[བསྒྱུར་རྩོམ] འབྱུང་འགྱུར་ལ་ཡིད་ཆེས་བྱོས།

教育   2024-10-24 11:04   甘肃  






བསྒྱུར་རྩོམ་མུ་ཏིག་ཕྲེང་བ།







འཐག་མཁན་གྱི་རྒྱུ་སྤུན་གྱིས་བདག་གི་སྒྱེད་རྩར་གདུང་སེམས་བྲལ་བའི་སྒོ་ཐེལ་བརྒྱབ་ཅིང་།

མེ་ཐལ་གྱི་དུ་བའི་ལྷག་ལུས་ཀྱིས་དབུལ་ཕོངས་ཀྱི་སྐྱོ་ཉམས་ལ་དབུགས་རིང་འབྱིན་བཞིན་པའི་སྐབས་སུ།

ངས་སྔར་བཞིན་ཨུ་ཚུགས་ཀྱིས་རེ་ཐག་ཆད་པའི་ཐལ་རྡུལ་སྙོམས་པོར་བཏིངས་ཏེ།

ཡིད་དུ་འོང་བའི་ཁུ་འཕངས་མེ་ཏོག་གིས་འབྱུང་འགྱུར་ལ་ཡིད་ཆེས་བྱོས་ཞེས་པ་སོར་མོའི་སྨྱུག་ཁར་བསྒྱུར།


བདག་གི་རྒུན་འབྲུམ་སྨུག་པོ་སྟོན་མཇུག་གི་ཟིལ་བར་གྱུར་ཅིང་།

བདག་གི་མེ་ཏོག་སོས་པ་སྐྱེ་བོ་གཞན་གྱི་བརྩེ་བའི་པང་ཁུག་ཏུ་སྔས་པའི་སྐབས་སུ།

ངས་སྔར་བཞིན་ཨ་འཐས་ཀྱི་ཉམས་ཀྱིས་བ་མོས་བཅོམ་པའི་འདབ་ལོ་གོག་པོ་དེས།

ཉམ་ཐག་གི་འཛིན་མའི་སྟེང་དུ་འབྱུང་འགྱུར་ལ་ཡིད་ཆེས་བྱོས་ཞེས་པ་ཡི་གེའི་གཟུགས་སུ་བཀོད།


ངས་ནམ་མཁའི་མཐའ་མཚམས་ན་འཕྱོ་བའི་གྲལ་བསྟར་རླབས་ཕྲེང་གི་མཛུབ་མོ་སྤྱད་ནས།

ངས་རྟ་བདུན་དབང་བོ་དགུང་དུ་འདེགས་པར་བཟོད་པའི་ཆུ་གཏེར་གྱི་ལག་མཐིལ་ལ་བརྟེན་ནས།

དྲོད་ཁོལ་མཛེས་སྡུག་གི་སྐྱ་མདའི་སྨྱུ་གུ་དེ་གཡོ་འགུལ་བྱེད་ཀྱིན།

ཞོ་འཐུང་བྱིས་པའི་འབྲི་རྩལ་གྱིས་འབྱུང་འགྱུར་ལ་ཡིད་ཆེས་བྱོས་ཞེས་པ་ཤར་ལེར་བྲིས།


ངས་འདི་ལྟར་བློ་བརྟན་འགྱུར་མེད་ཀྱིས་འབྱུང་འགྱུར་ལ་ཡིད་ཆེས་བྱེད་དོན་ནི།

ང་རང་མ་འོངས་པའི་མི་རྣམས་ཀྱི་འདྲེན་བྱེད་ཟུང་ལ།

ལོ་རྒྱུས་ཀྱི་འཚུབ་མའི་རྡུལ་ཁ་ལེན་པའི་རྡེབ་རྫིའི་ཚགས་མ་མངའ་ཞིང་།

ལོ་ཟླའི་རེག་ཟིག་གི་ལེའུའི་རང་བཞིན་བརྟོལ་བའི་གཟུགས་འཛིན་གྱི་རྣོ་དབལ་དང་ལྡན་པར་ཡིད་ཆེས་ཡོད་པས་ཡིན། 


མི་རྣམས་ཀྱིས་འོ་སྐོལ་རུལ་སུངས་སུ་གྱུར་པའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་གཟུགས་ཀྱི།

འཁྲུལ་ལམ་གྱིས་བསྐྱེད་པའི་སྐྱོ་སྨྲེང་དང་ཕམ་ཁས་མནར་བའི་ན་ཟུག་ལ།   

སེམས་པ་གཡོས་པའི་མཆི་མའི་དྲོད་རྒྱུན་གཏོང་ངམ་ཞེ་ནས་ཕྱུང་བའི་གདུང་སེམས་འཛིན་པ་ཡིན་ནམ།

ཡང་ན་དམའ་འབེབས་ཀྱི་ཁྲེལ་འཛུམ་སྟོན་ཞིང་ཚ་བེར་བེར་གྱི་ཟུར་ཟའི་ཁ་ཕྲུ་འདོར་རམ། 


གང་ལྟར་ང་རང་མི་རྣམས་ཀྱིས་འུ་ཅག་རྐང་མར་གྱིས་གཏམས་པའི་སྒལ་ཚིགས་ཀྱི།

བགྲང་ལས་འདས་པའི་འཚོལ་ཞིབ་ཀྱི་ལག་སྙོབ་དང་། རྨོངས་འཐོམ་གྱི་ལམ་བུ། འོབས་ལྷུང་གི་ཕམ་ཁ་དང་འོད་སྟོང་གི་རྒྱལ་ཁ་རེ་རེར།

སྤྲོ་སེམས་འཁོལ་ཞིང་དོན་དངོས་དང་བསྟུན་པ། དྲང་བོ་ཚངས་ཐིག་གི་གདེང་འཇོག་གནང་ངེས་པར་ཡིད་ཆེས་བརྟན་པོ་ཡོད།

ཡིན་ཏེ། བདག་གིས་ཁོ་ཚོའི་དཔྱད་འཇོག་ལ་རེ་སྒུག་བྱེད་བཞིན་མཆིས།


གྲོགས་པོ་ལགས། འབྱུང་འགྱུར་ལ་ཡིད་ཆེས་བརྟན་པོ་གནོངས་དང་།      

རྟག་བརྟན་ཐེར་ཟུག་གི་འབད་བརྩོན་ལ་ཡིད་ཆེས་བྱོས།         

འཆི་བདག་ལས་རྒྱལ་བར་ནུས་པའི་ལང་ཚོ་ལ་ཡིད་ཆེས་བྱོས།          

འབྱུང་འགྱུར་ལ་ཡིད་ཆེས་དང་ཚེ་སྲོག་ལ་གཅེས་འཛིན་མཛོད།


@ཡོང་ཁུངས།  ཟ་མ་ཏོག་འཕྲིན་སྟེགས།


མ་རྩོམ།


                相信未来

                             食指  


  当蜘蛛网无情地查封了我的炉台

  当灰烬的余烟叹息着贫困的悲哀

  我依然固执地铺平失望的灰烬

  用美丽的雪花写下:相信未来


  当我的紫葡萄化为深秋的露水

  当我的鲜花依偎在别人的情怀

  我依然固执地用凝霜的枯藤

  在凄凉的大地上写下:相信未来


  我要用手指那涌向天边的排浪

  我要用手掌那托住太阳的大海

  摇曳着曙光那枝温暖漂亮的笔杆

  用孩子的笔体写下:相信未来


  我之所以坚定地相信未来

  是我相信未来人们的眼睛

  她有拨开历史风尘的睫毛

  她有看透岁月篇章的瞳孔


  不管人们对于我们腐烂的皮肉

  那些迷途的惆怅、失败的苦痛

  是寄予感动的热泪、深切的同情

  还是给以轻蔑的微笑、辛辣的嘲讽


  我坚信人们对于我们的脊骨

  那无数次的探索、迷途、失败和成功

  一定会给予热情、客观、公正的评定

  是的,我焦急地等待着他们的评定


  朋友,坚定地相信未来吧

  相信不屈不挠的努力

  相信战胜死亡的年轻

  相信未来、热爱生命


 

ཕྱིར་མིག




བསྒྱུར་རྩོམ།

01 དཔྱད་དེབ«རང་བྱུང»དང«ཕྲ་ཕུང»སྟེང་སྤེལ་ཐུབ་པའི་རྩོམ་ཞིག་ཞག་ཅིག་རིང་ཇི་ལྟར་འབྲི། ཁ་སྒང་སྟག་འབུམ་རྒྱལ།
02 འབྱུང་འགྱུར་ལ་ཡིད་ཆེས་བྱོས། ཏཱ་རེ་སྐྱིད།
‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍‍

@ཡོང་ཁུངས། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས།


གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章