འདི་འདྲའི་མཛེས་པ་ལ། རྨི་ལམ་གྱི་ཞིང་ཁམས་ཤིག་དང་གཉིས་སུ་མ་མཆིས།

民生   2025-01-02 20:59   西藏  


ཉེ་ཆར། དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོ་ནས་གསར་དུ་འཁྱགས་ཕུག་ཆེ་གྲས་ཤིག་རྙེད་ཅིང་། འདི་ནི་ན་ནིང་ཟླ་3པར་ས་ཁོངས་དེ་ནས་འཁྱགས་ཕུག་ཆེ་གྲས་ཤིག་རྙེད་རྗེས་སླར་ཡང་རྙེད་པའི་འཁྱགས་ཕུག་གཞན་ཞིག་ཡིན་པ་དང་ས་གནས་དེ་གའི་མང་ཚོགས་ཀྱིས་དེར“ཕུ་ཡུལ་འཁྱགས་ཕུག”ཅེས་འབོད་ཀྱི་ཡོད།


    རྩད་ཞིབ་ཐིག་ལེན་རགས་ཙམ་བྱས་པ་བརྒྱུད། འཁྱགས་ཕུག་དེའི་གཏིང་ཚད་སྨི་152ཙམ་དང་། ཞེང་ཚད་སྨི་18.2ཙམ། མཐོ་ཚད་སྨི་6.6ཙམ་བཅས་ཟིན་ཡོད། སྤྱི་ཡོངས་གཞུ་དབྱིབས་ཀྱི་རྣམ་པ་ལྟ་བུར་མངོན་པ་དང་། ཕུག་པའི་ལྡེབས་ངོས་དྭངས་ཤིང་གསལ་བ། འཁྱགས་རོམ་གྱི་བཟོ་ལྟ་འདྲ་མིན་སྣ་ཚོགས་ཡོད་ཅིང་། ཉི་འོད་ཀྱི་འོག་ཏུ་འོད་མདངས་སྔོན་པོ་ཞིག་རབ་ཏུ་འཕྲོས་ཏེ་རྨི་ལམ་གྱི་ཞིང་ཁམས་ཤིག་ཏུ་སླེབས་པ་དང་གཉིས་སུ་མ་མཆིས།


    འཁྱགས་ཕུག་དེ་མི་རིང་བའི་གོང་གསར་དུ་རྙེད་པའི་གུང་དཀར་འཁྱགས་ཕུག་སྔོན་པོ་དང་བར་ཐག་སྨི་50ལས་མེད།   འཁྱགས་ཕུག་དེ་གཉིས་ཀྱིས་དཔལ་འབར་རྫོང་གི་རང་བྱུང་ཡུལ་ལྗོངས་ལ་བཀྲག་མདངས་འཚེར་ས་གསར་པ་ཞིག་བསྣན་ཡོད་ལ། བོད་ཀྱི་འཁྱགས་རོམ་ཞིབ་འཇུག་ཐད་ལའང་དཔྱད་གཞི་གསར་པ་ཞིག་མཁོ་འདོན་བྱས་པ་དང་ཆབས་ཅིག ཡུལ་སྐོར་ལ་དགའ་མཁན་ཚོར་འཚོལ་ཞིབ་ཀྱི་ཁ་ཕྱོགས་གསར་པ་ཞིག་བྱུང་ཡོད།


驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章