[རྗེས་དྲན] མཁས་དབང་ནོར་བྲང་ཨོ་རྒྱན་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

教育   2024-11-21 00:02   甘肃  





རྗེས་དྲན་ཡིད་ཀྱི་རླབས་ཕྲེང་།





བོད་རིག་པའི་མཁས་དབང་ནོར་བྲང་ཨོ་རྒྱན་ལགས་སྤྱི་ལོ༢༠༢༤ལོའི་ཟླ༡༡ཚེས༡༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བདུན་དང་སྐར་མ་བདུན་གྱི་སྟེང་ཡུལ་དབུས་ལྷ་ས་ནས་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུ། 

 ནོར་བྲང་ཨོ་རྒྱན། (1933-2024)

    མཁས་དབང་ཁོང་ནི1933ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གདོང་དཀར་གྲོང་ཚོའི་ཞིང་པ་འབྲིང་བའི་ཁྱིམ་ཚང་ཟངས་ལུང་པའི་ཕ་དགྲ་ལྷ་ལགས་དང་། མ་སྤེན་པ་སྒྲོལ་མ་ལགས་གཉིས་ཀྱི་བུར་སྐྱེས་ཤིང་། མིང་ལ་ཨོ་རྒྱན་ཆོས་འཕེལ་ཞེས་བཏགས། དགུང་ལོ་བདུན་ལ་སོན་སྐབས་ཕ་མས་བཀྲས་ལྷུན་ནོར་བུ་བྲང་ཁང་གི་དགེ་ཕྲུག་ལ་བསྐྱལ་ཏེ་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་མདངས་ཆེན་མི་ཚན་གྱི་སྒྲིག་གྲྭར་ཞུགས་པའི་ཆོས་མིང་ལ་བློ་བཟང་དབྱིག་གཉེན་དུ་གྲགས། དེ་ནས་བོད་ཡིག་དང་། བོད་ཀྱི་རྡེལ་རྩིས། བརྡ་དག་གི་དཔེ་ཆ་འཛིན་སྐྱོར། ཧོར་ཡིག་སོགས་ལ་སྦྱངས་བརྩོན་བྱས་ཤིང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཚན་ཞབས་པ་རྡོ་གདན་པ་དཀའ་ཆེན་ངག་དབང་ལགས་ཞུ་བ་དང་། དཀའ་ཆེན་བཟོད་པ་ལགས། དཀའ་ཆེན་པདྨ་ལགས་སོགས་མཁས་པའི་དབང་པོ་དུ་མ་བསྟེན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་མེ་ལོང་མའི་གཞུང་ཁྲིད། མངོན་བརྗོད་བཅས་རྒྱས་པར་ཞུས། 1981ལོ་ནས1994ལོ་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ལས་བསྒྱུར་གྱིས་ལས་ཀ་བྱས། དེའི་རིང1981ནས1984ལོ་བར«བོད་ལྗོངས་ཞིབ་འཇུག»བོད་ཡིག་རྩོམ་སྒྲིག་པའི་ལས་ཀ་དང་། ལས་ཞོར་དུས་སེང་དང་བསྟུན་ཏེ་ཁྲོ་རུ་མཁན་ཆེན་ཚེ་རྣམ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་དཀར་ནག་རྩིས་རིག་དང་། སྒྲ་མཚམས་སྦྱོར་ལྔ་པ། སྡེབ་སྦྱོར་རིན་འབྱུང་བཅས་ཞུས་ནས་སྐར་རྩིས་ཀྱི་སྦྱངས་འབྲས་མཚོན་ཆེད་དུ་ཁྲོ་བོ་ཞེས་པ་འབྱུང་བ་བཞི་ལྡན་ཤིང་མོ་གླང་ལོའི་ལོ་ཐོ་ཟླ་གཞོན་སྣང་བ་ཞེས་པ་ལྔ་བསྡུས་ལ་བརྟེན་པའི་ཟླ་བཤད་དང་། དུས་གཟེར། ཟླ་འཛིན་ལ་སོགས་པ་ཆ་ཚང་བ་ཤོག་གྲངས97ཡོད་པ་ཞིག་བརྩམས་པར་མཁན་ཆེན་མཆོག་ནས་ལེགས་སོའི་དབུགས་དབྱུང་ཐོབ་པ་དང་། ནཱ་ལེནྡྲའི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནས་བཤེས་སྦྲིངས་སློབ་ཁྲིད་ཞུས།
    1994ལོར་རང་ལོ་དྲུག་ཅུ་རེ་གཅིག་ཏུ་སླེབས་སྐབས་ལས་ཁྱུར་ངལ་གསོ་བྱས་ཤིང་། 1995ལོར་བོད་སྐད་ཡིག་འཛུབ་སྟོན་ཨུ་ཡོན་ལྷན་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་མཉམ་སྦྲེལ་ནས་བོད་ཡིག་གློག་རྡུལ་འཕྲུལ་འཁོར་ནང་བོད་ཡིག་གྲུབ་གཞིའི་རྒྱལ་སྤྱིའི་ཚད་གཞི་ཅན་དུ་བསྒྱུར་རྒྱུའི་ཆེད་བོད་སྐད་ཡིག་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་དབུ་འཛིན་རྒན་ཚེ་རིང་ཆོས་རྒྱལ་ལགས་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་གློག་རྡུལ་གྱི་ཕྱག་ལས་གནང་མཁན་ཉི་མ་བཀྲ་ཤིས་ལགས་དང་མཉམ་དུ་ཨ་མེ་རི་ཀ་དང་། ཧྥིན་ལན་རྒྱལ་ཁབ་ཁག་གཉིས་ལ་བསྐྱོད་དེ། བྱ་བ་དེའི་ནང་ཧུར་བརྩོན་གྱིས་ཞུགས་པར་བྱས་འབྲས་གཟེངས་སུ་ཐོན་པའི་བྱ་དགའ་ཡང་ཐོབ།
    ལས་གནས་སུ་སྡོད་སྐབས་དང་། ལས་ཁྱུར་ངལ་གསོའི་རྗེས་བཅས་སྔ་རྗེས་སུ་རྩོམ་འབྲི་གནང་བའི་བརྩམས་ཆོས་དཔེ་སྐྲུན་ཟིན་པའི་དཔེ་དེབ་ལ་མཚོན་ན། «བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ»དང་། «ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་འགྲེལ་པ་པད་དཀར་ཆུན་པོ» «བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན» རྙིང་མ་བ་དང་། བཀའ་བརྒྱུད་པ། ས་སྐྱ་པ། དགེ་ལུགས་པ། ཞ་ལུ་པ་བཅས་གྲུབ་མཐའ་ཆེན་པོ་ལྔའི་ཞལ་འདོན་ཕྱོགས་བསྒྲིགས། བོད་རིག་པའི་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་དང་མཉམ་དུ་རྩོམ་སྒྲིག་གནང་བའི«བོད་ཀྱི་ལོ་རྒྱུས་རགས་རིམ་གླེང་བ་གཡུ་ཡི་ཕྲེང་བ» «ཆོས་རྣམ་ཀུན་བཏུས»སོགས་བརྩམས་ཆོས་དེབ་གྲངས་ཉི་ཤུ་བརྒལ་བ་དང་ཡིག་འབྲུ་བྱེ་བ་གཉིས་ལ་ཉེ་བ་ཟིན་ཡོད།  
    རང་གི་བརྩམས་ཆོས་ཁག་ལ་བྱ་དགའི་གཟེངས་བསྟོད་ཐོབ་པ་ཡང་། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་དང་མཉམ་དུ་རྩོམ་སྒྲིག་གནང་བའི«བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ»ཞེས་པར1993ལོར་ཐེངས་དང་པོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་དཔེ་དེབ་དཔྱད་འདེམས་ནང་། རིམ་པ་གསུམ་པའི་བྱ་དགའ་ཐོབ་པ་དང1993ལོར་ཐེངས་དང་པོའི་རྒྱལ་ཁབ་རིམ་པའི་དཔེ་དེབ་བྱ་དགའ་ཐོབ་ཅིང་། སྤྱི་ལོ2006ལོར་ཀྲུང་གོ་བོད་རིག་པའི་དཔེ་དེབ་ཀྱི་བྱ་དགའ་མཐོ་ཤོས་ཇོ་མོ་གླང་མའི་དམིགས་བསལ་གྱི་བྱ་དགའ་ཐོབ་པ་བཅས་དང་། ཁོང་གཅིག་པུས་བརྩམས་པའི«བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན»ལ་ཐེངས་གཉིས་པའི་ཀྲུང་གོ་མི་རིགས་དཔེ་དེབ་ཀྱི་རིམ་པ་གསུམ་པའི་བྱ་དགའ་ཐོབ་པ། 1991ལོར་བོད་ཡིག་འཕྲུལ་སྤྱོད་ཀྱི་རྒྱལ་ཁབ་དང་། རྒྱལ་སྤྱིའི་ཚད་གཞི་བཅོས་པའི་ནང་བྱས་རྗེས་གཟེངས་སུ་ཐོན་པའི་མཚན་སྙན་བྱ་དགའ་ཐོབ་པ་སོགས་ཡིན། གཞན་ཡང་2000ལོར་འཛམ་གླིང་ཐོག་རིང་ཤོས་ཐང་གའི་འཛམ་གླིང་ཅི་ཉེ་སིའི་རྟགས་མ་ཐོབ་པའི་ཀྲུང་གོ་བོད་ཀྱི་རིག་གནས་ཀུན་འདུས་ཞལ་ཐང་ཆེན་མོ་གསར་བཞེངས་ཀྱི་བློ་འདོན་པའི་འགན་འཁུར་ཧུར་བསྐྱེད་བྱུང་བའི་དྲན་རྟེན་དཔང་ཡིག་བཅས་རིམ་པར་ཐོབ་ཡོད།
    ད་དུང་སྤྱི་ཚོགས་པ་ཁག་གི་ནང་ཞུགས་པའི་ཐད། སྐབས་ལྔ་པ་དང་དྲུག་པའི་བོད་ལྗོངས་ཆབ་གྲོས་ཀྱི་ཨུ་ཡོན། ཐེངས་དང་པོའི་སྐར་རྩིས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོ་དམངས་ཁྲོད་རིག་རྩལ་ཚོགས་པ་བོད་ཡན་ལག་ཚོགས་པའི་ཚོགས་མི། བོད་ལྗོངས་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་མི་བཅས་སུ་རིམ་པར་བདམས་ཐོན་བྱུང་བ་དང་།  ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་གདན་ཞུ་གནང་བའི་ཞིབ་འཇུག་པ་ཆེན་མོའི་གོ་བབ་ཀྱི་ཐོག་རང་གི་མི་ཚེའི་ལྷག་འཕྲོ་འཕྲོ་བརླག་ཏུ་མ་བཏང་བར་བོད་ཀྱི་རིག་གནས་གོང་འཕེལ་ལ་སྨན་པའི་རྩོལ་བར་ཧུར་བརྩོན་ཞུ་དང་ཞུ་བཞིན་པ་བཅས་སོ།།     
    མདོར་ན། ཁོང་གི་གསུང་རྩོམ་ལ«བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ»དང་། «ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་འགྲེལ་པ་པད་དཀར་ཆུན་པོ» «བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན» «བོད་ཀྱི་ལོ་རྒྱུས་རགས་རིིམ་གླེང་བ་གཡུ་ཡི་ཕྲེང་བ» «ཆོས་རྣམ་ཀུན་བཏུས» «རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ཡིད་ཀྱི་སྙེ་མ»སོགས་དེབ་གྲངས་ཉི་ཤུ་བརྒལ་བ་མཆིས་སོ།།         
    2024ལོའི་ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོ་ལྷ་ས་ནས་སྐུ་གཤེགས། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ།




ཕྱིར་མིག




རྗེས་དྲན།

01 རྗེས་དྲན་གྱི་གཏམ་དུག་སྦྲུལ་ནག་པོའི་སྙིང་སྟོབས།
02 ཁ་བ་སྙིང་ལྕགས་རྗེས་སུ་དྲན་པའི་གཏམ།
03 མཁས་དབང་དམུ་དགེ་བསམ་གཏན་རྗེས་སུ་དྲན་པའི་གཏམ།
04 གངས་ལྗོངས་ཁུ་བྱུག་བདུད་བྷེ་རྗེས་སུ་དྲན་པ།
05 རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཚོ་མཆོག་རྗེས་སུ་དྲན་པ།
06 ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་རྗེས་སུ་དྲན་པ།
07 རྡོ་དགོན་གསང་བདག་རྡོ་རྗེ་མཆོག་རྗེས་སུ་དྲན་པ།
08 མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་རྗེས་སུ་དྲན་པ།
09 དཔལ་དོན་གྲུབ་རྒྱལ་མཆོག་རྗེས་སུ་དྲན་པ།
10 ངང་རུང་བ་ཨ་ཁུ་འཇམ་དབྱངས་དམ་ཆོས་མཆོག་རྗེས་སུ་དྲན་པ།
11 འཇམ་མགོན་བླ་མ་རྗེ་ཙོང་ཁ་བ་མཆོག་རྗེས་སུ་དྲན་པ། ༼༡༽
12 འཇམ་མགོན་བླ་མ་རྗེ་ཙོང་ཁ་བ་མཆོག་རྗེས་སུ་དྲན་པ། ༼༢༽
13 འཇམ་མགོན་བླ་མ་རྗེ་ཙོང་ཁ་བ་མཆོག་རྗེས་སུ་དྲན་པ། ༼༣༽
14 སྙན་ངག་པ་རྩེ་སྲས་ཨ་རྡོ་ལགས་རྗེས་སུ་དྲན་པ།
15 པཎ་ཆེན་རིན་པོ་ཆེ་མཆོག་རྗེས་སུ་དྲན་པ།
16 མཁས་དབང་མཛོད་དགེ་ཉི་མ་མཆོག་རྗེས་སུ་དྲན་པ།
17 རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་རྗེས་སུ་དྲན་པ།
18 གུང་ཐང་བསྟན་པའི་དབང་ཕྱུག་མཆོག་རྗེས་སུ་དྲན་པ།
19 རྡུང་ལེན་སྒྱུ་རྩལ་པ་ཁོ་བསྟན་ལགས་རྗེས་སུ་དྲན་པ། ༼༡༽
20 རྡུང་ལེན་སྒྱུ་རྩལ་པ་ཁོ་བསྟན་ལགས་རྗེས་སུ་དྲན་པ། ༼༢༽
21 མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་རྗེས་སུ་དྲན་པ། ༼༡༽
22 དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་རྗེས་སུ་དྲན་པ། ༼༢༽
23 དྲུང་ཡིག་སྨོན་ལམ་རྒྱ་མཚོ་མཆོག་རྗེས་སུ་དྲན་པ།
24 ཁྲི་ཆེན་རབ་བརྟན་རྒྱ་མཚོ་མཆོག་རྗེས་སུ་དྲན་པ།
25 བདེ་ཁང་བསོད་ནམས་ཆོས་རྒྱལ་ལགས་སྐུ་གཤེགས་པ།
26 ཁྲི་ཆེན་གུང་ཐང་དྲུག་པ་མཆོག་རྗེས་སུ་དྲན་པ། ༼༢༽
27 ན་གཞོན་སྙན་ངག་པ་འཕྱན་བྷང་ལགས་ཚེ་ལས་འདས་པ།
28 ན་གཞོན་སྙན་ངག་པ་འཕྱན་བྷང་ལགས་རྗེས་སུ་དྲན་པ། ༼༢༽
29 བསེ་ཚང་བླ་མ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས།
30 བསེ་ཚང་བློ་བཟང་དཔལ་ལྡན་མཆོག་རྗེས་སུ་དྲན་པ། ༼༢༽
31 བསེ་ཚང་བློ་བཟང་དཔལ་ལྡན་མཆོག་རྗེས་སུ་དྲན་པ། ༼༣༽
32 དགེ་རྒན་ཆེན་མོ་བན་དེ་ཚེ་རིང་མཆོག་རྗེས་སུ་དྲན་པ།
33 ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་རྗེས་སུ་དྲན་པ། ༼༡༽
34 བློ་བཟང་རྣམ་རྒྱལ་ལུང་རིགས་སེངྒེ་མཆོག་རྗེས་སུ་དྲན་པ།
35 ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་རྗེས་སུ་དྲན་པ། ༼༢༽
36 གནས་བརྟན་ཆེན་པོ་ཐིག་ནཏ་ཧཱན་མཆོག་རྗེས་སུ་དྲན་པ། 
37 པཎ་ཆེན་བཅུ་པ་ཆེན་པོ་མཆོག་རྗེས་སུ་དྲན་པ། ༼༢༽
38 རྒྱལ་སྨན་མཁན་པོ་རྒྱ་ཡེ་ཉི་མ་མཆོག་རྗེས་སུ་དྲན་པ།
39 སྙན་སྒྲོན་པ་གྲགས་ཅན་ཕུར་བ་ལགས་རྗེས་སུ་དྲན་པ། ༼༡༽
40 སྙན་སྒྲོན་པ་གྲགས་ཅན་ཕུར་བ་ལགས་རྗེས་སུ་དྲན་པ། ༼༢༽
41 དོམ་པོ་བ་ཐུབ་བསྟན་རྒྱལ་མཚན་ལགས་རྗེས་སུ་དྲན་པ།
42 བོད་རིག་པ་སྨྲ་བ་ཁྲིན་ཆིན་དབྱིན་ལགས་རྗེས་སུ་དྲན་པ།
43 རྩོམ་པ་པོ་བྲག་གདོང་བཀྲས་གླིང་དབང་རྡོར་རྗེས་སུ་དྲན་པ།
44 བོད་ཀྱི་ལྷ་རིས་པ་བསྟན་པ་རབ་བརྟན་ལགས་རྗེས་སུ་དྲན་པ།
45 སྙན་ངག་པ་གཅན་མེ་སྟག་ལགས་རྗེས་སུ་དྲན་པ། ༼༡༽
46 སྙན་ངག་པ་གཅན་མེ་སྟག་ལགས་རྗེས་སུ་དྲན་པ། ༼༢༽
47 རྩོམ་སྒྲིག་འཁྲབ་ཁྲིད་པ་འཕགས་པ་སྐྱབས་ལ་མྱ་ངན་ཞུ།
48 གཅན་མེ་སྟག་ལགས་རྗེས་སུ་དྲན་པ། ༼པར༽
49 དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་ལགས་སྐུ་གཤེགས།
50 དགེ་རྒན་ཆེན་མོ་དབྱངས་དགའ་ལགས་སྐུ་གཤེགས།
51 བོད་ཀྱི་སློབ་གསོ་བ་གྲགས་ཅན་ཤ་བོ་ཚེ་རིང་ལགས་སྐུ་གཤེགས།
52 དགེ་རྒན་ཆེན་མོ་ཧྭ་ཁན་ལགས་སྐུ་གཤེགས།
53 གེ་སར་རིག་གནས་རྒྱུད་འཛིན་པ་རྒྱུད་སྡེ་ལགས་སྐུ་གཤེགས།
54 དབྱིག་ཀྱཱ་སྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་སྐུ་གཤེགས།

@ཡོང་ཁུངས། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས།



གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章