མི་ནད་ཐམས་ཅད་ཟ་ནད་ཡིན། ཟ་འཐུང་ལ་ཡིད་གཟབ་གནང་དང་།

民生   2025-02-11 15:47   西藏  

图片

ནད་ནི་ཁ་ལས་བྱུང་བ་ཞིག་ཡིན་པས། ནད་རིགས་མང་པོ་ཞིག་དང་བཟའ་འཐུང་དབར་མེ་དང་དུ་བ་ལྟ་བུའི་འབྲེལ་བ་ཆེ། དུས་ཡུན་ལོ་22རིང་རྗེས་འདེད་ཞིབ་འཇུག་བྱས་པ་ཞིག་ལས་ཤེས་རྟོགས་བྱུང་བར།  དུས་ཡུན་རིང་པོར་གཉན་ཚད་འཕེལ་བའི་བཟའ་འཐུང་བསྟེན་མཁན་མིའི་གཟུགས་པོ་ཡོངས་ཀྱི་གཉན་ནད་ཇེ་ཆེར་འགྲོ་བ་མ་ཟད། ད་དུང་རྒན་རྒོན་གླེན་ནད་ཕོག་པའི་ཉེན་ཁ་ཡང་ལྡབ་ཀྱིས་ཆེ་བ་ཡོད་པ་རེད།

ད་འོ་ན། གང་འདྲ་ཞིག་ལ་གཉན་ནད་སློང་བའི་བཟའ་འཐུང་ཟེར་རམ། བཟའ་འཐུང་ཇི་ལྟར་བྱས་ན་གཉན་ནད་འགོས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་བམ་ཞེ་ན། གཤམ་ལ་དེའི་སྐོར་གྱི་ལུས་ཁམས་བདེ་ཐང་ཤེས་བྱར་རྒྱུས་ལོན་གནང་ཆོག


图片

གཅིག ཟ་མ་འདི་ལྟར་བཟས་ན་གླེན་ནད་ཕོག་པའི་ཉེན་ཁ་ཆེ།

རྒྱུན་ལྡན་བཟའ་འཐུང་བསྟེན་སྟངས་མི་འགྲིག་པའམ། ལྷག་པར་དུ་གཉན་ཚད་འཕེལ་བའི་བཟའ་འཐུང་བསྟེན་ན། ལུས་ཕུང་ལ་དལ་བའི་རང་བཞིན་གྱི་གཉན་ནད་འབྱུང་སླ།  ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། གཉན་ནད་ཀྱི་སྟོན་གྲངས་ཆེས་དམའ་བའི་བཟའ་འཐུང་བསྟེན་མཁན་མི་ཚོགས་དང་བསྡུར་ན། གཉན་ཚད་འཕེལ་བའི་རང་བཞིན་གྱི་སྟོན་གྲངས་མཐོ་བའི་བཟའ་འཐུང་བསྟེན་མཁན་མི་ཚོགས་ལ། རྒན་རྒོན་གླེན་ནད་ཕོག་པའི་ཉེན་ཁ་88%ཀྱིས་མཐོ་བ་ཡོད་པ་རེད།

གཉིས། གཉན་ནད་སློང་བའི་ཟས་རིགས་གང་དག་ཡིན།

མིག་སྔར་ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། གཉན་ནད་སློང་བའི་བཟའ་འཐུང་དང་ནད་རིགས་མང་པོའི་དབར་འབྲེལ་བ་ཡོད་པ་དཔེར་ན། ཤ་རྒྱགས་པ་དང་། གཅིན་པ་མངར་འགྱུར་གྱི་ནད། སྙིང་ཁམས་ཁྲག་རྩའི་ནད་རིགས་སོགས་ཡིན། བཟའ་བཅའི་གཉན་ནད་སྟོན་གྲངས་དཔྱད་བསྡུར་བྱེད་ཐབས་ལ་བལྟས་ན། གཤམ་གྱི་བཟའ་འཐུང་རིགས་6པོ་འདི་དག་ཚང་མ་གཉན་ཚད་སློང་བའི་ཟས་རིགས་ཀྱི་ཁོངས་སུ་གཏོགས་པ་ཡིན།

1. ཚད་ལས་བརྒལ་བའི་ཤ་དམར།

ཕག་ཤ་དང་། ཚགས་ཤ ལུག་ཤ་བཅས་ཤ་དམར་གྱི་ཁོངས་སུ་གཏོགས་པས། ཤ་དམར་དེ་དག་བཟས་དྲགས་ན་ལུས་པོར་གཉན་ནད་སློང་བ་མ་ཟད། ད་དུང་གཅིན་པ་མངར་འགྱུར་གྱི་ནད་རིགས་2པ་དང་། ལོང་གའི་འབྲས་སྐྲན། ཤ་རྒྱགས་པ་ཆགས་པ་བཅས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

2. ལས་སྣོན་བྱས་པའི་ཤའི་རིགས།

དཔེར་ན་དུ་བཀག་བཏང་བའི་ཤ་རིགས་དང་། ཤ་རྒྱུ་འདྲ་མིན་སོགས་བཟས་དྲགས་ན་མིའི་ལུས་ཕུང་གི་དབྱང་འགྱུར་སྐུལ་བསྟུན་ཆུ་ཚད་ཇེ་མཐོར་འགྲོ་བ་དང་གཉན་ནད་ཀྱི་འགྱུར་འབྱུང་ཐོན་སྲིད།

3. མངར་ཆ་མཐོ་བའི་བཟའ་བཅའ།

མངར་ཆ་མཐོ་བའི་བཟའ་བཅའ་ཡིས་རྒྱུ་མའི་འབུ་ཕྲའི་ཁོར་ཡུག་དཀྲུགས་ནས་དལ་བའི་རང་བཞིན་གྱི་གཉན་ནད་སློང་སྲིད།  དཔེར་ན། གཙོ་ཟས་འབྲས་གྲོ་ཞིབ་རིགས་དང་། མངར་ཚད་མཐོ་བའི་བཏུང་བྱ། སྒོ་ངའི་བག་ལེབ་སོགས་རེད།


图片


4.  ལྡོག་ཚུལ་ཞག་ཚིལ།

རྒྱུན་དུ་ལྡོག་ཚུལ་ཚིལ་སྐྱུར་འདུས་པའི་ཟས་རིགས་ཟ་ནའང་གཉན་ནད་སློང་སྲིད།  དཔེར་ན། ཞག་ཚིལ་ཆེ་བའི་ཧན་བག་དང་། ཚིལ་ཕྱེ་འདུས་པའི་འོ་ཇ། ཁུ་ཁུ་ཚིལ་ཚབ་འདུས་པའི་ཅོག་ལེ། མི་བཟོས་འོ་སྣུམ་འདུས་པའི་འོ་མའི་བག་ལེབ་སོགས་ཡིན།

5 .སྣུམ་བསྲེགས་བཟའ་བཅའ།

ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། སྣུམ་བསྲེགས་ཟས་རིགས་བཟས་དྲགས་ན་ལུས་པོའི་ནང་གི་གཉན་ཚད་མཚོན་རྟགས་དངོས་པོ་ཡང་ཇེ་ཆེར་འགྲོ་སྲིད། གང་ལགས་ཤེ་ན། ཡང་ཡང་སྣུམ་བསྲེགས་བྱས་པའི་ཟས་རིགས་ནང་དུ་ཚད་ལོན་ཚིལ་སྐྱུར་འབོར་ཆེན་འདུས་ཡོད་ལ། དེས་མ་ཟད་དྲོད་ཚད་མཐོ་བའི་སྣུམ་བཙོས་གོ་རིམ་ཁྲོད་ལྡོག་ཚུལ་ཚིལ་སྐྱུར་མང་པོ་འབྱུང་སྲིད་པས་ཡིན།

6 .ཆང་བཅུད།

ཆང་བཅུད་ལ་ཡང་གཉན་ནད་སློང་བའི་ནུས་པ་ངེས་ཅན་ཞིག་ལྡན་ཡོད། གཞན་ཡང་རྒྱུན་ལྡན་གྱི་བཟའ་འཐུང་ཁྲོད་ལུགས་དང་མི་མཐུན་པའི་གཙོ་ཟས་བསྟེན་རྒྱུ་མེད་ཅིང་།   བཟའ་བཅའ་གང་ཡིན་ཡང་ལུགས་མཐུན་ངང་སྡེབ་སྦྱོར་བྱེད་པར་དོ་སྣང་བྱེད་དགོས།


གསུམ། གཉན་ནད་འགོག་པའི་ཟས་རིགས་གང་དག་ཡོད།

རིམས་འགོག་ནུས་པ་ལེགས་སུ་གཏོང་བ་དང་། ལུས་པོའི་གཉན་ནད་ཀྱི་ཆུ་ཚད་ཇེ་དམའ་རུ་གཏོང་འདོད་ན། གཉན་ཚད་འགོག་པའི་ཟས་རིགས་མང་ཙམ་བཟའ་དགོས།

1. སྔོ་ཚལ་དང་ཤིང་འབྲས་མང་ཙམ་བཟའ་དགོས།

ཉིན་ལྟར་ཚོས་གཞི་མི་འདྲ་བའི་སྔོ་ཚལ་དང་ཤིང་འབྲས་མང་ཙམ་བཟའ་དགོས་པ་སྟེ། དཔེར་ན། སྔོ་ཚལ་ལ་ཆ་བཞག་ན། ལོ་སྒོར་པད་ཚལ་དང་། ཀན་ལན། ཀོ་ཕིག་ལྗང་ཁུ་སོགས་དང་། ཤིང་འབྲས་ལ་ཆ་བཞག་ན། འབྲུ་སེའུ་སྔོན་པོ་དང་། འབྲི་ཏ་ས་འཛིན། སེའུ་སོགས་ཡིན།

2. ཚི་སྣ་འདུས་པའི་ཟས་རིགས་མང་ཙམ་བཟའ་དགོས།

དཔེར་ན། སྲན་མའི་ཐོན་རྫས་དང་། གྲོ། ནས། བྲ་བོ། མ་རྨོས་ལོ་ཏོག་སོགས་ཟས་རིགས་སྣ་འཛོམས་བཟའ་དགོས་པ་དེ་དག་གིས་ཟས་རིགས་གཙོ་བོའི་1/3ནས་1/2བར་སླེབས་གང་ཐུབ་བྱེད་དགོས།

3. ω-3རིགས་ཀྱི་ཚིལ་སྐྱུར་བསྡུ་ལེན་མང་དུ་གཏོང་དགོས།

ཉ་ཤ་དང་བྱ་ཤ  ཤ་སྨིའི་ཤ་ལ་སོགས་པ་ཤ་དཀར་རིགས་མང་ཙམ་ཟོས་ན་གཉན་ནད་འགོག་ཐུབ་པས། གཟའ་འཁོར་རེར་ཉུང་མཐར་ཡང་ཐེངས་2ནས་3བར་བཟའ་དགོས། ཤ་དཀར་རིགས་ཕུད་ཤིང་ཏོག་སྐམ་པོ་ཡང་ω-3རིགས་ཀྱི་ཚིལ་སྐྱུར་གྱི་འབྱུང་ཁུངས་ཡིན་པས། ཉིན་རེར་ཁེ་10ནས་15ཡས་མས་བཟའ་དགོས།


图片


4. ཁ་ལག་ནང་དྲི་ཞིམ་སྨན་སྣ་མང་ཙམ་རྒྱག་དགོས།

ཁ་ལག་གཡོས་སྦྱོར་བྱེད་སྐབས་ལི་ཤི་(丁香)དང་། སྒ་སེར། ཙོང་། སྒོག་པ། ཀེ་ཤུན་སོགས་ཀྱི་བྲོ་རྫས་མང་ཙམ་རྒྱག་དགོས། ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། སྨན་སྣ་དེ་དག་ལ་གཉན་ནད་འགོག་པ་དང་ཚོར་ལྷག་འགོག་པའི་ནུས་པ་ལྡན་པ་མ་ཟད། ཐ་ན་ཡུན་རིང་ཟོས་ན་ཚེ་ཐག་རིང་དུ་གཏོང་ཐུབ།

གཞན་ཡང་། གཉན་ནད་འགོག་པར་ཉིན་ལྟར་འོས་འཚམ་གྱི་ལུས་སྦྱོང་བྱེད་དགོས་པ་དང་། སྤྲོ་སྣང་བག་ཕེབས་ཀྱི་སེམས་ཁམས་རྒྱུན་འཁྱོངས་བྱེད་དགོས་པ། གཉིད་ཡག་པོ་ཉལ་དགོས་པ། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་དགོས་པ། ཆང་རག་དང་ཐ་མག་ཚོད་མེད་སྤྱོད་པའི་གོམས་གཤིས་ངན་པ་དོར་དགོས་པ། དུས་བཀག་བཞིན་སྨན་ཁང་ལ་བསྐྱོད་ནས་གཟུགས་པོར་བརྟག་དཔྱད་བྱེད་དགོས་པ་སོགས་ཟས་སྤྱོད་སྤང་བླང་གི་ཐབས་ཤེས་སྣ་ཚོགས་ལྡན་ཡོད་དོ། ། 


图片

图片

图片

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章