་ཕོག་དུས་ཚ་བ་རྒྱས་སྲིད་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་རེད། དེར་ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་ངང་ཁ་གཏད་ཇི་ལྟར་གཅོག་དགོས་སམ་ཞེ་ན།

1.ཐོག་མར་ཁྱིམ་བདག་གིས་སྨན་པ་བསྟེན་དགོས་མིན་ཐད་བརྡར་ཤ་གཅོད་དགོས།

ཟླ་བ་གསུམ་ལས་མ་ལོན་པའི་བྱིས་པ་དམར་འབྱར་ལ་ཚ་བ་རྒྱས་ན། དུས་ཐོག་ཏུ་སྨན་པ་བསྟེན་དགོས། ལོ་ཚད་མི་འདྲ་བའི་བྱིས་པར་ཚ་བ་རྒྱས་ནས་ཉིན་གསུམ་ཡན་སོང་བའམ་ཡང་ན་དབུགས་འཚང་བ། གློ་ལུ་བ་སོགས་ཀྱི་ནད་རྟགས་ཐོན་ཏེ་བཟའ་བཏུང་དང་གཉིད་ལ་སོགས་པར་གནོད་པའི་སྣང་ཚུལ་བྱུང་ན་དུས་ཐོག་ཏུ་སྨན་པ་བསྟེན་དགོས།
2.ཁྱིམ་དུ་ལྟ་ཞིབ་དང་བཅོས་ཐབས་བྱེད་དགོས།

ནད་དུག་རང་བཞིན་གྱི་འགོས་ནད་དམ་ཡང་ན་ཕྲ་གྱེས་གདོད་གཟུགས་ལ་གཉན་ཚད་རྒྱས་པའི་སྔ་དུས་སུ་ཚ་བ་ཆེན་པོ་རྒྱས་ངེས། གལ་ཏེ་བྱིས་པའི་གཟུགས་པོ་ཡོངས་ལ་དམིགས་བསལ་གྱི་ནད་རྟགས་གཞན་མེད་ཅིང་། སེམས་ཁམས་སྣང་ཚུལ་ཡག་པོ་ཡོད་ན། ཚ་བ་གཅོག་པའི་སྨན་བཟས་ན་ཚ་བ་ཆག་སྲིད། དུས་ཡུན་ཅུང་ཙམ་འགོར་རྗེས་ཚ་བ་ཡང་བསྐྱར་རྒྱས་ན་ཐོག་མར་ནད་ལ་དཔག་པའི་སྨན་བཟས་ནས་ཁྱིམ་དུ་ལྟ་ཞིབ་བྱས་ཆོག གལ་སྲིད་ཚ་བ་རྒྱས་ཡུན་རིང་བའམ་ཡང་ན་སེམས་ཁམས་དང་དབུགས་རྔུབ་ལེན་ལ་འགྱུར་ལྡོག་བྱུང་བ་སོགས་ཀྱི་ནད་རྟགས་ཐོན་ན་དུས་ཐོག་ཏུ་སྨན་པ་བསྟེན་དགོས།

བྱིས་པ་གློ་ལུ་བའི་དུས་ཡུན་ཅུང་རིང་ཡང་ཁྲག་གི་རྒྱུན་སྲོལ་བརྟག་དཔྱད་རྒྱུན་ལྡན་ཡིན་ན་ཇི་ལྟར་བྱེད་དགོས། དེར་སྣང་བ་མ་བཏང་ན་དལ་བའི་རང་བཞིན་གྱི་གློ་ལུར་འགྱུར་སྲིད་དམ་ཞེ་ན།
བྱིས་པ་གློ་ལུ་ནས་བདུན་ཕྲག་བཞི་སོང་བའམ་ཡང་ན་ཚ་བ་ཡང་ཡང་རྒྱས་ཤིང་དབུགས་འཚང་བ་སོགས་ཀྱི་གནས་ཚུལ་བྱུང་ན་དུས་ཐོག་ཏུ་སྨན་པ་བསྟེན་དགོས། ནད་ཐོག་ཏུ་བྱིས་པ་གློ་ལུ་ནས་གཟའ་འཁོར4ལས་བརྒལ་ན་དལ་བའི་རང་བཞིན་གྱི་གློ་ལུ་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དལ་བའི་རང་བཞིན་གྱི་གློ་ལུ་བའི་རྒྱུ་རྐྱེན་ཤིན་ཏུ་མང་། རྒྱུན་མཐོང་གི་རྒྱུ་རྐྱེན་ནི་གློ་ལུ་བ་ནས་རིམ་བཞིན་དབུགས་འཚང་བ་དང་། དབུགས་ལམ་སྟོད་མར་གློ་ལུ་བའི་རྟགས་ཐོན་པ། ཕོ་བ་དང་མིད་པའི་ལྡོག་རྒྱུག་སོགས་ཡོད། ནད་རིགས་དེ་དག་ལ་དེ་བསྟུན་གྱི་ནད་ཐོག་ངོས་འཛིན་གྱི་ཚད་གཞི་ཡོད་པས། ཁྲག་གི་རྒྱུན་སྲོལ་བརྟག་དཔྱད་ཀྱིས་དབྱེ་བ་འབྱེད་དཀའ་ཞིང་། སྨན་པས་ནད་ཐོག་གི་མངོན་ཚུལ་དང་ལུས་ཕུང་ལ་བརྟག་དཔྱད། གློ་བའི་ནུས་པ་སོགས་ཕྱོགས་མང་པོར་བསམ་གཞིག་བྱེད་དགོས།

ཕྲུ་གུར་ཕྲ་གྱེས་གདོད་གཟུགས་ཀྱི་གློ་ཚད་བྱུང་དུས། གནས་ཚུལ་ཅི་འདྲའི་འོག་ཏུ་ཚི་སྣའི་གློ་ཤེལ་སྤྱོད་དགོས་སམ་ཞེ་ན། སྨན་པས་གཙོ་བོ་གཤམ་གྱི་ཕྱོགས་འགའི་ཐད་ནས་བརྡར་ཤ་གཅོད་སྲིད།


1.ནད་འགྱུར་གྱི་ཁྱབ་ཁོངས་དང་ཚད་གཞི།
གལ་ཏེCTདང་བྲང་པར་བརྒྱབ་འབྲས་ལས་མངོན་པར། བྱིས་པའི་གཞོགས་གཅིག་གམ་ཡང་ན་གློ་བའི་འདབ་མ་མང་ཆེ་བའི་དབུགས་ལམ་མངོན་གསལ་དོད་པོས་འགག་ཡོད་ན། མྱུར་དུ་ཚི་སྣའི་གློ་ཤེལ་སྤྱད་ནས་བསང་ན་ནད་གཞི་དྲག་སྐྱེད་ཡོང་བར་ཕན་ཐོགས་ཆེ།
2.ནད་གཞི་ཚབས་ཆེ་ཚད།
ནད་གཞི་ལྕི་བའི་ཕྲ་གྱེས་གདོད་གཟུགས་གློ་ཚད་ཀྱིས་བྱིས་པའི་ལུས་ཁམས་ལ་རིམས་འགོག་གི་སྣང་ཚུལ་དྲག་པོ་འབྱུང་སླ། གལ་ཏེ་དབུགས་ལམ་གྱི་ཆ་ཤས་ཁག་ལ་གཉན་ཚད་ཀྱི་སྣང་ཚུལ་དྲག་པོ་བྱུང་ན། དབུགས་ལམ་གྱི་ངོས་ལ་ཟློག་ཐབས་མེད་པའི་གནོད་སྐྱོན་བཟོས་ཏེ། ཟུམ་འགག་རང་བཞིན་གྱི་གློ་ཡུའི་གཉན་ཚད་སོགས་འབྱུང་སྲིད་པས། སྔ་ཙམ་ཚི་སྣའི་གློ་ཤེལ་སྤྱོད་དགོས།
མདོར་ན། ཚི་སྣའི་གློ་ཤེལ་སྤྱོད་དགོས་མིན་དེ་སྨན་པས་ནད་ཀྱི་གནས་ཚུལ་ལ་གཞིགས་ནས་བརྡར་ཤ་གཅོད་དགོས་ཤིང་ཁྱིམ་བདག་གིས་སྨན་པའི་བཀའ་བཞིན་བསྒྲུབ་དགོས་སོ།།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章