སྙན་ངག་བདམས་བཀོད།
01 དུས་འཁོར་དབང་ཆེན་ལ་མཇལ་བ།
རྡོ་རྗེ་སྤུན་གྲོགས་སུ་གྱུར་བའི་རས་གུར་མང་པོ།
ཀེ་ལ་ཤ་ཡི་མདོག་གིས་དེ་ཉིད་གྲུ་གཟིངས་ཤིག་ཏུ་གྱུར།
གྲུ་གཟིངས་ཀྱི་རྣ་ཡིས་སུ་ལ་གསན།
རྣ་ནི་ཡར་ཀླུང་གི་ཡིན་པས་གསན་ཤེས།
འོ་ན་མྱིག
མྱིག་ནི་ལྷ་སའི་ཡིན་པས།
ཡོད་རེད། ཡོད་རེད།
འོད་གསལ་འཚོལ་མཁན་གྱི།
གྲུ་གཟིངས་དེ།
ག་རེ་བྱས་ནས་སྒྲོལ་སོང་།
ང་རང་ཞིབ་པར་མཇལ་དགོས་པས།
ད་རེས། སུ་ཡང་ང་ལ་མ་རེག
ངས་ནི་ཧ་ཅང་ནན་ཏན་ངང་།
རྩྭ་ཀུ་ཤ་རྐང་གཅིག་པུས།
ཤམ་བྷ་ལའི་རྟ་མཆོག་ཁྲོ་བོ་ཞིག་གསོས་ནས།
ལྷིང་འཇགས་ངང་ལ་བསྡད་ཡོད།
02 བྷང་ནི་ཡག་ལས་བྱས་པའི་སྙན་ཚིག་ཅིག་མིན།
རྟ་མཆོག་བདུན་དུས་མཉམ་དུ་ཕ་རོལ་དུ་ལྕེབས།
སྔུན་མ་དེ་ཁྱོད་ཀྱི་ལག་པ་ཡི་ཚབ་ཡིན་པས།
03 གལ་ཆེ་བའི་ཕྲེང་བ།
ལྕུང་ཀ་རྣམས་ང་ལ་གལ་ཆེ་རུང་།
ཨུཏྤལ་སྔོན་པོ་རྣམས་ང་ལ་གལ་ཆེ་རུང་།
ནག་པོ་དགུ་སྦྱོར་གྱི་སྡེབས་ཁ་རྣམས་ང་ལ་གལ་ཆེ་རུང་།
04 འགྲེང་བ།
གསའ། ཁེར་རུ་ཞིག་གིས།
ཕ་ཡུལ་ནི་གཡང་གཟར་གྱི་བྲག་ལ་བརྩིགས།
ནམ་ལངས་དུས།
གཞིས་བྱེས་གཉི་ག
འཁོར་བའི་རྩེ་མོ་ལ་འགོས་འགྲོ་ཡི་འདུག
རྨི་ལམ་ནང་གི་ཁྲག་རྒོད་ཀྱི་ཆེད་དུ།
གཤམ་ལ་གློ་བུར་དུ་ལྕེབས་མཁན་དེ།
ཕོ་ཡིན་ནམ་མོ་ཡིན་གལ་མི་ཆེ།
གལ་ཆེ་བ་ནི་དུས་ཚོད་བདའ་བའི་མཛེས་པ་དེས།
ཕ་གིའི་ཡུལ་ལྗོངས་ཧྲིལ་བོ་འཁྲུགས་པར་བྱས་སོ།།
ཁྱོད་ཀྱིས་རྒྱུན་པར་གསའ་དུ་མ་མཐོང་ཐུབ་ཀྱི་ཡོད་པ་དེ།
བདེན་པ་རང་རེད། འོང་ཏེ།
བདག་གིས་གསའ་ཁེར་རུ་ཞིག་མ་གཏོགས་མཐོང་མི་ཐུབ།
གསའ། ཁེར་རུ་དེ།
ཆོས་ལུགས་དང་འབྲེལ་བ་མེད་པའི།
དྲོད་ལམ་ལམ་གྱི་ཁྲག་རྒོད་ཁོ་ན་འཚོལ་མཁན་ཞིག་ཡིན་ལ།
དེ་ཉིད་རྟག་པར་ཡ་གི་ན་འཕྱོ་བ་དང་།
བསྲན་ཚུགས་པའི་ངང་འགྲེང་ནུས་སོ།།
@རྩོམ་ཁུངས། རྔ་སྐྱ་འཕྲིན་སྟེགས།
གཉན།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།