ཤུགས་རྒྱོབ། ཁྱེད་ཚོ་གསུམ་ནི་ང་ཚོའི་སྤོབས་པ་ཡིན།

民生   2025-02-07 18:11   西藏  

    ཟླ་2ཚེས་7ནས་ཚེས་14ཉིན་བར། 2025ལོའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་ཞིང་། རང་ལྗོངས་ཀྱི་ལུས་རྩལ་པ་ཚེ་རིང་དགྲ་འདུལ་དང་། བསོད་ནམས་ཆོས་སྒྲོན། ཚེ་བརྟན་གཡུ་སྒྲོན་བཅས་འགྲན་བསྡུར་ནང་ཞུགས་མཁན་རེད་འདུག 

图片

2025ལོའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་བཀྲ་ཤིས་ནོར་གཡང་པིན་པིན(གཡོན)དང་ཉི་ཉི(གཡས)


    ཤེས་རྟོགས་བྱུང་བར་གཞིགས་ན། ཚེ་རིང་དགྲ་འདུལ་ཟླ་2ཚེས་8དང་ཚེས་12ཉིན་རི་ཀླུང་གངས་ཤུད་ཀྱི་སྐྱེས་པའི་མི་སྒེར་གྱི་ཐག་ཐུང་འགྲན་བསྡུར་དང་། སྐྱེས་པའི་སྤྱི་ལེ་4×7.5ཡི་མཐུད་རྒྱུག་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་། བསོད་ནམས་ཆོས་སྒྲོན་དང་ཚེ་བརྟན་གཡུ་སྒྲོན་ཟླ་2ཚེས་9དང་ཚེས་12ཉིན་གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་འགྲན་བསྡུར་དང་མཉམ་རྒྱུག་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

图片

ཚེ་རིང་དགྲ་འདུལ་གྱིས་འགྲན་བསྡུར་བྱེད་བཞིན་པ།(དཔྱད་གཞིའི་པར་རིས)

图片

བསོད་ནམས་ཆོས་སྒྲོན་གྱིས་འགྲན་བསྡུར་བྱེད་བཞིན་པ།(དཔྱད་གཞིའི་པར་རིས)

图片

ཚེ་བརྟན་གཡུ་སྒྲོན་གྱིས་འགྲན་བསྡུར་བྱེད་བཞིན་པ།(དཔྱད་གཞིའི་པར་རིས)
图片

图片

图片

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章