[རེག་ཟིག] དཔེ་ཀློག་ཁྲོད་ཀྱི་ཚོར་བ་ཐན་ཐུན། | སྨྲི་ཏི་མཚན་འབར།

教育   2024-10-15 08:12   甘肃  





དཔེ་ཀློག་མྱོང་ཚོར།







   ཧང་ཁང(韩江)ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་འུར་འདྲོགས་ཀྱི་རླུང་རླབས་དང་བསྡོངས་ཏེ། དབང་རྟུལ་གྲགས་པའི་རྗེས་འབྲང་གི་ཚུལ་དུ་མོའི་བརྩམས་ཆོས«རྩི་ཤིང་ཆུང་མ»(《植物妻子》)དང«དཀར་ཟས་པ»(《素食者》)གཉིས་བཀླགས་པ་ཡིན། ཉེ་ཆར་ང་རང་གྲོགས་བཀྲ་རྒྱལ་གྱིས་འོས་སྦྱོར་གནང་བའི«ཡིད་ཆེས»(《信任》)དང་། དེ་བཞིན«ཕེ་དྷི་ལོ་པ་ལ་མོ»(《佩德罗.巴拉莫》)གཉིས་བཀླགས་ཚར་ཙམ་ཡིན་པས། དེ་གཉིས་དང་བསྡུར་ན། ཧང་ཁང་གི་སྒྲུང་གཏམ་ནི་ཀློག་བདེ་པོ་ཞེད་དྲག་བྱུང་། དེ་ལ་བསམས་ན། དེ་ནི་མོའི་ཁྱད་ཆོས་ཤིག་ཀྱང་ཡིན་ཨང་སྙམ་སྟེ། མོའི་སྒྲུང་གཏམ་ནི་བྱུང་རིམ་ལ་སྨྱུག་སྦེད་བསྐྱུང་བ། མཐོང་སྣེ་ལ་འཁྱུག་མགྲོས་ཉུང་བ། འགྲེལ་བརྗོད་ལ་བརྩེ་ཚོར་ཟབ་པ་བཅས་འདུག ཇ་ཡུན་ཙམ་དུ་ལེའུ་ལེའུ་བཀླགས་ཐུབ་ཀྱི་འདུག འདི་ནི་མྱོང་རོལ་གྱི་ཆུ་ཚད་དམའ་བའི་བདག་དང་བདག་འདྲའི་སྐལ་མཉམ་དག་ལ་མཚོན་ན་བཀའ་དྲིན་ཆེན་པོ་ཞིག་རེད། 

   དེ་དང་དུས་མཚུངས་ཁ་ཤས་གཅིག་གིས་ཚཱན་ཤུན(残雪)ལ་བྱ་དགའ་མ་ཐོབ་པའི་ཚུལ་དེ་ཟུག་རྔུ་བྱེད་བཞིན་མཆིས། མ་གཞི་ང་ལ་མཚོན་ན་ཚཱན་ཤུན་ལ་ནོ་པེལ་གཏང་རག་ཐོབ་འོས་པའི་ངེས་པ་འདྲོང་མི་ཐུབ་ལ། ཆུང་དཔེ་ཆེ་འགེབ་རེ་བྱས་ན། ནེ་པེལ་བྱ་དགའ་ནི་གཟིགས་གསོལ་གྱ་ནོམ་པ་ཞིག་ཡིན་པ་ལས་ལྟོས་མེད་བདེན་དྲང་ཞིག་ཡིན་པའི་ངེས་པ་མེད་སྙམ་པའང་ཡོང་། སྣང་ཚུལ་དེ་ནི་བྱ་དགའ་གཞན་དང་གཞན་དག་དང་། འགྲན་བསྡུར་ཡས་དང་མས་ལ་བལྟས་ཏེ་གཅིག་ཤེས་ཀུན་གྲོལ་བྱ་ཆོག་འདུག མ་གཞི་ང་རང་ཚཱན་ཤུན་གྱི་རྩོམ་ལ་དགའ་པོ་ཡོད་པ་ལས། ནོ་པེལ་རོམ་རིག་བྱ་དགའ་དང་ཚཱན་ཤུན་གཉིས་ཀྱི་ལས་འབྲེལ་དེ་བརྟགས་མི་འདོད་ལ། དེ་བས་ནོ་པེལ་རྩོམ་རིག་བྱ་དགའི་གཏད་སོ་གང་ལ་སྙེག་པ་དང་། བརྒྱུད་རིམ་ཇི་ལྟར་ཡིན་མིན་གྱི་ཤེས་བྱ་དང་ཤེས་བྱ་དེའི་རྩོམ་རིག་གསར་རྩོམ་ལ་ཚངས་ཐིག་བྱེད་པ་དང་རང་གི་གསར་རྩོམ་དུ་ལོང་བ་གླང་མཇུག་གི་ཚུལ་དུའང་གནས་མི་འདོད། ད་ཐེངས་ནོ་པེལ་རྩོམ་རིག་བྱ་ཐོབ་པའི་ཧང་ཁང་གི་རྩོམ་རིག་བསམ་བློ་ལ་ཉེ་བར་བཅར་ཚེ། དབང་པོ་རྟུལ་རྣོན་གྱིས་གོ་བ་འདྲ་མིན་བསྐྱེད་སྲིད་ལ་མཐོང་སྣེ་འདྲ་མིན་གྱིས་ལྟད་མོ་སྣ་ཚོགས་མཐོང་སྲིད། འོན་ཀྱང་། ཁོ་བོས་མོའི་རྩོམ་དག་བཀླགས་ཚར་རྗེས། བརྗོད་སྙིང་ཐད་ནས་སྐྱེས་མཆོག་རུའུ་སུའུ(卢梭)དྲན་ཡོང་ཞིང་། མཚོན་ཐབས་ཆ་ནས་ཁབ་ཁཱ(卡夫卡)ངམ་ངམ་ཤུག་ཤུག་གིས་དྲན་བྱུང་། མ་གཞི་འདི་ནི་གཅིག་བྱས་རྣམ་དཔྱོད་འཇུག་པ་ཕྲ་བའི་རྐྱེན་དུ་ཡིན་སྲིད། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད།། ཐམས་ཆད་འདྲ་བ་ཀུན་ལ་མེད་གསུངས་པ་བཞིན། ཧྲིལ་གྱིས་ཕྱོགས་སྡོམ་བྱེད་པ་དང་རིལ་གྱིས་མཐའ་སྡོམ་བྱེད་པ་ནི་བློ་རྩིངས་པའི་སྐྱོན་དུའང་མཆིས་སྲིད་མོད། ཁོ་བོའི་བློ་རྒྱ་ཁབ་གྱི་མིག་ལ་ཆུད་པ་ནི་འདི་ཙམ་འཚལ་ལོ།། 
   ཧང་ཁང་གི་སྒྲུང་གཏམ་ལ་མཚོན་ན་མིའི་ཐོབ་ཐང་ལས་འགོངས་ཏེ་རྩི་ཤིང་གནས་ཚོད་དུ་འགྱུར་བ་ནི། མིའི་རིགས་ཀྱི་སྐྱོ་གར་ལས་གཟུར་ཐབས་དང་། སྨྱོ་སྦྲིད་ཀྱི་ངོ་བོར་གནས་པ་ནི་སྐྱི་གཡའ་བའི་འཇིག་རྟེན་ལ་གདོང་གཏོད་སྟངས་ཤིག་དང་། མ་མཐའི་མིའི་ཐོབ་ཐང་དང་མིའི་ངོ་བོ་ཉིད་ལ་རྟོག་དཔྱོད་ཡང་མོ་མཛད་འདུག མ་གཞི་མིའི་ངོ་བོ་ཉིད(主体性)དཔྱོད་པའི་རིག་པ་འདིའི་རིགས་ནི་ནུབ་ཕྱོགས་མཚན་ཉིད་རིག་པ་དང་རྩོམ་རིག་བརྩམས་ཆོས་རྣམས་སུ་ཏིལ་ལ་ཏིལ་མར་ཚུལ་དུ་ཁྱབ་ཡོད་ཅིང་། ཤར་ཕྱོགས་ལའང་ནང་བསྟན་གཙོས་པའི་གཞི་ལམ་འབྲས་གསུམ་ཆ་ཚང་བ་ཡོད་པ་ཡིན། རེད་དེ། ཆོས་ལུགས་ཀྱིས་མཐར་ཐུག་གོ་འཕང་ཐོབ་བྱ་ཞིག་ཡོད་པ་ལས་མིའི་ངོ་བོ་ཉིད་ཞིབ་མོ་རྣམ་འཐག་གིས་དྲི་གཞི་ཅན་དུ་བསྒྱུར་རྒྱུ་དེ་དམིགས་ཡུལ་དུ་བཟུང་མེད་པ་དང་། ཆོས་ལུགས་དང་བསྡུར་ན་སྒྱུ་རྩལ་དང་མཚན་ཉིད་རིག་པ་གཉིས་ནི། འགྲོ་བ་མིའི་རིགས་ཀྱི་ངོ་བ་ཉིད་ལ་ལྟ་ལྟོག་མཛད་ཅིང་། འདས་མ་ད་གསུམ་ལ་མེལ་ཚེ་དང་བྱ་ར་བྱེད་པའི་སོ་ལྟའི་ཕོ་ཉ་ཞིག་གི་ཚུལ་དུ་མཆིས། རྒྱུ་མཚན་དེའི་ཕྱིར་ན། ཨ་མ་ཡིན་ཤག་ཤག་ནུ་མ་ནུ་ཤག་ཤག་གི་གཙང་སྨེའི་རྣམ་བཞག་དང་། ཕན་པ་དང་ཉེས་བྱས། ཡ་རབས་དང་མ་རབས། ཡོད་མེད་ཀྱི་ལུགས་དག་དྲི་གཞི་ཅན་དུ(问题化)བསྒྱུར་རྒྱུ་ནི་དམིགས་ཡུལ་དུ་བཅངས་པས། འགྲོ་བ་མིའི་རིགས་ཀྱི་མཛེས་དཔྱོད་ཀྱི་དེད་དཔོན་དམ་སྒྲོན་མེ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཕོ་ཉ་རུ་བསྔགས་ཆོག་པ་འདྲ། དེའང་ལོས་ཏེ། དེ་མིན་ན་ནོ་པེལ་གསོལ་རས་གྱ་ནོམ་པ་ནི་སྒྲུང་པ་ཁྱུ་ཚོགས་ལ་སྤྲོད་པའི་དགོས་པ་མེད། ཧང་ཁང་གི་རྩོམ་རིག་བརྩམས་ཆོས་དག་ཀློག་སྐབས་ངེད་ལ་འདས་སོང་ལ་ཕྱིར་དྲན་དང་མ་འོངས་ལ་མངོན་དཔག་མང་དུ་བྱེད་བཅུག་པ་མ་ཟད། དཔལ་ཡོན་གྱིས་བསྐྲུན་པའི་ཕན་ཉེས་ལ་མནོ་བསམ། འགྲོ་བ་མི་ཞེས་པ་འདི་མ་གཞི་ནས་དྲི་བའི་རང་བཞིན་ཞིག་ཡིན་པའི་ངེས་ཤེས་སྟེར་བྱུང་།རེད། ད་ཐེངས་ཧང་ཁང་གིས་རུའུ་སུའུ་དང་འདྲ་བར་མིའི་རང་བཞིན་ལས་བརྒལ་ཏེ་རང་བྱུང་ཁམས་ཆེན་མོར་བསྟིམས་པ་ནི། འགྲོ་བ་མིའི་རིགས་ཀྱི་ལོག་མལ་ཉག་ཅིག་ཡིན་མི་སྲིད་ལ་སྨྱོ་འཐོམ་གྱིས་རྣམ་པ་ཡིས་ཀྱང་འཇིག་རྟེན་སྙོམ་སྒྲིག་བྱེད་མི་ཐོབ། དེ་ནི། འགྲོ་བ་མིའི་མཛེས་དཔྱོད་རྙོག་འཛིང་ཅན་དུ་སྟོན་པའི་ཤིག་སེར་ཕེར(莎士比亚)དང་། འགྲོ་བ་མིའི་རིགས་ཀྱི་ངོ་བོ་བདེན་རྫུན་རྟོག་མཁན་ཝེད་ཐེ་ཀན་ས་ཁྲན(维特根斯坦)གཉིས་ཀྱི་དགོངས་པ་ལས་ཤེས་ཐུབ་པ་ཡིན། དེ་གཉིས་ཀྱི་ཟབ་ཅིང་རྒྱ་ཆེ་བའི་དགོངས་པ་དག་དྲན་པ་ཉེ་བར་བཞག་ཚེ། ཧང་ཁང་གི་བསམ་བློ་ལ་ཟབ་ཚད་དེ་འདྲ་ཡོད་པ་མཐོང་མ་སོང་ལ། ཚཱན་ཤུན་གྱི་རྩོམ་གྱི་གཏིང་མཐའ་ལས་ཐོད་བརྒལ་བྱས་ཏེ། མངོན་རྟོགས་མཐོ་བའི་རྣམ་པ་ཅི་ཡང་མཐོང་མ་བྱུང་། 
   དེ་དང་ཆབས་ཅིག ཧང་ཁང་གི་སྐྱེ་ཁམས་སྙེགས་པའི་བརྩམས་ཆོས་དག་མཐོང་ཚེ། གལ་པོ་ཆེ་ལ་ནན་ཏན་གྱིས་བཤད་དགོས་པ་ནི་འུ་ཚོའི་རྒན་དར་གཞོན་གསུམ་གྱི་རྩོམ་རིག་རྣམ་པ་དག་རེད། ཧང་ཁང་གི་བརྩམས་ཆོས་དག་འཇལ་ཚེ། འུ་ཅག་གི་རྩོམ་རིག་ཚིག་རྒྱན་འཐམ་ཏེ་གཏམ་རྒྱུད་འགའ་བསྒྲུགས་ཏེ། གཞན་རྗེས་འབྲང་ཀྱིན་པའི་གནས་བབས་སྐྱོ་པོ་དེ་མཐོང་ཐུབ། ཧང་ཁང་གི་རྩོམ་རྒྱུ་ལ་གཞིགས་ཚེ། མ་གཞི་བསམ་བློ་རྣལ་དུ་བབས་ན་འུ་ཅག་ལ་རྩོམ་གྱི་འབྱུང་ཁུངས་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཡོད་པའི་སྣང་བ་འབྱུང་ཏེ། བསམ་བློའི་རིག་གནས་དང་སྐྱེ་ཁམས་དམངས་སྲོལ། ལྷ་འདྲེའི་ཆོ་རབས་དག་ནི་གཞན་འདྲིང་མི་འཇོག་པ་ཡོད་པ་དེ་དེ་བཞིན་རེད། འོན་ཀྱང་། ཐོན་ཁུངས་ཇི་ལྟར་འབེལ་ནའང་དེ་དག་སྤྱོད་པའི་ཐབས་རྩལ་གྱིས་དབུལ་ནས། འུ་ཚོ་ནི་ཡི་དྭགས་རྒན་མོ་གཏེར་སྲུང་གི་གནས་སུ་ལྷུང་ཡོད་པ་འདྲ།
   དཔེ་ཀློག་གི་མྱོང་བ་ཐན་ཐུན་འདི་ནི་དུས་ཚོད་ཕྲན་ཚེགས་ཤིག་སྤྱད་དེ་བྲིས་པ་ཡིན། དམིགས་ཡུལ་ནི་རིགས་མཐུན་དག་ལ་དཔེ་ཀློག་མཉམ་སྐྱོར་གྱིས་གྲོས་འདེབས་བྱེད་པ་ཙམ་ལས་རྟོག་པ་འབུལ་བའི་རིགས་སོགས་གང་ཡང་མིན་པས་རིགས་མཐུན་དག་ལ་དུག་ལྔ་འཕེལ་བའི་རྒྱུ་རུ་མི་འགྲོ་བར་སྨོན། 


@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།


ཕྱིར་མིག




རེག་ཟིག

1 «ཟིང་ལོང་རྡེའུ་འགྲེམས»གི་དཔེ་ཀློག་ཟིན་བྲིས།

2 «རང་གྲོལ་ཞིབ་འཇུག»གི་དཔེ་ཀློག་ཟིན་བྲིས།
3 «སྡེབ་སྦྱོར་རིག་པའི་སྲོལ་འབྱེད་དབྱངས་ཅན་ངག་གི་རོལ་མཚོ»

4 སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཀྱི་མཚན་བྱང་རགས་བཏུས།
5 དཔེ་ཀློག་ཟིན་བྲིས་སྟབས་བདེ་འབྲི་ཚུལ། ༼༡༽
6 དཔེ་ཀློག་ཟིན་བྲིས་སྟབས་བདེ་འབྲི་ཚུལ། ༼༢༽
7 དཔེ་ཀློག་ཟིན་བྲིས་སྟབས་བདེ་འབྲི་ཚུལ། ༼༣༽
8 «གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད»

9 གྲོགས་པོའི་ཚོམས་ཞེས་པའི་དཔེ་ཀློག་ཟིན་བྲིས།

10 «སྐོམ་སེལ་བདུད་རྩིའི་ཆུ་རྒྱུན»གྱི་དཔེ་ཀློག་ཟིན་བྲིས།

11 «བུ་སྟོན་ཆོས་འབྱུང»ལས་བྱུང་བའི་ལོ་པཎ་གྱི་མཚན་ཐོ།

12 «ཅོ་ནེའི་བསྟན་འགྱུར་དཀར་ཆག»ལས་བྱུང་བའི་ལོ་པཎ་གྱི་མཚན་ཐོ།

13 ཏཱ་ལའི་བླ་མ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་སོགས།

14 «བརྩམས་སྒྲུང་གི་རྩོམ་ལུས་དང་དོན་བརྗོད་སྒྲིག་གཞི་ལ་དཔྱད་པ»

15 སྒྲུང་ཐུང་བསྡུས་དེབ«སྒེའུ་ཁུང་གི་ཕྱི་རོལ»བཀླགས་ཚོར།

16 འགྱན་སངས་ཀྱི«སློབ་ཆེན་གྱི་དགེ་རྒན»ཞེས་པའི་རེག་ཟིག

17 «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»གླེང་བ།

18 «འཇིག་རྟེན་བསྐྱར་བརྟགས»བཀླགས་པའི་མྱོང་ཚོར།

19 ༢༠༢༡ལོའི་དཔེ་ཀློག་ཟིན་ཐོ། ཁྱུང་ཐར་རྒྱལ།

20 «རྨི་ལམ་གྱི་དཔྱད་འགྲེལ»བཀླགས་པའི་མྱོང་ཚོར། 

21 «བོད་ཀྱི་སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཕྲེང»ངོ་སྤྲོད།

22 «ས་རུབ་ཁའི་སྙན་ངག»གི་ཕྲན་དཔྱད། སྒྲེན་པོ།

23 གཞོན་ནུ་སྙན་ངག་པ་ཁེར་བུའི་སྙན་ངག་བཀླགས་པ། སྒྲེན་པོ།

24 དོན་བརྗོད་སྙན་ངག«སྦྲང་ནག»ཅེས་པའི་ཀློག་འགྲེལ། སྒྲེན་པོ།

25 རྟོགས་བརྗོད་དག་སྣང་གི་ལུང་འདྲེན་ཚིགས་བཅད་སྐོར།

26 དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་ཚིགས་བཅད་མ།

27 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༡༽ སྒྲེན་པོ།

28 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༢༽ སྒྲེན་པོ།

29 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༣༽ སྒྲེན་པོོ།

30 དེབ་དཀར་གྱི་བར་སྐབས་ཚིགས་བཅད་སྐོར།

31 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༤༽ སྒྲེན་པོ།

32 སྙན་ངག་དང་འབྲེལ་བའི་མནོ་བསམ། ༼༥༽ སྒྲེན་པོོ།

33 «དཔའ་ལུང་རུ་མང་ཚོ་བའི་ལོ་རྒྱུས»རྩོམ་མཁན་རྣམས་ལ་ཕུལ་བ།

34 ཀླུ་སྒྲུབ་དགོངས་རྒྱན་གྱི་བར་སྐབས་ཚིགས་བཅད་སྐོར།

35 ཨུ་རུ་སུའི་རྩོམ་རིག་སྟེང་གི་རྣམ་པ་རིང་ལུགས་གླེང་བ། སྒྲེན་པོ།

36 ཚེ་རིང་རྡོ་རྗེ་དང་གླིང་སྒྲུང་སུམ་བརྒྱའི་པར་སྐྲུན་སྐོར། ‍‍‍‍‍‍‍‍

37 བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་གསེར་རིའི་འཕྲེང་བ།‍‍‍‍‍‍‍

38 སྙན་ངག་པ་ཚྭའི་སྙན་ངག་གི་བཀླགས་ཚོར། སྒྲེན་པོ།‍‍‍‍

39 མི་ཆོས་གཙང་མ་བཅུ་དྲུག་སྙིང་གི་ནོར། གཅོད་པ་དོན་གྲུབ།

40 ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་མཛད་རྣམ་ཚིགས་བཅད་མ།

41 ཀུན་གཟིགས་པཎ་ཆེེན་སྐུ་ཕྲེང་བཅུ་པའི་མཛད་འཕྲིན་རགས་བསྡུས།‍‍‍‍‍‍‍

42 ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང«གཉེན་སློང»གི་བཀླགས་ཚོར།‍‍

43 པོ་ཏི་སྨུག་ཆུང་གི་མཇུག་བྱང་ཚིགས་བཅད་མ།

44 བིས་པ་མི་ཕམ་ཟླ་བ་དང་གེ་སར་བསང་ཡིག

45 ཡུམ་ཆེན་བསོད་ནམས་སྒྲོལ་མའི་མཛད་འཕྲིན་མདོར་བསྡུས།

46 བཤེས་གཉེན་བསྟོད་ཚོགས་ཀྱི་ཁྱད་ཆོས་གླེང་བ།

47 སོན་འབྲུ་ཞེས་པའི་སྙན་ངག་གི་ཕྲན་དཔྱད། སྒྲེན་པོ།

48 «དུས་མཐའི་འཁྱམ་སྐྱོད»ཅེས་པའི་བཀླགས་ཚོར། ‍‍‍‍‍‍‍‍‍‍‍‍‍

49 «ཐོས་པ་དགའ»བཀླགས་པ། ཀྱེ་ཕུར་མཆོག་གསུམ།

50 «དབུས་ལམ་རིང་མོ»བཀླགས་པ།


@ཡོང་ཁུངས། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས།



གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章