ཐལ་རལ་ཚུབ་ཚུབ། རྔུལ་ཆུ་ཁྲུམ་ཁྲུམ།

民生   2025-01-22 12:32   西藏  

དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་པའི་རྐྱེན་གྱིས་ལྷ་རྩེ་རྫོང་གི་ཤང་གྲོང་ཁག་གཅིག་ལ་ཡང་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད། དཀའ་ཚེགས་ཀྱི་དུས་སྐབས་དེར། ས་དགའ་རྫོང་ཨུད་ཀྱིས་ལྷ་རྩེ་རྫོང་ལ་ཏང་ཡོན་20ལས་གྲུབ་པའི་ཡོམ་འགོག་གེགས་སེལ་གྱི་རོགས་སྐྱོར་རུ་ཁག་གཅིག་སྒྲིག་འཛུགས་བྱས་པ་དང་། ཁོ་ཚོ་ཚེས་13ཉིན་ལྷ་རྩེ་རྫོང་གྲོང་དུ་འབྱོར་རྗེས་མྱུར་དུ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ཞུགས་པ་རེད། ཁོ་ཚོའི་ལས་ཀ་གཙོ་བོ་ནི་ལྷ་རྩེ་རྫོང་གི་བླང་བྱ་ལྟར་ཕོ་ཁེབས་དང་། ཉལ་ཁྲི་ལྟེབ་མ། འབྲས། གྲོ་ཞིབ། ཤིང་ཏོག་སོགས་གེགས་སེལ་དངོས་ཟོག་འབེབས་བླུགས་བྱ་རྒྱུ་དེ་རེད།  
མིག་སྔའི་བར་ཁོ་ཚོས་འདྲུད་འཁོར་14དངོས་ཟོག་ཕབ་ཡོད་པ་དང་། འདྲུད་འཁོར་24དང་ཟོག་འཁོར་ཆུང་གྲས་62ཀྱི་དངོས་ཟོག་བླུགས་ཡོད་པ་རེད།


驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章