སྤྱི་ཚེས་༢༣ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་ཚོ་སྨན་བཅོས་བྱ་རྒྱུར་སྟབས་བདེ་བསྐྲུན་ཆེད་དང་། སྨན་བཅོས་ཞབས་ཞུའི་རྨང་གཞིའི་རང་བཞིན་དང་འདེགས་སྐྱོར་རང་བཞིན་ལེགས་སུ་གཏོང་ཆེད། སྨན་ཁང་དེས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་པ་བརྒྱུད། ད་ལྟ་གཟའ་མཇུག་གི་སྒོ་བསྟེན་སྨན་ཁང་གི་ལས་ཀའི་དུས་ཚོད་ལེགས་སྒྲིག་བྱ་རྒྱུ་གཤམ་གསལ།
12月23日,记者从拉萨市人民医院获悉,为进一步提升患者就医体验改善医疗服务的基础性和支撑性,现结合该院实际情况调整周末门诊工作时间。
༢༠༢༥ལོའི་ཟླ་༡ཚེས་༡ཉིན་ནས་བཟུང་། དེ་སྔོན་གཟའ་ཉི་མའི་ཉིན་ཕྱེད་སྨན་བཅོས་བྱེད་མཚམས་འཇོག་རྒྱུ་དང་། གཟའ་སྤེན་པ་ཉིན་གང་སྨན་བཅོས་བྱ་རྒྱུ་ཡིན།
ཞིབ་འཕྲའི་དུས་ཚོད་གཤམ་གསལ་ཏེ།
དགུན་དུས། སྔ་དྲོའི་ཆུ་ཚོད་༩དང་ཕྱེད་ཀ་ནས་ཉིན་གུང་ཆུ་ཚོད་༡པོའི་བར་དང་།
ཕྱི་དྲོའི་ཆུ་ཚོད་༣དང་ཕྱེད་ཀ་ནས་༦པའི་བར།
དབྱར་དུས། སྔ་དྲོའི་ཆུ་ཚོད་༩པ་ནས་ཉིན་གུང་ཆུ་ཚོད་༡༢དང་ཕྱེད་ཀའི་བར་དང་། ཕྱི་དྲོའི་ཆུ་ཚོད་༣དང་ཕྱེད་ཀ་ནས་༦པའི་བར།
自2025年1月1日起
原周日上午半天门诊
暂停开诊
原周六上午半天门诊
调整为全天开放
开放时间
冬季:上午09:30–13:00,下午15:30–18:00;
夏季:上午09:00–12:30,下午15:30–18:00。
གཟའ་སྤེན་པའི་སྒོ་བསྟེན་ཚན་ཁག་ཁག
འཇུ་བྱེད་ཁོག་ནད་ཚན་ཁག་དང་། སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག སྐྲན་ནད་ཚན་ཁག དབང་རྩའི་ཁོག་ནད་ཚན་ཁག ཀུན་བཅོས་ཚན་ཁག རུས་ནད་ཚན་ཁག བྱིས་པའི་ཚན་ཁག བུད་མེད་དང་བུ་བཙའི་ཚན་ཁག མིག་ནད་ཚན་ཁག མཁལ་མའི་ཚན་ཁག ཁྲག་བཤེར་ཚན་ཁག གསང་རྒྱུད་ཟགས་གཤེར་ཚན་ཁག འབྱིན་རྔུབ་ཚན་ཁག རྣ་བ་དང་སྣ། མིད་པའི་ཚན་ཁག གཅིན་ཟགས་ཚན་ཁག འདུས་འདྲིལ་ཚན་ཁག དངོས་བཅོས་ཚན་ཁག པགས་ནད་ཚན་ཁག སེམས་ཁམས་ཚན་ཁག དམིགས་བསལ་གྱི་སྒོ་བསྟེན་སྨན་ཁང་།
周六全天门诊科室:消化内科、心血管内科、肿瘤科、神经内科、全科、骨外科、普外科、儿科、妇产科、眼科、肾内科、血透门诊、内分泌科、呼吸科、耳鼻喉科、泌尿外科、结核科、理疗科、皮肤科、精神科、特殊门诊。
དུས་ཆེན་དང་ངལ་གསོའི་སྐབས་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་བྱེད་པའི་དུས་ཚོད་དང་སྨན་བཅོས་ཚན་ཁག་དེ་སྨན་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་གཞིར་བཟུང་དགོས། སྒོ་བསྟེན་སྨན་ཁང་གི་ངལ་གསོའི་རིང་སྨན་བཅོས་བྱ་དགོས་ཚེ། འཕྲལ་བཅོས་ཚན་ཁག་ཏུ་སྨན་བཅོས་བྱེད་པར་སྐྱོད་ཆོག་པ་དང་། འཕྲལ་བཅོས་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་གིས་ཆུ་ཚོད་༢༤ཡི་རིང་སྨན་བཅོས་ཞབས་ཞུ་བསྒྲུབ་ཀྱི་ཡོད།
节假日门诊开诊出诊时间及出诊科室以医院公布的信息为准。在门诊工作时间外有就诊需求的,可于该院急诊科就诊,急诊及发热门诊提供24小时诊疗服务。
ལྷན་རྒྱས་ནས་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་བྱེད་པའི་དུས་ཚོད་དང་ཚན་ཁག་ལེགས་སྒྲིག་གི་གནས་ཚུལ་ལ་དོ་སྣང་བྱས་ཏེ། སྔོན་ཚུད་ནས་བཀོད་སྒྲིག་ཡག་པོ་བྱ་དགོས་པ་དང་། ཕྱིར་སྐྱོད་ཀྱི་བདེ་འཇགས་ལ་དོ་སྣང་བྱ་དགོས། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་བཅོས་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་བདེ་འཇགས་དང་། སྟབས་བདེ། ནུས་ཆེ་བཅས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
请留意门诊开诊时间及科室调整情况,提前做好就诊安排,注意出行安全。拉萨市人民医院将持续提升医疗服务质量,提供安全、便捷、高效的医疗服务。