བུ་མོ་ཁོ་ཚོ། ཤ་སྐམ་དུ་གཏོང་བའི་སྨན་ལ་ཡིད་ཆེས་མ་བྱེད་ལ།

民生   2025-01-29 09:00   西藏  

ཉེ་ཆར། ཅི་ནན་གནམ་ཐང་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་མཚམས་ནས་ཡོང་བའི་གནམ་གྲུའི་རྡོག་ཁྲེས་ནང་གི་དངོས་རྫས་ལ་ཞིབ་བཤེར་བྱེད་སྐབས། ཤ་སྐམ་དུ་གཏོང་བའི་སྨན་660རྩད་ཆོད་ཡོད་པ་རེད། ས་ཡུལ་དངོས་སུ་མགྱོགས་མྱུར་བརྟག་དཔྱད་བྱས་པ་བརྒྱུད། སྨན་དེའི་གྲུབ་ཆ་ནི་甲基安非他明ཞེས་པ་དེ་ཡིན།

甲基安非他明ཞེས་པ་དེ་ནི་ནུས་པ་ཆེ་བའི་ལྟེ་བའི་དབང་རྩའི་མ་ལག་གི་སྤྲོ་སྐྱེད་སྨན་རྫས་ཤིག་ཡིན་ཞིང་། དེ་འཁྱགས་དུག་(冰毒)གི་ནུས་ལྡན་གྲུབ་ཆ་ཞིག་ཡིན་པས། སེམས་ཁམས་སྨན་རྫས་རིགས་དང་པོའི་གྲས་སུ་བཞག་ཡོད་ལ། དེར་དབྱིངས་ཞུགས་པའི་ནུས་པ་ཆེན་པོ་ལྡན་ཡོད། སྨན་རྫས་དེ་རིགས་ཀྱིས་སེམས་ཁམས་སྨན་རྫས་ཀྱི་གྲུབ་ཆ་སྤྱད་ནས་ཟས་ཀྱི་དང་ག་ཚོད་འཛིན་བྱས་ཏེ་ཤ་སྐམ་དུ་གཏོང་བའི་ཕན་འབྲས་ཐོན་པ་བྱེད་ཀྱི་ཡོད།

མིག་སྔར་འགག་སྒོའི་ལས་ཁུངས་ཀྱིས་སྨན་འདི་ཚོ་ཁྲིམས་ལྟར་གནས་སྐབས་གཞུང་བཞེས་བཏང་ཡོད་པ་རེད།  

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章