[འཕྲིན་གསར] ཨ་སྨྱོན་བཀྲ་དོན་གྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ།

教育   2024-10-22 00:10   甘肃  




འཕྲིན་གསར་དཔྱིད་ཀྱི་ཕོ་ཉ།






ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

གསར་འགོད་པ། སྐལ་བཟང་རྒྱལ། ནམ་མཁའ་ཚེ་རིང་།      

   ཟླ10པའི་ཚེས19ཉིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གིས་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུ“མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་འདོན་པ་དང་། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་བཟང་གི་རྩོམ་རིག་སྒྱུ་རྩལ་པ་དང་གཞི་ཁྱོན་ཆེ་བའི་རིག་གནས་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱ་དགོས”ཞེས་གསུངས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མ་འོངས་པར་བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས། སྐྱེ་ཁམས་ལ་སོགས་པའི་འཕེལ་རྒྱས་དང་འགྱུར་ལྡོག་མངོན་པར་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་ཅན་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བར་སྐུལ་སློང་བྱེད་པ་ཞིག་ཀྱང་ཡིན།  

   ཐེངས་འདིའི་དཔྱད་གླེང་ཚོགས་འདུ་རུ་དེང་རབས་བོད་ཀྱི་རྩོམ་རིག་གཤིན་ས་སྣུམ་པོའི་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་མཁན་གྱི་རྩོམ་པ་པོ་གྲགས་ཅན་དང་། རྩོམ་རིག་དཔྱད་བརྗོད་པ། སྙན་ངག་པ་བཅུ་ཕྲག་ལྷག་འདུས་ནས། ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་ལོ་ངོ་སུམ་ཅུ་ལྷག་གི་རིང་རྔུལ་ཁྲག་ལས་བཏོན་པའི་བྱས་རྗེས་ལ་དཔྱད་བརྗོད་དང་གདེང་འཇོག་གནང་། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་རྩོམ་རིག་གསར་རྩོམ་གྱི་ལས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཏེ། སྔ་གཞུག་ཏུ་སྒྲུང་གཏམ་དང་སྙན་ངག  ལྷུག་རྩོམ། དཔྱད་བརྗོད། འགྱུར་རྩོམ་སོགས་ཉིས་བརྒྱ་ལྷག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་མིག་གི་དཔྱིད་དང་རྣ་བའི་བཅུད་དུ་སྦྱིན་པར། ལས་འཕྲོ་ཀུན་གྱིས་བསྔགས་པའི་མེ་ཏོག་གཏོར་ས་དང་དགའ་བའི་མིག་དཔེ་འཛིན་ས་རུ་གྱུར་ཡོད། ཁོས་བརྩམས་པའི་སྒྲུང་གཏམ་དེབ་ལ《སྟོན་གྱི་རང་སྒྲ》དང《བློ་མང་དོན་གྲུབ》《མར་མེ་ཚེ་འབར》སོགས་འདུག་ཅིང་། སྙན་དེབ་ལ《ཟླ་བ་ལྷ་མོ》ཡོད་པར་མ་ཟད། འགྱུར་རྩོམ་དེབ་ལ《ལོ་བརྒྱའི་ཁེར་རྐྱང》དང《དུས་རྒྱུན་གྱི་འཚོ་བ》《ཤེས་རབ་འཕེལ་བའི་བསྟན་བཅོས》 《རྒྱལ་ཁབ་གསུམ་པོ་མཉམ་ལངས》 བཅས་འདུག་པ་ཡིན། དེ་དག་ལས་བརྩམས་ཆོས་མི་ཉུང་བ་ཞིག་ལ་རྒྱལ་ཡོངས་སྐབས་བདུན་པའི་གྲངས་ཉུང་མི་རིགས་རྩོམ་རིག་རྟ་མཆོག་བྱ་དགའ་དང་། སྦྲང་ཆར་རྩོམ་རིག་བྱ་དགའ་བཅས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་གང་མང་ཐོབ། ཁོས་བརྩམས་པའི་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་སོགས་བརྩམས་ཆོས་གང་ཡིན་རུང་། མིང་ཚིག་བཀོལ་བ་གནད་དུ་ཁེལ་ཞིང་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ། འཚོ་བར་ཐག་ཉེ་ཞིང་བྱུང་རིམ་ཁྱད་མཚར་ལྡན་ལ། མི་སྣའི་སྣང་བརྙན་སྒྲུབ་བཞེང་བྱས་པ་གསོན་ཉམས་དོད་པས། དུས་རབས་ཀྱི་མེ་ལོང་ཆེན་མོ་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་དང་། ལྷག་པར་བརྩམས་ཆོས་སོ་སོའི་བརྗོད་བྱ་རྒྱ་ཆེ་ཞིང་བསམ་བློ་ཡིས་ཕྱུག་པར་མ་ཟད། གསར་རྩོམ་གྱི་གནས་སྐབས་སུ། དེང་གི་དུས་ན་རྒྱུགས་ཆེ་བའི་རྩོམ་ཐབས་སྣ་ཚོགས་སྤྱད་པར་བརྟེན། སྒྱུ་རྩལ་གྱིས་འདྲེན་ཤུགས་བླ་ན་མ་མཆིས་པ་འཛོམས་ཡོད།

     ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ཟུར་པ་བསོད་ལོོས་མགོ་འཛིན་བྱས་ཤིང་། ཚོགས་ཐོག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། དེང་རབས་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་གྱིས《ཨ་ཁུ་རྣམ་རྒྱལ་དང་ཁོའི་རྣམ་རྒྱལ་ཚེ་ལོ》ཞེས་པར་དཔྱད་བརྗོད་གནང་བ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའམ་སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལགས་ཀྱིས་སྙན་དེབ《ཟླ་བ་ལྷ་མོ》ལ་དཔྱད་བརྗོད་སྤེལ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པའམ་རྩོམ་རིག་དཔྱད་བརྗོད་པ། སྙན་ངག་པ་མཚོ་སྐྱེས་ཀྱིས《གངས་ལྗོངས། རྣམ་ཤེས་ཀྱི་འཇིག་རྟེན》ལ་དཔྱད་བརྗོད་གནང་བ་དང་།  རྩོམ་རིག་དཔྱད་བརྗོད་པའམ་སྒྲུང་གཏམ་རྩོམ་པ་པོ་འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས《ཨ་མ་དང་ཙིག་མ》ལ་དཔྱད་བརྗོད་གནང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་རྩོམ་སྒྲིག་ཞུས་ཆེན་པའམ་རྩོམ་པ་པོ་རང་སྒྲས《སྤྱང་ཀི  ལུག་རྫི་དང་ཁོའི་ཆུང་མ》ལ་དཔྱད་བརྗོད་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་བརྙན་འཕྲིན་ཁང་གི་མགོ་གཙོ་ཟུར་པའམ་སྙན་ངག་པ་ཀླུ་ཚང་སྨྱུག་རྩེན་གྱིས་སྒྲུང་རིང《མར་མེ་ཚེ་འབར》ལ་དཔྱད་བརྗོད་གནང་།  དེ་མིན་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རྩོམ་པ་པོ་དང་སྙན་ངག་པ། རྩོམ་རིག་དཔྱད་བརྗོད་པ་རྒན་མཛེས་སེ་དང་། གངས་ཞུན།  རམས་ཚེ་བྷོ། འགར་སྐལ་བཟང་། སྨུག་པོ་སོགས་ཀྱིས་སྔ་གཞུག་ཏུ་ཁོའི་བརྩམས་ཆོས་གཞན་དག་ལའང་དཔྱད་འཇོག་གནང་བ་རེད།

   མཇུག་མཐར་དཔྱད་གླེང་པ་རྣམས་ཀྱིས་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་འདས་པའི་རྩོམ་རིག་བརྩམས་འབྲས་ལ་བསྔགས་བརྗོད་དང་མ་འོངས་རྩོམ་རིག་གསར་རྩོམ་ལ་སྐུལ་ལྕག་གནང་བ་འདིས་ཀྱང་། ཁོས་མུ་མཐུད་དུ་དངོས་ཡོད་འཚོ་བར་ཟབ་ཞུགས་གནང་སྟེ། སྔར་ལས་སྤུས་ཚད་མཐོ་ཞིང་། བསམ་བློའི་ཕྱུག་པ། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། སྒྱུ་རྩལ་གྱི་རིན་ཐང་མངོན་པར་མཐོ་བའི་དུས་རབས་གསར་པའི་རྩོམ་རིག་བརྩམས་ཆོས་སྤུས་ལེགས་ཅན་གང་མང་གསར་རྩོམ་བྱེད་ཐུབ་པའི་སྨོན་འདུན་ཡང་ཞུས་པ་ཡིན་ལགས།


@ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཕྱིར་མིག




འཕྲིན་གསར།

1 «རི་བོ་དེའི་ཕ་རོལ་ན»ཞེས་པའི་འགྲེམ་སྤེལ་མཛད་སྒོ།
2 ༧རྗེ་རྒྱ་ནག་པའི་གསུང་རྩོམ་འགྲེམ་སྤེལ་མཛད་སྒོ།
3 ༢༠༢༠ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་པ།
4 ཨེ་ཉི་མ་ཚེ་རིང་གི་དེབ་གསར་འགྲེམ་སྤེལ་མཛད་སྒོ།
5 སྒྲུང་ཐུང་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ།
6 «ལེགས་རྩོམ་གཅེས་བཏུས»འགྲེམ་སྤེལ་མཛད་སྒོ།
7 རེབ་གོང་རྡོ་རྗེ་མཁར་གྱི་གསུང་རྩོམ་དཔེ་སྐྲུན་བྱས།
8 རྩོམ་ཡིག་འགྲན་སྡུར་སྤེལ་བའི་གསལ་བརྡ་གལ་ཆེན་འགའ།
9 «བོད་ཀྱི་དེང་རབས་སྙན་ངག་རིང་མོ་ཕྱོགས་བསྒྲིགས»
10 «གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས»
11 «ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས»
12 «བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ།
13 «རིན་ཆེན་གཏེར་མཛོད»འགྲེམ་སྤེལ་མཛད་སྒོ།
14 «ལེགས་བཤད་ཀུན་འདུས་ཆེན་མོ»འགྲེམ་སྤེལ་མཛད་སྒོ།
15 «སྒོ་མང་གདན་རབས་ཆེན་མོ»དབུ་འབྱེད་མཛད་སྒོ།
16 «ཨལ་ཐན་རྒྱལ་པོའི་རྟོགས་བརྗོད»འགྲེམ་སྤེལ་ཚོགས་འདུ།
17 «ཤར་སྐལ་ལྡན་རྒྱ་མཚོའི་བཞུད་ལམ»གྱི་འགྲེམ་སྤེལ་མཛད་སྒོ།
18 རྒྱལ་བའི་བཀའ་འགྱུར་གསེར་བྲིས་འཛམ་གླིང་རྒྱན་གཅིག
19 «ཙོང་ཁ་རྒྱལ་རབས་ཞིབ་འཇུག»གི་འགྲེམ་སྤེལ་མཛད་སྒོ།
20 «བོད་ཀྱི་གཅེས་ཕྲུག»ཧྥ་འགྱུར་མ་པར་དུ་བསྐྲུན།
21 སྙན་ངག་པ་རྩེ་སྲས་ཨ་རྡོ་ལགས་ཀྱི་རྗེས་དྲན་ཚོགས་འདུ།
22 ༢༠༢༡ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་པ།
23 བིས་པ་མི་ཕམ་ཟླ་བའི་གསུང་འབུམ་འགྲེམ་སྤེལ་མཛད་སྒོ།
24 རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པ།
25 སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་བ་སྤེལ་བའི་གསལ་བརྡ།
26 ཅོ་ནེ་ཡུམ་ཚེ་རིང་དང་གངས་དབང་གཉིས་ལ་རྟེན་འབྲེལ་ཞུ།
27 ལོ་མགོ་མའི་འཕྲིན་མགོ་མ།
28 བདུད་ལྷ་རྒྱལ་གྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ།
29 «སྦྲང་ཆར»སྤེལ་ནས་ལོ་འཁོར༤༠འཁོར་བར་རྟེན་འབྲེལ་ཞུ།
30 «དེང་རབས་རྒྱ་ཡིག་ཚིག་མཛོད»དཔེ་སྐྲུན་བྱས།
31 ཉི་ཧོང་གི་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན།
32 སྦྲང་ཆར་རྩོམ་རིག་བྱ་དགའི་མཛད་སྒོ་ཟི་ལིང་དུ་བསྡུས།
33 ཁཱ་ཐར་འཛམ་གླིང་བུམ་པ།
34 འགྲན་རྒྱལ་བྱུང་བའི་རུ་ཁག་བཅུ་དྲུག
35 འགྲན་རྒྱལ་བྱུང་བའི་རུ་ཁག་བརྒྱད།
36 འགྲན་རྒྱལ་བྱུང་བའི་རུ་ཁག་བཞི།‍‍‍‍‍‍‍‍‍
37 འགྲན་རྒྱལ་བྱུང་བའི་རུ་ཁག་གཉིས།‍‍‍‍
38 ཁཱ་ཐར་འཛམ་གླིང་བུམ་པ་ཨ་རྗེན་ཋེན་ལ་ཐོབ།
39 དགེ་རྒན་ཆེན་མོ་དབྱངས་དགའ་དང་ཤ་བོ་ཚེ་རིང་གཉིས།‍‍‍‍‍
40 དགེ་རྒན་དམ་པ་ཧྭ་ཁན་གྱི་བུ་སློབ་དག་ལ་སྤྲིངས་པའི་ཡི་གེ།‍‍‍
41 ཀན་ལྷོའི་གླེགས་བམ་དཔེ་ཁང་གི་འཕྲིན་བཟང་།‍‍‍‍‍‍‍‍‍‍‍‍‍
42 སྐབས་ལྔ་བའི་ཇོ་མོ་གླང་མའི་བྱ་དགའ་ཐོབ་པའི་དེབ་འགའ།‍‍
43 རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་བ།
44 སྒྲོལ་དཀར་སྐྱབས་ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ།‍‍‍‍‍‍‍‍‍‍‍‍‍‍
45 སྙན་དེབ་ཟླ་བ་ལྷ་མོ་ཞེས་པའི་འགྲེམ་སྤེལ་མཛད་སྒོ།
46 ཏའོ་ལང་གི་གླུ་གཞས་སྲིན་པོའི་གླིང་དང་དྲི་ཟའི་གྲོང་ཞེས་པ།‍‍‍‍‍‍‍
47 སྙན་དེབ་རླུང་གི་ཕོ་ཉ་ཞེས་པའི་འགྲེམ་སྤེལ་མཛད་སྒོ།

@ཡོང་ཁུངས། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས།


གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章