དགུན་ཉི་ལྡོག་དང་དགུ་ཟུག་ཚུལ།

政务   2024-12-21 08:54   青海  

དགུན་ཉི་ལྡོག་དང་དགུ་ཟུག་ཚུལ།





མིང་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  དུས་གཟེར་ཉེར་བཞིའི་ནང་གི་ཉི་མ་ཡར་ལྡོག་གི་དུས་གཟེར་ཏེ། ལུགས་གསར་གྱི་ཟླ་བ་བཅུ་གཉིས་པའི་ཉིན་ཉེར་གཅིག་པ་དང་ཉེར་གཉིས་པའམ་ཉེར་གསུམ་པ་གང་རུང་ཡིན་ཞིང་། ལུགས་རྙིང་གི་ཟླ་བ་བཅུ་གཅིག་པའི་ནང་ལ་འབྱུང་།
2.དུང་དཀར་ཚིག་མཛོད་ཆེན་མོ་ལས། ལོ་ལྟར་སྤྱི་ཟླ12པའི་ཚེས22ཉིན་དགུན་ཉི་ལྡོག་པ་སྟེ་ཉི་མ་རིང་དུ་འགྲོ་བ།
3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཕལ་ཆེར་བོད་ཟླ་བཅུ་གཅིག་པའི་ནང་དང་།  སྐབས་འགར་བཅུ་པའི་ནང་དུ་ལྷོ་བགྲོད་མཐར་ཐུག་དགུན་ཉི་ལྡོག  ལྡོག་དགུ་འདྲེན།  སྤྱི་ཟླ་བཅུ་གཉིས་པའི་ཚེས21དང22གང་རུང་ལ་དགུན་ཉིན་ལྡོག
4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཧོར་ཟླ་བཅུ་གཅིག་པའི་སྒང་ལ་ལྷོ་བགྲོད་མཐར་ཐུག་ཉི་མ་ལྷོ་ནས་བྱང་དུ་ལྡོག་དགུ་འདྲེན།  
5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག རྩིས་རིག དུས་གཟེར་ཉེར་བཞིའི་ནང་གསེས་ཤིག་སྟེ། ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ནས་ཉེར་གསུམ་བར་གྱི་དུས་སྐབས།

དགུན་ཉི་ལྡོག་ཅེས་པ་ནི།  ས་ཡི་གོ་ལས་ཉི་མའི་དཀྱིལ་འཁོར་ལ་བསྐོར་བ་ཐེངས་རེ་བྱ་བའི་ཡུན་ལ་ཉིན་ཞག365འགོར་ཞིང་ཡོད།  དེ་ཡང་སའི་གོ་ལས་ཉི་མའི་དཀྱིལ་འཁོར་ལ་གཡོན་བསྐོར་དུ་བགྲོད་པའི་ཚེ།  ས་ཡི་གོ་ལ་དེ་ཉི་མའི་ལྷོ་ཕྱོགས་དྲང་ཐིག་གི་ཐོག་ཏུ་སླེབས་པའི་ཉིན་དེ་ལ་ཟེར།  དེ་ནི་གོ་ལའི་བྱང་ངོས་འདིར་ཉི་མ་དང་ཐག་རིང་ཤོས་དང་།  ཉིན་མོ་ཐུང་ལ་མཚན་མོ་རིང་ཤོས་ཀྱི་ཉི་མ་དེ་ཡིན།  དེ་ནས་བཟུང་ཉི་མ་བྱང་ཕྱོགས་ལ་ཡར་བསྐོར་བགྲོད་པས་རིམ་བཞིན་ཉི་མ་ཇེ་རིང་དང་།  མཚན་མོ་ཇེ་ཐུང་དུ་འགྲོ་བར་མ་ཟད།  གོ་ལའི་བྱང་ངོས་འདིའང་ཉི་མ་དང་ཐག་ཇེ་ཉེར་འགྲོ་བཞིན་ཡོད།  འོན་ཀྱང་གོ་ལའི་ལྷོ་ཕྱོགས་ནི་དེ་ལས་ལྡོག་སྟེ་ཉི་མའི་དཀྱིལ་འཁོར་དང་ཐག་ཉེ་ཞིང་ས་དྲོད་དང་།  ཆར་ཆུ་རྒྱས་པའི་དབྱར་དུས་ཡིན་སྟབས།  ཉིན་མོ་རིང་ཞིང་མཚན་མོ་ཐུང་བའི་དུས་ཡིན།
རི་མོའི་ནང་གི་མི་གཟུགས་སྒུར་པོ་ནི་གོ་ལའི་ལྷོ་བྱང་མཚོན་བྱེད་ཡིན།  མགོ་བོ་བྱང་ལ་འཕོངས་རྐུབ་ལྷོ།  དབྱར་དུས་མགོ་དང་ཉི་མ་ཐག་ཉེ།  དགུན་དུས་མགོ་དང་ཉི་མ་ཐག་རིང་།

བོད་ཀྱི་དམངས་ཁྲོད་བཤད་སྲོལ་ལ།  དགུན་ཉི་ལྡོག་སྐབས་སུ་ཉི་མ་ལྷོ་ཕྱོགས་གཤིན་རྗེའི་གྲོང་ནས་འཆར་བཞིན་ཡོད་སྟབས།  དེས་ནད་ཡམས་དང་།  མུ་གེ་སོགས་འགལ་རྐྱེན་བར་ཆད་མང་པོ་ཁྱེར་ནས་ཡོང་བཞིན་ཡོད་པར་མ་ཟད།  ཉིན་དེར་ལོ་དེའི་རིང་ལ་འཆི་རེས་ལ་བབས་པའི་མི་རྣམས་ལ་གཤིན་རྗེའི་ཁྲམ་རྟགས་འདེབས་བཞིན་ཡོད་སྟབས།  འགལ་རྐྱེན་དེ་དག་ཟློག་པའི་ཆེད་དུ་ཉི་ལོག་གཏོ་ཟློག་སྣ་ཚོགས་འདོན་སྲོལ་ཡོད།  དཔེར་ན།  དགོན་པ་རྣམས་ཀྱིས་ཕུར་ཟློག་དང་ཡས་ཟོར་སོགས་ཀྱི་གཏོར་ཟློག་དང་།  གྲོང་ཆོག་པ་རྣམས་ཀྱིས་ཤེར་སྙིང་བདུད་ཟློག་དང་།  སྒྲོལ་མ་གཡུལ་མདོས་སོགས་འདོན་སྲོལ་ཡོད་པ་རེད།

དགུ་ཟུག་ཚུལ།

མཐོ་སྒང་གི་དགུན་དུས་ཀྱི་ནམ་ཟླའི་དྲོ་འཁྱག་དང་བསྟུན་ནས་ཉི་མ་བྱང་བགྲོད་ཀྱི་དུས་རིམ་ལ་དགུ་ཟུག་ཅེས་ཉིན་དགུ་རེ་བགྲང་ནས་ཉིན་གྱ་གཅིག་གི་དུས་རིམ་ཡོད། དགུ་དང་བོ་ནས་བཞི་བའི་བར་ལ་རིམ་པ་བཞིན་ཇེ་འཁྱགས་ནས་ཇེ་འཁྱགས་ལ་འགྲོ་ཞིང་། དགུ་ལྔ་བ་ནས་རིམ་བཞིན་ཇེ་དྲོར་ཡོང་བའི་བཤད་སྲོལ་ཡོད་པར་མ་ཟད་དེར་དགུ་རེ་རེའི་དྲོ་འཁྱག་གི་རྣམ་པ་མཚོན་པར་བཤད་པའི་བཤད་སྲོལ་འདི་ལྟ་སྟེ།

ཡོང་ཁུངས། ཡོངས་འཛིན་དྲ་བ་སོགས།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章